དྲི་བ། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པར་ངེས་པར་དུ་ཚང་དགོས་པ་བདུན་གང་ཡིན་ནམ།
དྲིས་ལན། ①ཏེང་ཞའོ་ཕིང་གི་རིཌ་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། སྣོད་བཅུད་སྲུང་སྐྱོང་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དང་། ②ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱས་ཏེ་ལས་ཀའི་འཐབ་ཇུས་རང་བཞིན་དང་། སྔོན་དཔག་རང་བཞིན། རང་འགུལ་རང་བཞིན་བཅས་ཆེ་རུ་གཏོང་དགོས་པ། ③ངེས་པར་དུ་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་བོད་ཀྱི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ནས་ཐོག་མཐའ་བར་གསུམ་དུ་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བྱེད་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ། ④ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་དཀའ་སྤྱད་འབད་འཐབ་ཟུང་འབྲེལ་དམ་ཟབ་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་པ། ⑤ངེས་པར་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལྡོག་མེད་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཡུན་རིང་གཏིང་ཟབ་བྱེད་དགོས་པ།
⑥ངེས་པར་དུ་མི་སེམས་གཅིག་ཏུ་སྒྲིལ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་མི་རིགས་དང་ཆོས་ལུགས་ལས་དོན་ཏན་ཏན་ཏིག་ཏིག་ངང་ལེགས་པར་སྒྲུབ་དགོས་པ། ⑦ངེས་པར་དུ་རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་དང་། གཞི་རིམ་རྩ་འཛུགས། ཏང་ཡོན་དཔུང་ཁག་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་རྩ་འཛུགས་ཀྱི་གསར་གཏོད་ཀྱི་ནུས་པ་དང་། གོང་བུ་སྒྲིལ་ཤུགས། དམག་འཐབ་ཀྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་རེད།
དྲི་བ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཐོང་ཆེན་བྱེད་དགོས་པ་བདུན་གང་ཡིན་ནམ།
དྲིས་ལན། ①ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་དེ་བས་མཐོང་ཆེན་དང་། ②དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་དེ་བས་མཐོང་ཆེན། ③རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་རྒྱུར་དེ་བས་མཐོང་ཆེན། ④གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་ཆ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དེ་བས་མཐོང་ཆེན། ⑤ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་དེ་བས་མཐོང་ཆེན། ⑥ནང་ས་དང་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་དེ་བས་མཐོང་ཆེན། ⑦དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒྲིག་གཞི་དང་ལམ་སྲོལ་འཛུགས་རྒྱུར་དེ་བས་མཐོང་ཆེན་བཅས་བྱེད་དགོས་པ་དེ་རེད།