དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་བོད་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་མུ་མཐུད་གོང་དུ་སྤེལ་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཟླ་1ཚེས་8ཉིན་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཚོགས་འདུ་ཐེངས་གསུམ་པའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་སངས་དོན་གྲུབ་ཀྱིས་སྲིད་གྲོས་རྒྱུན་ཨུད་ཀྱི་ལས་དོན་སྙན་སྒྲོན་གནང་བ།

        ཨུ་ཡོན་རྣམ་པ།

        ངས་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་ཞུ།

        གཅིག 2009ལོའི་ལས་ཀར་ཕྱི་མིག་བལྟ་བ།

        ན་ནིང་ནི་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60 འཁོར་བ་དང་། རྒྱལ་ཡོངས་སྲིད་གྲོས་དབུ་བཪྙེས་ནས་ལོ་60 འཁོར་བ། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་50 འཁོར་བ་དང་བོད་ལྗོངས་སྲིད་གྲོས་དབུ་བཪྙེས་ནས་ལོ་50 འཁོར་བ་བཅས་ཀྱི་རྟེན་འབྲེལ་ཆེ་མོའི་ལོ་ཞིག་རེད། ལོ་གཅིག་གི་རིང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་ལྗོངས་སྲིད་གྲོས་ལས་དོན་གྱི་སྤྱིའི་བཀོད་སྒྲིག་དང་བླང་བྱར་སྲུང་བརྩི་ཞུས་ནས་གཙོ་གནད་དམ་བཟུང་བྱེད་པ་དང་། ཁྱད་ཆོས་འབུར་དུ་ཐོན་པ། འགན་འཁྲི་གཙང་སྒྲུབ་བྱེད་པ། ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་རང་ལྗོངས་གོང་འཕེལ་དང་བརྟན་ལྷིང་ཡོང་བར་ལེགས་སྐྱེས་ཕུལ་ཡོད།

        (གཅིག )སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་བསམ་བློར་དྲག་ཆས་སྤྲས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད།

        རྒྱུན་ལས་ཨུ་ལྷན་གྱིས་སློབ་སྦྱོང་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་བ་དང་། རང་ལྗོངས་སྲིད་གྲོས་ཀྱི་ཆབ་སྲིད་བསམ་བློ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ཐོག ང་ཚོས་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་བཞག་ནས་དུས་རབས་འཕེལ་ཕྱོགས་དང་བསྟུན་པ་དང་སྲིད་གྲོས་ཀྱི་ཁྱད་ཆོས་མངོན་ཆེར་བཏོན་ཞིང་། རྒྱུན་ཨུད་ཀྱི་ཚོགས་འདུ་དང་། ཀྲུའུ་ཞིའི་ཚོགས་འདུ། ཨུ་ཡོན་གྱི་སློབ་སྦྱོང་སོགས་ལ་བརྟེན་ནས་རྣམ་པ་འདྲ་མིན་གྱི་སློབ་སྦྱོང་བྱེད་སྒོ་སྤེལ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་སློབ་སྦྱོང་ཞིབ་ཚགས་བྱས་པ་དང་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ་བཅས་ཀྱི་སེམས་ཤུགས་ཆེ་རུ་སོང་བ་མ་ཟད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གཏོང་བའི་འགྲོ་ལམ་ཐོག་བསྐྱོད་རྒྱུའི་ཆོད་སེམས་ཀྱང་བརྟན་དུ་སོང་ཡོད། ཀྲུང་གུང་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཞི་པ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་དྲུག་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་དེ་ལེགས་སུ་གཏོང་རྒྱུའི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། གལ་ཆེའི་བྱ་ཐབས་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། བླང་བྱ་གསར་པ་བཅས་སྟངས་འཛིན་ཡག་པོ་བྱས་སྟབས་མི་དམངས་སྲིད་གྲོས་ཀྱིས་དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་དང་དེ་ལེགས་སུ་གཏོང་རྒྱུར་ཞབས་འདེགས་ཞུ་རྒྱུ་དང་སྲིད་གྲོས་རང་ངོས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་གོང་དུ་སྤེལ་རྒྱུའི་བླང་བྱ་ཁ་གསལ་བྱུང་ཡོད། ཏང་གི་སྲིད་གྲོས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས་དང་རྩ་དོན་སློབ་སྦྱོང་ཞིབ་ཚགས་བྱས་པ་དང་། ཀྲུང་དབྱང་གི “ཡིག་ཆ་ཨང་5 པ ”གཉིས་དང་། ལྗོངས་ཏང་ཨུད་ཀྱི “ལག་བསྟར་བསམ་འཆར ”དང 《སྲིད་གྲོས་སྒྲིག་ཡིག 》སློབ་སྦྱོང་ཡང་ཡང་བྱས་པ། ན་ནིང་གི་ལོ་ཤར་ཚུན་དུ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་གཙོ་བོས་སྲིད་གྲོས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་གལ་ཆེའི་ཚོགས་འདུ་དང་གལ་ཆེའི་རྟེན་འབྲེལ་བྱེད་སྒོའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པར་བརྟེན་ཏང་གི་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས་དང་རྩ་དོན་བཅས་མི་སེམས་སུ་རིམ་པས་ཟུག་ཅིང་། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་བྱས་སྲིད་གྲོས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གཟི་བརྗིད་ཀྱི་བསམ་པ་དང་། ལས་སྐལ་སྒྲུབ་སེམས། འགན་འཁྲི་འཁུར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་ལག་བསྟར་བྱས་པ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བ། འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་ལེགས་བཅོས་ཀྱི་ལོ་དང “ལས་བྱེད་པ་སྟོང་ཕྲག ”གྲོང་ཚོ་བརྒྱར་བསྐྱོད་དེ ‘རོགས་རམ་གཉིས ’བྱེད་པ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བར་བརྟེན་བྱེད་སྒོའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་སོང་བ་དང་། བྱེད་སྒོའི་རྣམ་པ་གསར་གཏོད་ཐུབ་པ། བྱེད་སྒོའི་ཕན་འབྲས་ཆེ་རུ་སོང་བ་བཅས་བྱུང་ནས་འགན་ནུས་སྒྲུབ་རྒྱུ་དང་འགན་འཁྲི་འཁུར་སེམས་ཀྱི་ཆབ་སྲིད་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད།

        (གཉིས )ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།

        ན་ནིང་ནི་རང་ལྗོངས་སུ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་བྱེད་པའི་ལས་འགན་ལྕི་ཤོས་དང་འགག་རྩའི་ལོ་ཞིག་རེད། རྒྱུན་ལས་ཨུ་ལྷན་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འགན་ནུས་སྒྲུབ་རྒྱུའི་ལས་འགན་ཨང་དང་པོར་བརྩིས་ཤིང་། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ཐོག “ཐོན་ལས་དང་པོའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཐབས་ཇུས་ལ་དམ་པོར་དམིགས་ཏེ་སྲིད་གྲོས་ལ་ཤེས་ལྡན་པ་མང་བ་དང་རིག་སྟོབས་འདུས་ཆེ་བའི་ཁྱད་འཕགས་འདོན་སྤེལ་གང་ལེགས་ཀྱིས་གྲོས་བཟང་གླེང་བ་དང་དོན་དམ་གྱི་ཇུས་འདོན་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་། བརྟན་པོ། སྐྱོན་བྲལ་བཅས་ཀྱིས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད།

        གཅིག་ནས་རང་ལྗོངས་ཀྱི་གོང་འཕེལ་གཏོང་བའི་ནང་གི་གལ་ཆེའི་གནད་དོན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱིས་རང་ལྗོངས་ཀྱི “འགན་ལེན་གཉིས ”ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་དམིགས་ཚད་ལ་གཞིགས་པ་དང་། ཕྱོགས་ཡོངས་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་དམིགས་ཚད་ལས་འགན་བསྒྲུབ་རྒྱུ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཚན་རིག་དང་མཐུན་པ་བཟོ་རྒྱུ་དེ་དང་2020ལོའི་ཕུགས་ཡུན་གྱི་བསམ་གཞི་གཙོ་གནད་དུ་བཟུང་ཐོག་གྲོས་མོལ་སྲིད་གླེང་དང་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་པར་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད། སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པས་ཨུ་ཡོན་སྒྲིག་འཛུགས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང “ཁང་གཉིས ”ཀྱི་སྙན་སྒྲོན་ལ་དམིགས་ཏེ་རྒྱ་ཁྱབ་གཏིང་ཟབ་ཀྱི་སྒོ་ནས་གྲོས་མོལ་གྲོས་བསྡུར་བྱས་ཏེ་ཇུས་ཐག་གཅོད་པར་དཔྱད་གཞིའི་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འཆར་མང་པོ་ཞིག་བྱུང་བ་དང་དེ་དག་ལྗོངས་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་བསྡུ་ལེན་བྱས་ཡོད། ན་ནིང་ཟླ་བདུན་པར་འཚོགས་པའི་སྲིད་གྲོས་སྐབས་དགུ་པའི་རྒྱུན་ཨུད་ཚོགས་འདུ་ཐེངས་བདུན་པས་ཨུ་ཡོན་སྒྲིག་འཛུགས་ཀྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དང་2020ལོའི་ཕུགས་ཡུན་གྱི་བསམ་གཞིར་དམིགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དུས་བབ་ལ་དབྱེ་ཞིབ་ནན་ཏན་བྱས་པ་དང་། ཕྱོགས་ཡོངས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དོན་དངོས་ཀྱི་ཆོས་ཉིད་ཁོང་དུ་ཏན་ཏིག་ཆུད་ཐུབ་པ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བའི་གལ་ཆེའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་ཐོན་ལས། དམངས་འཚོའི་ལས་གཞི། སྣོད་བཅུད་འཛུགས་སྐྱོང་། བརྟན་ལྷིང་སྲུང་སྐྱོང་སོགས་ཕྱོགས་ཁག་ཆེན་པོ་བདུན་གྱི་ཐད་ཕུགས་རྒྱང་རང་བཞིན་དང་། ཚན་རིག་རང་བཞིན། ལག་ལེན་བསྟར་འཐུས་རང་བཞིན་བཅས་ལྡན་པའི་བསམ་འཆར་དང་གྲོས་འཆར་ཁག་27བཏོན་ཡོད་པ་དེས་རང་ལྗོངས་སུ་ཚན་རིག་དང་མཐུན་པའི་འཆར་འགོད་བཟོ་རྒྱུ་དང་བསམ་གཞི་འདིང་རྒྱུར་ཇུས་ཐབས་དཔྱད་གཞི་མཁོ་འདོན་བྱས་ཡོད། གཉིས་ནས་རང་ལྗོངས་ཀྱིས་གོང་འཕེལ་གཏོང་བའི་ནང་གི་གལ་ཆེའི་དཔྱོད་དོན་ལ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱས་ཡོད། ན་ནིང་ཆེད་དོན་ཨུ་ལྷན་ཁག་གིས་རང་སོ་སོའི་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ས་ཁང་ཐོན་ལས་གསར་སྤེལ་དང་། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་དང་མ་དངུལ་བསྡུ་སྤྱོད། བོད་ལུགས་གསོ་རིག་དང་སྨན་ལས། མཐའ་མཚམས་ཚོང་དོན། འགག་སྒོ་འཛུགས་སྐྲུན།

        མངའ་རིས་ས་ཁུལ་གྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ། གྲོང་ཁྱེར་དང་སྡེ་ཁུལ་གྱི་འཛུགས་སྐྲུན། བཟའ་བཅའ་སྨན་རྫས་ཀྱི་ཁྲོམ་ར་དང་དམངས་འཚོའི་གནད་དོན། མཐོ་རིམ་སློབ་གསོ། ས་གནས་དང་རྫོང་གི་རིག་གནས་ལོ་རྒྱུས་སྐོར་གྱི་དཔྱད་ཡིག་ལས་དོན། མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས། ཆོས་ལུགས་ལས་དོན་སོགས་གལ་ཆེའི་གནད་དོན་12ཐད་ལ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་ཁག་15བྲིས་པ་དང་གསར་གཏོད་རང་བཞིན་གྱི་བསམ་འཆར་ཁག་70ལྷག་ཙམ་བཏོན་ཡོད་པ་དེས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཤུགས་ཆེ་ཐོན་ཡོད། གསུམ་ནས་གྲོས་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དེས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཐབས་འདོན་ཇུས་འགོད་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱིས་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག ཆེད་དོན་ཨུ་ལྷན་ཁག་བཅས་ཀྱི་ཧུར་སེམས་འདོན་སྤེལ་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་དཔལ་ཡོན། ཏང་འཛུགས་སྐྱོང་སོགས་གལ་ཆེའི་གནད་དོན་ལ་དམིགས་པ་དང་གྲོས་གཞིའི་ཐོག་ནས་ཐབས་འདོན་ཇུས་འདོན་བྱས་ཤིང་། ན་ནིང་ཁྱོན་བསྡོམས་གྲོས་གཞིའི་ཁོངས་སུ་བཅུག་ནས་གཉེར་སྒྲུབ་བྱེད་རྒྱུར་རྩིས་སྤྲོད་བྱས་པ་ཁག་339བྱུང་ཡོད། དེ་དང་ཆབས་ཅིག་ང་ཚོས་ད་དུང་གྲོས་གཞི་གཉེར་སྒྲུབ་དང་། མཇུག་འདེད། ཚུར་ལན། གཉེར་སྒྲུབ་ལྟ་སྐུལ་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་གྲོས་གཞིའི་ལས་དོན་དེ་ལན་འདེབས་བྱེད་པའི་རྣམ་པ་ནས་ལན་འདེབས་དོན་འཁྱོལ་བྱེད་པའི་རྣམ་པའི་ཐོག་སྒྱུར་ཏེ་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། བཞི་ནས་དམངས་གཙོ་དར་སྤེལ་ཤུགས་ཆེ་བཏང་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་གང་ཐུབ་བྱས་ཡོད། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་པ་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བའི་གལ་ཆེའི་ཐབས་ལམ་ཞིག་རེད་ལ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་སེམས་པ་མཚོན་པ། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཤུགས་གཅིག་སྒྲིལ་བཅས་བྱེད་པའི་ཕན་ལྡན་གྱི་ལམ་བུ་ཞིག་ཀྱང་རེད། ལོ་གཅིག་གི་རིང་འཚོལ་བསྡུ་དང་། ལེགས་སྒྲིག སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་གོང་དུ་སྙན་སེང་ཞུས་པ། གནས་ཚུལ་སྙན་སེང་ཞུས་པ་བཅས་ཁྱོན་བསྡོམས་ཁག་བཅུ་གྲངས་བྱུང་བ་དང་《སྲིད་གྲོས་ཆ་འཕྲིན 》འདོན་ཐེངས་60 བཏོན་ནས་པར་འགྲེམས་བྱས་ཡོད། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་པར་བྱེད་པའི་ལས་ཀ་དེ་ཚད་ལྡན་ཅན་དང་། ལམ་ལུགས་ཅན། གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱེད་ཆེད 《སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་འཚོལ་བསྡུ་དང་། ལེགས་སྒྲིག སྙན་འབུལ་ཞུ་བ། ལན་སྤྲོད་བྱེད་པ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྒྲིག་སྲོལ 》བཟོས་ཏེ་ལས་དོན་འདི་ལམ་ལྷོངས་ངང་སྤེལ་རྒྱུར་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།

        (གསུམ )ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་གང་ལེགས་བསྒྲུབས་ཡོད།

        ང་ཚོས་ཐོག་མཐའ་བར་གསུམ་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་འགན་ནུས་སྒྲུབ་རྒྱུའི་ཆབ་སྲིད་ཀྱི་འགན་ཁྲི་ཨང་དང་པོར་བརྩིས་ཐོག་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཇུས་ཐག་དང་བཀོད་སྒྲིག་རབ་དང་རིམ་པ་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ “སྲུང་སྐྱོང་གསུམ ”གྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཕུགས་ཇུས་འདིང་བ་དང་རྩ་བ་བརྟན་གཏོང་གི་བྱ་ཐབས་བཟུང་ཞིང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། དར་ཆ་གསལ་སྟོན་གྱིས་ཏཱ་ལའི་རུ་ཚོགས་དང་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ལ་འཐབ་རྩོད་བྱས་ཏེ་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ། བོད་ལྗོངས་འདི་ཉིད་གོང་འཕེལ་ཡོང་རྒྱུ་བཅས་ཀྱི་ཆེད་དུ་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད།

        གཅིག་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་ནང་ཧུར་ཐག་ཞུགས་ཡོད། སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ཤིང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་ནང་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ་མིག་དཔེ་སྟོན་ཡོད། གཞན་ཡང་ང་ཚོ་སྲིད་གྲོས་ཨུ་ཡོན་གྱི་འབྲེལ་རྒྱ་ཆེ་བའི་ཁྱད་ཆོས་བེད་གང་ལེགས་སྤྱད་དེ་ཐབས་ལམ་མང་པོའི་ཐོག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་གི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཤེས་རྟོགས་ཁོང་དུ་ཆུད་པ་བྱས་ནས་སེམས་ནུས་ཡོད་རྒུས་རིན་ཐང་ལྡན་པའི་གནས་འཕྲིན་རག་ཐབས་བྱས་ཏེ་དུས་ཐོག་ཏུ་ལེགས་སྒྲིག་གིས་སྙན་འབུལ་ཞུས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་ཡོང་ཕྱིར་ནུས་པ་ཆེན་པོ་བཏོན་ཡོད། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཀྲུའུ་ཞི་གཞོན་པས་སྣེ་ཁྲིད་པ་དང་འཇོན་ཐང་ཆེ་བའི་ལས་བྱེད་པ་དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་ནང་ཞུགས་པར་བརྟེན་དགོན་སྡེའི་རྒྱུན་གཏན་གྱི་སྒྲིག་ལམ་དང་དགོན་སྡེའི་གཏིང་རྩའི་གནད་དོན་ཐག་གཅོད་བྱེད་རྒྱུར་ལེགས་སྐྱེས་ཕུལ་ཡོད། ཀྲུའུ་ཞི་གཞོན་པས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་གཞི་རིམ་དང་། མཐའ་སྲུང་དཔུང་སྡེ། དགོན་སྡེ་བཅས་སུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་དེ་ས་ཡུལ་དངོས་ཀྱི་གནས་ཚུལ་འབོར་ཆེན་ཞིག་ཤེས་རྟོགས་ཐུབ་ནས་གནས་ཚུལ་ཡོད་པ་དང་། དབྱེ་ཞིབ་ཡོད་པ། ཁ་གཏད་འཇལ་ཐབས་ཀྱི་གྲོས་འཆར་ཡོད་པ་བཅས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱས་པའི་སྙན་ཞུ་ཕུལ་བ་དེས་ཏང་ཨུད་དང་སྲིད་གཞུང་ལ་དཔྱད་གཞི་མཁོ་འདོན་བྱས་ཡོད། གཞན་ཡང་སྲིད་གྲོས་ལས་ཁུངས་ཀྱི་འཕྲལ་སྡོམ་སྔོན་ཇུས་དང་བདེ་སྲུང་མཉམ་འགོག་སྒྲིག་སྲོལ་བཟོས་ཏེ་གལ་གནད་ཆེ་ས་དང་འཚུབ་ཆ་ཆེ་དུས་སུ་ལྟ་སྡོམ་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་གནས་སྐབས་སྡོད་མཁན་ཕྱོགས་མིར་ཞབས་འདེགས་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་སྲིད་གྲོས་ལས་ཁུངས་ཀྱི་བདེ་འཇགས་འགན་སྲུང་ཐུབ་པ་བྱུང་བ་བཅས་ཡིན། གཉིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་རྒྱལ་གཅེས་གྲགས་ཅན་མི་སྣའི་དམིགས་བསལ་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཡོད། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་50འཁོར་བ་དང་། “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ ”དང་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བཪྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་སྔ་རྗེས་སུ་མི་རིགས་ཁག་དང་ལས་རིགས་ཁག་གི་རྒྱལ་གཅེས་གྲགས་ཅན་མི་སྣ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་གསར་འགོད་པའི་བཅར་འདྲི་དང་ལེན་དང་། དྲན་གསོའི་རྩོམ་ཡིག་སྤེལ་བ། ཁོང་ཚོའི་མྱོང་རྟོགས་དངོས་བཤད་པ་བཅས་ཀྱི་ཐོག་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་རྗེས་ལུས་ཐེར་འདོན་གཏིང་ཟབ་དང་ཏཱ་ལ་རུ་ཚོགས་ཀྱི་སྡིག་ཉེས་ལ་དགག་པ་གཏིང་ཟབ་བརྒྱབ་པ་དེ་རྒྱལ་སྤྱི་རྒྱལ་ནང་དུ་བག་ཆགས་ཆེན་པོ་བྱུང་ཡོད། གསུམ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ལྟ་བ། ཆོས་ལུགས་ལྟ་བ། རིག་གནས་ལྟ་བ། དངོས་གཙོ་སྨྲ་བ། ལྷ་མེད་སྨྲ་བ་བཅས་ཀྱི་སློབ་གསོ་གཏིང་ཟབ་བཏང་ཐོག་སྲིད་གྲོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས “གསར་པ་བཞི་དང་ལེགས་པ་དྲུག ”གི་བརྗོད་གཞི་གཙོ་བོ་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས་ཏང་གི་མི་སེམས་འགུགས་ཤུགས་དང་། མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་བཅས་ཆེ་རུ་རྒྱུན་ཆད་མེད་པ་བཏང་ཡོད། རྟག་ཏུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་དང་ལས་འགན་གྱི་སློབ་གསོ་བཏང་སྟབས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཉེན་བརྡ་རྒྱུན་སྒྲོག་ཐུབ་པ་བྱུང་ནས “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་ཁ་ཕྲལ་ཟིང་སློང་ནི་ཆག་སྒོ་ཡིན་པའི ”བསམ་བློ་མི་སེམས་སུ་ཟུག་ཡོད། ང་ཚོས “ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ ”གཏོང་བའི་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ་དང “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་དང་“ཕྱོགས་བཞི་མཚམས་བརྒྱད ”ཀྱི་རྩ་དོན་མཐའ་འཁྱོངས་བྱེད་རྒྱུ་དེ་སྔ་ཕྱི་བར་གསུམ་དུ་མི་རིགས་མཐུན་སྒྲིལ་སློབ་གསོའི་བྱེད་སྒོའི་ནང་ཁྱབ་ཐུབ་པ་བྱས་པར་བརྟེན་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་བྱ་རྣམས་ཀྱིས་རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཐུབ་པ་བྱུང་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་བྱ་རྣམས་ཀྱིས་ཤིན་ཅང་ཨུའུ་ལུ་མུ་ཆིའི “བདུན་པའི་ཚེས་ལྔའི ”ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་གྱི་ཆབ་སྲིད་འབྱུང་རྐྱེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པའི་སློབ་གསོའི་ཁྲིད་སྟོན་བྱས་ཤིང་། མངའ་ཁོངས་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས་ཀྱི་སྡིག་ཉེས་ཐེར་འདོན་བྱས་ཐོག་མི་ངན་གྱིས་དཀྲུགས་ཤིང་རྒྱག་པ་དང་རང་ལྗོངས་ཀྱི་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པར་གཏོར་བཤིག་གཏོང་རིགས་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ་རྐྱེན་རྩ་ཟློག་ཐུབ་པ་བྱས་ཡོད།

        (བཞི )བཀོད་སྒྲིག་ཞིབ་ཚགས་དང་སྒྲིག་འཛུགས་ཚགས་ཚུད་བྱས་ནས་བོད་ལྗོངས་སྲིད་གྲོས་དབུ་བཪྙེས་ནས་ལོ་ངོ་50འཁོར་བའི་རྟེན་འབྲེལ་གྱི་བྱེད་སྒོ་ཁག་ལེགས་སྒྲུབ་ཕུན་སུམ་ཚོགས་པོ་བྱུང་ཡོད།

        བོད་ལྗོངས་སྲིད་གྲོས་དབུ་བཪྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་རྒྱུ་དེ་ནི་ན་ནིང་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་གཙོ་གྲས་ཤིག་ཡིན། རྒྱལ་ཡོངས་སྲིད་གྲོས་དང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་དགོངས་དོན་ལྟར་ང་ཚོས་དུས་ཐོག་ཏུ་བྱེད་སྒོའི་ཇུས་གཞི་འདིང་ནས། “གཟབ་ཅིང་རྒྱས་པ་དང་། སྤྲོ་སེམས་འཁོལ་བ། བཀྲ་ཤིས་ལུགས་ལེགས། དམ་པ་དོན་གཉེར། ཕན་ནུས་ཆེ་བ ”བཅས་ཀྱི་རྩ་དོན་གཞིར་བཟུང་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཞུམ་མེད་སྟོབས་ལྡན་དང་། བཀོད་སྒྲིག་ཞིབ་ཅིང་ཚགས་ཚུད་པ། འགན་འཁྲི་དང་བྱེད་ཐབས་ཁ་གསལ་དོན་ལ་འཁྱོལ་བ། ཞབས་ཞུའི་ལས་ཀ་སེམས་རྩ་འཁོལ་ལ་ཚགས་ཚུད་པ། རིག་རྩལ་འཁྲབ་སྟོན་སྣ་མང་ཡིད་དབང་འཕྲོག་པ། བདེ་སྲུང་ལས་དོན་འཕྱུགས་པ་མེད་པ་བཅས་བྱུང་ནས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད།

        གཅིག་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཕྱིར་མིག་བལྟས་པ་དང་། ཉམས་མྱོང་བཟང་པོར་ཕྱོགས་བསྡོམས་བྱས་པ། འབད་འཐབ་ཀྱི་ཁ་ཕྱོགས་གསལ་པོ་བཟོས་པ་བཅས་བྱས་ཡོད། ན་ནིང་གི་ཟླ་8པ་ནས་འགོ་བཙུགས་ཏེ་ང་ཚོས་སྔ་རྗེས་སུ་བཞུགས་མོལ་ཚོགས་འདུ་དང་སྙན་སེང་ཚོགས་འདུ་སོགས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་བ་མ་ཟད། ཟླ་9ཚེས་1ཉིན་རྟེན་འབྲེལ་ཚོགས་ཆེན་གཟབ་རྒྱས་སྐོང་འཚོགས་བྱས་ནས་རང་ལྗོངས་སྲིད་གྲོས་དབུ་བཪྙེས་ནས་ལོ་50རིང་གསར་གཏོད་བྱས་པའི་འོད་སྟོང་འབར་བའི་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་བཟང་པོ་ཐོབ་པར་ཕྱོགས་བསྡོམས་ནན་ཏན་བྱས་པ་དང་། རང་ལྗོངས་སྲིད་གྲོས་ཀྱི་དུས་སྐབས་གསར་པ་དང་དུས་མཚམས་གསར་པའི་གོང་འཕེལ་གྱི་བསམ་གཞི་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ལྷག་པར་དུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀང་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་བཅས་ཀྱིས་གལ་ཆེའི་གསུང་བཤད་གནང་སྟེ་སྲིད་གྲོས་རང་ལྗོངས་ཀྱི་ལོ་50རིང་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་ཉམས་མྱོང་བཟང་པོར་ཚན་རིག་དང་མཐུན་པའི་ཕྱོགས་བསྡོམས་གནང་བ་དང་། སླད་ཕྱིན་གྱི་དུས་སྐབས་ཤིག་རིང་རང་ལྗོངས་སྲིད་གྲོས་ལས་ཀའི་གཙོ་གནད་དང་། དམིགས་ཚད་ལས་འགན། དེ་བཞིན་གཞི་རྩའི་བླང་བྱ་བཅས་རྒྱས་བཤད་གནང་བ་དེས་ལྗོངས་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་། བོད་ལྗོངས་སྲིད་གྲོས་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུའི་སེམས་ཤུགས་དང་ཆོད་སེམས་སྔར་བས་ཤུགས་ཆེར་སོང་ནས་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་ལ་གྲུབ་འབྲས་གསར་པ་གཏོད་རྒྱུ་དང་སྐས་རིམ་གསར་པ་ཞིག་ཏུ་འཛེགས་རྒྱུར་སྐུལ་མ་ཤུགས་ཆེ་ཐེབས་ངེས་རེད། གཉིས་ནས་རྒྱ་ཆེ་གཏིང་ཟབ་ཀྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དྲིལ་བསྒྲགས་བྱས་ཡོད། ང་ཚོས་རླུང་འཕྲིན་ལས་ཁུངས་དང་། བཪྙན་འཕྲིན་ལས་ཁུངས། ཚགས་པར་དང་དུས་དེབ་སོགས་དྲིལ་བསྒྲགས་མཚམས་སྦྱོར་ལ་བརྟེན་ནས་ཕྱོགས་མཐའ་ཁག་དང་། རྣམ་པ་འདྲ་མིན། གཏིང་ཟབ་པ་བཅས་ཀྱི་ཐོག་ནས་དྲིལ་བསྒྲགས་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ད་ལྟ་ལས་གནས་འཁུར་མུས་ཀྱི་འགོ་ཁྲིད་དང་། ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་རྒན་གྲས། བློ་མཐུན་རྒན་གྲས་བཅས་གདན་ཞུ་བྱས་ཐོག་དྲན་གསོའི་རྩོམ་ཡིག་བྲིས་ཏེ་དུས་ཚོད་ཅིག་རིང་རྒྱུན་མཐུད་འགྲེམས་སྤེལ་བྱས་པ་དང་། བག་ཆགས་འཇོག་ཤུགས་ཆེ་རུ་བཏང་བ། དྲིལ་བསྒྲགས་རྒྱུན་རིང་བྱེད་པའི་ཕན་འབྲས་ཆེ་རུ་འགྲོ་བ་བཅས་བྱས་ཡོད། 《བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལོ་རྒྱུས 》དང 《བོད་ལྗོངས་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་བདམས་སྒྲིག 》བོད་ཡིག་ཕྱོགས་བསྒྲིགས་དཔེ་དེབ་དང་། པར་དེབ་ཆེ་གྲས 《བདེ་སྡུག་མཉམ་མྱོང་གི་ལོ་ངོ་50》 《རྟེན་འབྲེལ་བྱེད་སྒོའི་རྩོམ་ཡིག་ཕྱོགས་བསྒྲིགས 》 དེ་བཞིན་རྟེན་འབྲེལ་བྱེད་སྒོའི་ཆེད་བསྒྲིགས་དུས་དེབ་དང་དམིགས་བསལ་དུས་དེབ་སོགས་རྩོམ་སྒྲིག་པར་སྐྲུན་དང་། ཆེད་དོན་ལེ་ཚན་བཟོ་སྒྲིག་གཏོང་བསྟན། མི་དམངས་སྲིད་གྲོས་ཀྱི་ཤེས་བྱའི་འགྲན་བསྡུར། “ང་ཚོ་ལག་གདང་སྦྲེལ་ནས་བསྐྱོད ”ཅེས་པའི་ཆེད་དོན་རིག་རྩལ་མཚན་ཚོགས་འཚོགས་པ་བཅས་བྱས་པ་མ་ཟད། བརྗོད་དོན་གཙོ་བོའི་གླུ་གཞས་གསར་རྩོམ་བྱས་པ་དང་། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་སྒྲིག་འཛུགས་ཀྱིས་མཉམ་གཞས་བཏང་བ། ཕྱོགས་གང་ཐད་ཀྱི་མི་སྣ་འཁྲབ་སྟོན་བལྟ་བར་གདན་ཞུ་བྱས་པ་བཅས་ལ་བརྟེན་ནས་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་ཤུགས་རྐྱེན་ཆེ་རུ་བཏང་ཡོད། གསུམ་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་དང་རོགས་རམ་འོག་སྤུན་ཟླའི་ཞིང་ཆེན ‘རང་སྐྱོང་ལྗོངས་དང་གྲོང་ཁྱེར ’ཁག་གི་སྲིད་གྲོས་དང་འབྲེལ་གཏུགས་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ལྗོངས་སྲིད་གྲོས་ཀྱི་བག་ཆགས་ཆེ་རུ་བཏང་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱིས་མངགས་གཏོང་གནང་བའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀང་གིས་ཚོགས་གཙོ་གནང་བའི་འཐུས་མི་ཚོགས་པས་རྟེན་འབྲེལ་གྱི་བྱེད་སྒོའི་ནང་ཞུགས་པ་མ་ཟད་དངོས་པོའང་གནང་བ་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན། རྒྱལ་ཡོངས་ཀྱི་ཞིང་ཆེན “རང་སྐྱོང་ལྗོངས་དང་གྲོང་ཁྱེར ”ཁག་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་སྲིད་གྲོས་ཁག་གཅིག་བཅས་ཀྱིས་རྟེན་ཏར་བཏང་གནང་ཡོང་བ། དེ་བཞིན་ཁྱིམ་མཚེས་ཞིང་ཆེན་སྲིད་གྲོས་ཀྱིས་སྐུ་ཚབ་ཚོགས་པ་མངགས་ནས་རྟེན་འབྲེལ་ཞུ་བར་ཕེབས་ཡོད། དེ་དག་གི་ཐོག་ནས་རང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱར་སྐུལ་ལྕག་ཆེན་པོ་ཐེབས་ཤིང་། ཚང་མའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། གཟི་བརྗིད་ཀྱི་བསམ་པ་བཅས་ཤུགས་ཆེར་སོང་ཡོད། བཞི་ནས་དཔུང་ཁག་ལ་སྦྱོང་བརྡར་སྤྲས་ནས་བོད་ལྗོངས་སྲིད་གྲོས་ཀྱི་སྙིང་སྟོབས་འཕེལ་བ་བྱས་ཡོད། ཐེངས་འདིའི་རྟེན་འབྲེལ་ཆེ་མོའི་བྱེད་སྒོར་ཞུགས་མཁན་ཚན་པ་དང་མི་སྣ་མང་བ་དང་། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་དཀའ་ཚེགས་དང་ཪྙོག་འཛིང་ཆེ་བའི་ལས་འགན་ལེགས་སྒྲུབ་བྱེད་པའི་ནང་“མཐུན་སྒྲིལ་དང་། མཉམ་ལས། ལས་བཀུར། འབད་འཐབ ”བཅས་ཀྱི་བོད་ལྗོངས་སྲིད་གྲོས་ཀྱི་སྙིང་སྟོབས་སྔར་ལས་ཆེ་བ་གཏོད་ཡོད།

        (ལྔ ) “ཕྱོགས་བཞི་གཅིག་ཏུ་སྒྲིལ་བ ”དང་ཐུན་མོང་ཐོག་སྐུལ་སྤེལ་བཏང་སྟེ་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།

        སྲིད་གྲོས་ཀྱི་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་འགན་ནུས་སྒྲུབ་རྒྱུའི་གལ་ཆེའི་འགན་ལེན་ཞིག་ཡིན། ལོ་གཅིག་རིང་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལྟར་ཐོག་མཐའ་བར་གསུམ་དུ་རང་ངོས་ལེགས་སྐྱོང་བྱེད་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་བཞག་ནས་སྲིད་གྲོས་ཨུ་ཡོན་དང་། རིགས་ཁོངས་ཁག ཆེད་དོན་ཨུ་ལྷན་ཁག དེ་བཞིན་ལས་ཁུངས་བཅས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པར་བརྟེན་ཕན་ཚུན་གཞོགས་འདེགས་དང་། མཐུན་སྦྱོར་གཅིག་མཐུན། མཐུན་སྒྲིལ་རོགས་རེས། མཉམ་ཤུགས་ཆགས་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་ཡོད།

        གཅིག་ནས་ཨུ་ཡོན་ལ་སློབ་སྦྱོང་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཨུ་ཡོན་གྱི་གཙོ་རྐང་ནུས་པ་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ང་ཚོས་སྲིད་གྲོས་ཨུ་ཡོན་རྣམ་པས་སོ་སོའི་ལས་གནས་ཐོག་རང་རྟོགས་ངང་རིགས་པའི་གཞུང་ལུགས་དང་། འགན་བབ་ལས་སྒོ། ཚན་རྩལ། རིག་གནས། ལོ་རྒྱུས། བཅའ་ཁྲིམས་སོགས་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། དེ་དང་ཆབས་ཅིག་ཆ་རྐྱེན་སྐྲུན་ནས་ལས་ཁུངས་ཀྱི་ལས་བྱེད་པ་དང་སྲིད་གྲོས་ཨུ་ཡོན་མི་ཐེངས་30ཙམ་ནང་ས་དང་ལྗོངས་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭར་སློབ་སྦྱོང་སྦྱོང་བརྡར་བྱེད་པར་འདེམས་གཏོང་བྱས་པ་དང་། གསར་བསྐོས་སྲིད་གྲོས་ཨུ་ཡོན་གྱི་སྦྱོང་བརྡར་འཛིན་གྲྭ་ཐེངས་གཉིས་པ་བདེ་བླག་ངང་གཉེར་ཞིང་། གསར་བསྐོས་ཨུ་ཡོན་88སློབ་སྦྱོང་ནང་བཞུགས་ཡོད། རང་སྐྱོང་ལྗོངས་དང་ས་གནས (གྲོང་ཁྱེར )སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་བྱ་སྒྲིག་འཛུགས་བྱས་ནས་ནང་སར་སློབ་སྦྱོང་རྟོག་ཞིབ་བྱེད་པར་བཏང་སྟེ་མཐོང་རྒྱ་ཆེ་རུ་སོང་བ་དང་ཤེས་བྱ་འཕེལ་ཐུབ་པ་བྱུང་ཡོད། གཉིས་ནས་ཆེད་དོན་ཨུ་ལྷན་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་ནུས་པ་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ང་ཚོས་ཆེད་དོན་ཨུ་ལྷན་ཁག་གི་གཙོ་བོའི་འགན་ནུས་སྔར་བས་ཁ་གསལ་བཟོས་པ་དང་ལས་ཀའི་ལམ་ལུགས་ཚགས་ཚུད་དུ་བཏང་ནས་ཁྱད་ཆོས་མངོན་ཆེ་དང་གཙོ་གནད་དབྱེ་བ་ཡོད་ལ་ཕན་ཚུན་གཞོགས་འདེགས་དང་ཕྱར་བ་གྲུ་འདེགས་ཀྱང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ཆེད་དོན་ཨུ་ལྷན་6གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ལ་དམ་པོར་དམིགས་ཏེ་རྒྱ་ཁྱབ་ཏུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཧུར་ཐག་བྱས་ནས་འགན་ནུས་སྒྲུབ་རྒྱུར་ལས་ཀ་འབོར་ཆེན་བྱས་ཡོད། ཕྱི་ཕྱོགས་དང་ལས་དོན་སྤེལ་རེས་བྱས་ཤིང་། ལྷ་སར་བཅའ་སྡོད་ནེ་པ་ལའི་ས་གནས་སྤྱི་ཁྱབ་གཞུང་ཚབ་ཁང་གི་དབུ་འཛིན་གཙོ་བོ་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་འགོ་ཚུགས་དང་མཇུག་སྒྲིལ་ཚོགས་འདུར་ཟུར་ཉན་དུ་ཡོང་རྒྱུའི་བཀོད་སྒྲིག་བྱས་པ་དང་། ཕྱི་རྒྱལ་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུས་པ་དང་། ཡོ་རོབ་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་ཀྲུང་གོར་བཅར་འདྲིའི་འཐུས་མི་ཚོགས་པར་སྣེ་ལེན་གང་ལེགས་ཞུས་པ་བཅས་བྱས་ཡོད། 《དགེ་སློང་བློ་བཟང་བསྟན་འཛིན་གྱི་རང་རྣམ 》ལ་མཐའ་ཞུས་ཟིན་ནས་པར་སྐྲུན་བྱེད་རྒྱུར་བསྐྱལ་བ་དང་། 《ཆབ་མདོ་བྱམས་པ་གླིང་དགོན་དང་དེའི་བླ་སྤྲུལ་གྱི་གདུང་རབས་ལོ་རྒྱུས 》ལ་མཐའ་ཞུས་ཟིན་ནས་མཆན་འགོད་བྱུང་རྗེས་པར་སྐྲུན་བྱེད་རྒྱུར་སྐྱེལ་ཉེར་ཡོད། 《1959ལོའི་བོད་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བའི་དངོས་འབྲི 》ལ་བསྐྱར་ཞིབ་ཟིན་པ། 《སྡེ་དགེའི་ས་གནས་ལོ་རྒྱུས་མདོར་བསྡུས 》ལ་མཐའ་ཞུས་ཟིན་པ། དེ་བཞིན 《བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ 》(བོད་ཡིག་ཕྱོགས་བསྒྲིགས་དེབ་1-26)འགྲེམས་སྤེལ་ལས་དོན་ལེགས་སྒྲུབ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་རིག་གནས་ལོ་རྒྱུས་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ནས་དེ་འབྲེལ་གྱི་པར་རིས་དང་། ལོ་རྒྱུས་དཔྱད་ཡིག་བསྡུ་རུབ་དང་བདམས་སྐྱེལ་བྱེད་རྒྱུ་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱུང་ནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ཉར་ཚགས་དང་། སྲིད་དོན་སྐྱོང་རོགས། མཐུན་སྒྲིལ། མི་སྣ་གསོ་སྐྱོང་བཅས་བྱེད་རྒྱུའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། གསུམ་ནས་རིགས་ཁོངས་སོ་སོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ཆེད་དོན་ཨུ་ལྷན་གྱིས་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུར་བརྟེན་ནས་འབྲེལ་ཡོད་རིགས་ཁོངས་ཀྱི་ཨུ་ཡོན་དང་འབྲེལ་བ་བྱས་ནས་མཉམ་དུ་ལས་དོན་སྤེལ་ཏེ་རིགས་ཁོངས་ཁག་གི་ཨུ་ཡོན་གྱི་དམིགས་བསལ་དགེ་མཚན་དང་ནུས་པ་འདོན་སྤེལ་ཡག་ཙམ་ཐུབ་ཡོད། བཞི་ནས་ལས་ཁུངས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། སྲིད་གྲོས་ཀྱི་བྱ་གཞག་ཡུན་རིང་གོང་འཕེལ་གཏོང་རྒྱུར་དམིགས་པ་དང་། ལས་ཁུངས་ཀྱི་སྤྱོད་ཚུལ་ལེགས་སྐྱོང་བྱེད་པའི་ལོ་དེ་གཞི་རྟེན་དུ་བྱས་ནས་ལས་ཁུངས་ཀྱི་བསམ་བློ་ལེགས་སྐྱོང་དང་སྤྱོད་ཚུལ་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ལས་ཁུངས་ལས་བྱེད་པའི་ཞབས་ཞུའི་འདུ་ཤེས་ཆེ་རུ་བཏང་སྟེ་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་ཁག་གཅིག་གསོ་སྐྱོང་བེད་སྤྱོད་བྱས་ཡོད། ཚད་ལྡན་ཅན་དང་། ལམ་ལུགས་ཅན། གོ་རིམ་ཅན་བཅས་སུ་འཛུགས་སྐྱོང་བྱེད་རྒྱུར་དམིགས་ནས་ལམ་ལུགས་ཁག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་བ་དང་ལས་ཀའི་སྤུས་ཚད་དངོས་འབྲེལ་ཡག་ཏུ་སོང་ཡོད། དེ་བཞིན་ལྗོངས་ཕྱི་ནང་གི་སྲིད་གྲོས་དང་འབྲེལ་བ་བྱེད་རྒྱུ་དང་ལས་དོན་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་དུ་རྟོག་ཞིབ་བྱེད་པར་ཡོང་མཁན་ཚོགས་པར་སྣེ་ལེན་ཞུ་བའི་ལས་འགན་ལེགས་སྒྲུབ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྲད་པའི་འབྲེལ་ཡོད་ལས་འགན་རྣམས་ལེགས་སྒྲུབ་གང་ལེགས་བྱས་པ། ལྗོངས་སྲིད་གྲོས་ཀྱི་རྒྱུན་གཏན་ལས་དོན་གོ་རིམ་བཞིན་སྤེལ་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བཅས་བྱས་ཡོད།

        ཨུ་ཡོན་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་སྲིད་གྲོས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཡང་དག་པའི་མཛུབ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། རིམ་ཁག་ཏང་སྲིད་རྩ་འཛུགས། དེ་བཞིན་སྤྱི་ཚོགས་ཡོངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་བཅས་ཀྱི་འབྲས་བུ་ཡིན་པ་དང་། མི་དམངས་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་དང་། རིམ་ཁག་སྲིད་གྲོས་ཀྱི་རྩ་འཛུགས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱི་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པས་འདིར་ངས་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལྷན་རྒྱས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཕྱིར་མིག་བལྟ་སྐབས་ང་ཚོས་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ལ། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་ཚད་མཐོའི་གཅིག་མཐུན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བྱས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་བྱེད་རྒྱུའི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ངེས་པར་དུ་ལྟེ་བར་ཕྱོགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཐོག ཏང་གི་གལ་ཆེའི་མཛད་ཇུས་དང་ལས་ཀའི་བཀོད་སྒྲིག་ལ་བསྟུན་ཏེ་འགན་ནུས་སྒྲུབ་པ་དང་ལས་དོན་སྤེལ་དགོས་པ། ངེས་པར་དུ་དམངས་འཚོར་དོ་ཁུར་བྱེད་རྒྱུ་དེ་འགན་ནུས་སྒྲུབ་པའི་ལས་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ཐོག་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། གནས་ཚུལ་དངོས་ཁོང་དུ་ཆུད་པ། ཚན་རིག་དང་མཐུན་པའི་དབྱེ་ཞིབ་བཅས་བྱས་ཏེ་ཐབས་མཁས་ཇུས་བཟང་འདོན་དགོས་པ། ངེས་པར་དུ་སྲིད་གྲོས་ཨུ་ཡོན་དང་རིགས་ཁོངས་སོ་སོའི་འབྲེལ་གཏུགས་བྱེད་རྒྱ་ཆེ་བ་དང་། རིག་སྟོབས་འདུས་ཚད་ཆེ་བ། འགན་འཁྲི་སྒྲུབ་རྒྱུའི་འདུ་ཤེས་ཤུགས་ཆེ་བ་བཅས་ཀྱི་ཁྱད་ཡོན་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གོ་རིམ་ལྡན་པའི་ངང་ཆབ་སྲིད་ལ་ཐེ་ཞུགས་བྱེད་རྒྱ་རིམ་པས་ཆེ་རུ་བཏང་སྟེ་དམངས་ཀྱི་བསམ་འདུན་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་རྒྱུ་གང་ལེགས་མཚོན་པ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བྱེད་པའི་འགྲིལ་ཤུགས་ཤིག་ཆགས་པ་བྱེད་དགོས་པ། ངེས་པར་དུ་ཕྱོགས་ཡོངས་ནས་སྲིད་གྲོས་ཀྱི་ལས་དོན་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཡོང་བ་བྱས་ནས་སྲིད་གྲོས་ཀྱི་ལས་དོན་གོ་རིམ་ལྡན་པ་དང་ལས་ཕྱོད་ཆེ་བའི་ཐོག་ནས་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་དང་ཕྱོགས་མཚུངས་ང་ཚོས་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་པར། རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ལས་དོན་དེ་དུས་བབ་ཀྱི་ལས་འགན་གསར་པ་དང་། ལྷག་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བའི་བླང་བྱ་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད་པ་དཔེར་ན། རང་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་དེ་ཇི་ལྟར་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དམངས་གཙོའི་ལྟ་སྐུལ་བྱེད་རྒྱུ། སྒྲིག་གཞིའི་ལམ་སྲོལ་གསར་གཏོད་བྱེད་རྒྱུ། འགན་ནུས་སྒྲུབ་རྒྱུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཆེད་དམིགས་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ། བོད་ཀྱི་ཁྱད་ཆོས་ལྡན་པའི་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་རྒྱུ་སོགས་ཀྱི་ཐད་སླད་ཕྱིན་གྱི་ལས་ཀའི་ནང་མུ་མཐུད་འཚོལ་ཞིབ་དང་ཞིབ་འཇུག་གིས་ཐག་གཅོད་ནན་ཏན་བྱས་ཏེ་རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུའི་ནང་ནུས་པ་སྔར་ལས་ཡག་པ་དང་སྔར་ལས་ཆེ་བ་འདོན་དགོས།

        གཉིས། 2010ལོའི་ལས་དོན་གཙོ་བོ།

        ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ན། 2010ལོའི་གལ་ཆེའི་ལས་འགན་ནི། ཕྱོགས་ཡོངས་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལེགས་སྒྲུབ་བྱེད་རྒྱུ་དང་། ཚན་རིག་དང་མཐུན་པའི་ངང་“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དང་2020ལོའི་ཕུགས་ཡུན་བསམ་གཞི་བཟོས་ནས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་གཅོག་པ་དང་། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་ཏན་ཏིག་བྱེད་པ། དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་འགྲོ་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ། དཔལ་འབྱོར་གྱི་གྲུབ་ཆ་འགྱུར་ལྡོག་གཏོང་བའི་གོང་འཕེལ་གཏོང་སྟངས་ལེགས་སྒྲིག་བྱེད་པ། དཔལ་འབྱོར་འཕར་ཤུགས་དང་འགུལ་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས་དམངས་འཚོ་ལེགས་བཅོས་རྒྱུན་མི་ཆད་པ་བྱེད་རྒྱུ། ང་ཚོས་ད་ལོའི་གལ་ཆེའི་ལས་འགན་ལ་དམ་པོར་དམིགས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཡང་དག་མཛུབ་ཁྲིད་འོག་དང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་རྒྱུ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་སྲིད་གྲོས་བཙུགས་ནས་ལོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་རྒྱུ། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་ལག་བསྟར་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་རྒྱུ། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་རྒྱུ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་ཁོང་དུ་ཆུད་པ་བྱེད་རྒྱུ། སྲིད་གྲོས་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གཞི་རྩའི་བླང་བྱ་ལྟར་འགན་འཁྲི་སྒྲུབ་རྒྱུའི་ལམ་སྲོལ་དང་སྒྲིག་སྲོལ་འཚོལ་ཞིབ་རྒྱུན་མི་ཆད་པ་བྱེད་རྒྱུ་བཅས་བྱས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་སྒྲུབ་རྒྱུའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ཐོག་འབྲེལ་བ་མཐུན་སྦྱོར་དང་། སྟོབས་ཤུགས་གཅིག་སྒྲིལ། ཐབས་འདོན་ཇུས་འགོད། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ཟམ་མི་ཆད་པར་གོང་དུ་སྤེལ་ཐུབ་པ་བྱེད་དགོས།

        (གཅིག ) ཆབ་སྲིད་བསམ་བློ་ལེགས་སྐྱོང་བྱེད་རྒྱུའི་ཐོག་མུ་མཐུད་ཤུགས་རྒྱག་རྒྱུ་དང་དངོས་ཕན་ཐོན་པ་བྱེད་དགོས།

        སློབ་སྦྱོང་ལ་ཤུགས་སྣོན་དང་བསམ་བློ་ལེགས་སྐྱོང་ལ་མཐོང་ཆེན་བྱེད་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ལ་བསམ་བློ་གཅིག་མཐུན་དང་། བྱ་སྤྱོད་གཅིག་མཐུན། དམིགས་ཡུལ་གཅིག་མཐུན་བཅས་ཡོང་བ་བྱས་ནས་མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོ་མངོན་འགྱུར་ཡོང་བ་བྱེད་པའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན། ང་ཚོས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་དང་། ཡུན་རིང་གི་ལས་གཞི་ཞིག སྲོལ་རྒྱུན་གྱི་སྤྱོད་ཚུལ་ཞིག་ལ་བརྩིས་ནས་འགན་ནུས་སྒྲུབ་རྒྱུ་དང་རང་ངོས་ལེགས་སྐྱོང་བྱེད་རྒྱུ་སོགས་ཕྱོགས་ཚང་མར་ཁྱབ་པ་བྱེད་དགོས། ཡུན་རིང་གི་འཆར་གཞི་ཡག་པོ་བཟོ་བ་དང་སྐབས་འཕྲལ་གྱི་བཀོད་སྒྲིག་ཡག་པོ་བྱས་ཏེ་སློབ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ལ་བསམ་བློ་གང་ལེགས་གཏོང་དགོས། ང་ཚོས་མུ་མཐུད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་འཛིན་པའི་ཆབ་སྲིད་ཀྱི་མོས་ཤུགས་དང་བསམ་བློའི་མོས་ཤུགས་ཇེ་ཆེར་བཏང་ཐོག་རང་ལྗོངས་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་ཆབ་སྲིད་ཀྱི་ཁ་ཕྱོགས་གཅིག་མཐུན་དང་། རྩ་བའི་ཁེ་ཕན་གཅིག་མཐུན། ལས་དོན་གྱི་བླང་བྱ་གཅིག་མཐུན། འབད་འཐབ་དམིགས་ཡུལ་གཅིག་མཐུན་བཅས་ཡོང་བའི་འགན་ལེན་བྱེད་དགོས། སྲིད་གྲོས་སྐོར་གྱི་ཏང་གི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས། རྩ་དོན་བཅས་མུ་མཐུད་སློབ་སྦྱོང་བྱེད་རྒྱུ་དམ་འཛིན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དར་སྤེལ་གཏོང་བའི་ལམ་བུའི་ཐོག་སྐྱོད་རྒྱུའི་འདུ་ཤེས་བརྟན་དུ་བཏང་སྟེ་རང་ལྗོངས་ཀྱི་སྲིད་གྲོས་ལ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་འཕེལ་བ་བྱས་ཐོག་ཡང་དག་པའི་ཁ་ཕྱོགས་སུ་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། ང་ཚོས་མུ་མཐུད་དེ་མི་དམངས་སྲིད་གྲོས་ཀྱི་ཉམས་མྱོང་བཟང་པོ་སློབ་སྦྱོང་བྱེད་རྒྱུ་དམ་འཛིན་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ལེགས་གྲུབ་བྱུང་བའི་ཉམས་མྱོང་སློབ་སྦྱོང་བྱེད་རྒྱུ་དེ་མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་ཐད་ཀྱི་ཕུལ་བྱུང་གྲུབ་འབྲས་སློབ་སྦྱོང་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་དགོས་པ་དང་། རང་ལྗོངས་སྲིད་གྲོས་ཀྱི་ཉམས་མྱོང་བཟང་པོ་ཕྱོགས་བསྡོམས་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས་དུས་བབ་གསར་པའི་འོག་མི་དམངས་སྲིད་གྲོས་བྱ་གཞག་གི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་ཧུར་ཐག་དང་། རང་ལྗོངས་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་ལུགས་སྒྲུབ་ཐབས་འཚོལ་ཞིབ་ཧུར་ཐག་གིས་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ལས་དོན་གསར་གཏོད་བཅས་བྱས་ཏེ་རང་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་ཤུགས་ཆེན་པོ་ཡོང་བ་བྱས་ཐོག་རང་ལྗོངས་ཀྱི་དར་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་གསར་པ་འབུལ་ཐུབ་པ་བྱེད་དགོས།

        (གཉིས ) ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ཐོག་མུ་མཐུད་ཤུགས་རྒྱག་རྒྱུ་དང་དངོས་ཕན་ཐོན་པ་བྱེད་དགོས།

        མི་དམངས་སྲིད་གྲོས་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ང་ཚོས་བསམ་བློ་དང་བྱ་སྤྱོད་རྣམས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་ཐོག་གཅིག་གྱུར་ཏན་ཏན་ཡོང་བ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་ལྟ་བའི་བླང་བྱ་གཞིར་བཟུང་འགན་འཁྲི་བསྒྲུབས་ནས་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ཐོག་གཅིག་བསྡུས་ཐུབ་པ་བྱེད་དགོས། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་ལྟེ་བ་དེ་དམ་པོར་བཟུང་སྟེ་བློ་རྩེ་གཅིག་སྒྲིམ་གྱིས་འཛུགས་སྐྲུན་བྱེད་རྒྱུ་དང་བློ་གཅིག་སེམས་གཅིག་གིས་གོང་འཕེལ་ཡོང་ཐབས་བྱས་ནས་ཐུན་མོང་ཐོག་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་དང་། གོང་འཕེལ་གྱི་དཀའ་གནད་སེལ་ཐུབ་པ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཐད་ལ་ཇུས་ཤུགས་འདོན་ཐུབ་པ་བྱེད་དགོས། བོད་འདི་ཉིད་ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་ཡིན་པ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་བཅད་ཡིན་པ། རྒྱལ་ཁབ་ཀྱི་གཏེར་འདོན་ཐོན་ཁུངས་རྒྱུན་མཐུད་གསར་སྤེལ་ཁུལ་ཡིན་པ། རྒྱལ་ཁབ་ཀྱི “ནུབ་གློག་ཤར་གཏོང་”གི་ནུས་རྒྱུ་རྒྱུན་མཐུད་གསར་སྤེལ་ཁུལ་ཡིན་པ་བཅས་ཀྱི་འཐབ་ཇུས་གནས་བབ་བཏང་འཛིན་གནད་ལ་འཁེལ་བ་བྱས་ནས་རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྤྱི་ཡོངས་ཀྱི་ཐོག་ནས་བོད་ཀྱི་སྤྱི་ཡོངས་ཀྱི་ལས་དོན་དང་བོད་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་སྟངས་འཛིན་དང་ངོས་འཛིན་ཡག་པོ་བྱས་ཐོག་འགན་འཁྲི་ཁུར་སེམས་དང་། གཟི་བརྗིད་བསམ་པ། དགོས་གཏུགས་བསམ་པ་བཅས་ཤུགས་ཆེར་འགྲོ་བ་བྱེད་དགོས། ང་ཚོས་ཚན་རིག་དང་མཐུན་པའི་ངང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱས་ཏེ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གཏོང་ལམ་དུ་སྐྱོད་དགོས། མི་དམངས་སྲིད་གྲོས་ལ་ཤེས་ལྡན་པ་མང་བ་དང་རིག་སྟོབས་འདུས་ཆེའི་ཁྱད་འཕགས་འདོན་སྤེལ་གང་ལེགས་བྱས་ནས་སྲིད་གྲོས་ཀྱི་ལས་དོན་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་། གཞི་མཐུན་ངང་གོང་འཕེལ་གཏོང་རྒྱུ། སྔོན་ལ་གོང་འཕེལ་གཏོང་རྒྱུ་བཅས་ཀྱི་ལག་ལེན་རླབས་པོ་ཆེའི་ནང་འདྲེས་ཐུབ་པ་བྱེད་དགོས། ང་ཚོས་དཔལ་འབྱོར་རྒྱུན་མཐུད་འཕར་ཐབས་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས། ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་སོགས་དགོས་གཏུགས་ཆེ་བའི་གནད་དོན་ལ་དམ་པོར་དམིགས་ཏེ་མཛངས་པའི་གྲོས་གླེང་བ་དང་དོན་དམ་གྱི་ཇུས་འདོན་པ་བྱེད་དགོས། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དང་2020ལོའི་ཕུགས་ཡུན་གྱི་བསམ་གཞི་བཟོ་འགོད་བྱེད་རྒྱུར་དམ་པོར་དམིགས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་ཀྱི་སྤྱི་ཡོངས་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ཀྱི་གནད་དོན་དམ་འཛིན་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཡང་དག་པའི་ལྟ་བ་བཏོན་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་རྒྱུར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ང་ཚོས་རྒྱལ་ཡོངས་སྲིད་གྲོས་ཀྱི་དཔལ་འབྱོར་ཨུ་ལྷན་དང་། དེ་བཞིན་མི་རྒྱུན་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་དང་མཉམ་འབྲེལ་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་བོད་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་གླེང་སྟེགས་དུས་འཚམ་ལ་གཉེར་རྒྱུ་དང་། ལྗོངས་ཕྱི་ནང་གི་མཁས་དབང་གདན་ཞུ་བྱས་ནས་རིག་ལམ་དཔྱད་བསྡུར་ཚོགས་འདུ་ཚོགས་ཏེ་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དང་2020ལོའི་ཕུགས་ཡུན་གྱི་བསམ་གཞི་བཟོ་འགོད་བྱེད་རྒྱུའི་ཐད་ལ་ཐབས་འདོན་ཇུས་འགོད་བྱེད་དགོས།

        (གསུམ ) ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ཐོག་མུ་མཐུད་ཤུགས་རྒྱག་རྒྱུ་དང་དངོས་ཕན་ཐོན་པ་བྱེད་དགོས།

        ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་ནི་རང་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་ཨུ་ཡོན་གྱི་ཐུན་མོང་བསམ་འདུན་ཡིན། ང་ཚོས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛད་ཕྱོགས་དང་། སྲིད་ཇུས། གལ་ཆེའི་བྱ་ཐབས་རབ་དང་རིམ་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཕུགས་ཇུས་འདིང་བ་དང་རྩ་བ་བརྟན་གཏོང་གི་བྱ་ཐབས་བཟུང་དགོས། ང་ཚོས་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་མུ་མཐུད “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། གོང་འཕེལ་ལ་སྐུལ་འདེད ”བཅས་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་། མར་ཁེ་སི་རིང་ལུགས་ཀྱི “ལྟ་བ་བཞི་དང་སྨྲ་བ་གཉིས ”ཀྱི་སློབ་གསོ། སྤྱི་ཚོགས་གསར་ཪྙིང་བསྡུར་རྒྱུ་དང་གྲུབ་འབྲས་ཀྱི་སློབ་གསོ་བཅས་གཏོང་རྒྱུ་དམ་འཛིན་ཡག་པོ་བྱས་ནས “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་ཁ་ཕྲལ་ཟིང་སློང་ནི་ཆག་སྒོ་ཡིན་པའི ”བསམ་བློ་དེ་སྔར་བས་མི་སེམས་ལ་ཟུག་ཐུབ་པ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། ང་ཚོས་ལྗོངས་ཡོངས་ཀྱི་སྤྱིའི་དྲིལ་བསྒྲགས་བཀོད་སྒྲིག་ལ་གཞོགས་འདེགས་ཀྱིས་སྲིད་གྲོས་ཨུ་ཡོན་དང་ཏང་ཕྱིའི་རྒྱལ་གཅེས་གྲགས་ཅན་མི་སྣ་སྒྲིག་འཛུགས་བྱས་ཏེ་རང་ཉིད་ཀྱིས་འབྲེལ་ལམ་བཙུགས་པའི་མང་ཚོགས་ཀྱི་ལས་ཀ་ཡག་པོ་བྱེད་དགོས། མཚམས་སྦྱོར་ཡོ་བྱད་སྣ་ཚོགས་ཀྱི་ཐོག་ནས “སོ་སོའི་མྱོང་རྟོགས་དངོས་བཤད་དེ་”ཏཱ་ལའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུན་རང་བཞིན། བྱ་ཐབས་ཐོག་གི་གཡོ་སྒྱུའི་རང་བཞིན་བཅས་ཐེར་འདོན་བྱེད་དགོས། ང་ཚོས་ཕྱིར་སྐྱོད་པ་དང་ནང་དུ་གདན་དྲངས་པའི་ཐབས་ཤེས་སྤྱད་དེ་སྲིད་གྲོས་ཨུ་ཡོན་ནང་གི་བག་ཆགས་ཆེ་བའི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཚོགས་པ་སྒྲིག་འཛུགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཏུ་འཚམས་འདྲིར་བསྐྱོད་དེ་ཕྱི་ཕྱོགས་སུ་འབྲེལ་གཏུག་བྱེད་རྒྱུ་དང་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག་བོད་ཀྱི་དངོས་ཡོད་གནས་ཚུལ་ངོ་སྤྲོད་དང་། བོད་ལ་དོ་ཁུར་བྱེད་མཁན་རྒྱལ་ཕྱིའི་མི་སྣ་དང་གྲོགས་པོ་བསྒྲིག་སྟེ་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱས་ནས་ཁོང་ཚོའི་ལྟ་ཚུལ་ཡང་དག་པ་བཟོ་དགོས།

        (བཞི ) ཕྱོགས་གང་ཐད་ཀྱི་མཐུན་སྒྲིལ་སྲུང་སྐྱོང་བྱེད་རྒྱུའི་ཐོག་མུ་མཐུད་ཤུགས་རྒྱག་རྒྱུ་དང་དངོས་ཕན་ཐོན་པ་བྱེད་དགོས།

        འབྲེལ་བ་མཐུན་སྦྱོར་བྱེད་རྒྱུ་དང་། འགལ་ཟླ་སེལ་རྒྱུ། མཐུན་སྒྲིལ་ཆེ་རུ་གཏོང་རྒྱུ་བཅས་ནི་སྲིད་གྲོས་ལས་དོན་གྱི་བཀྲག་ཆེ་ས་ཞིག་ཡིན། ང་ཚོས་སྤྱི་ཚོགས་ཀྱི་དཔལ་འབྱོར་ལམ་སྲོལ་དང་། སྤྱི་ཚོགས་ཀྱི་གྲུབ་ཆ། ཁེ་ཕན་གྲུབ་སྟངས། བསམ་བློའི་འདུ་ཤེས་བཅས་འགྱུར་ལྡོག་འགྲོ་ཕྱོགས་དང་འཚམ་ཐུབ་པ་བྱས་ནས་དམངས་གཙོ་དར་སྤེལ་གཏོང་རྒྱུ་དང་། མཐུན་སྒྲིལ་ཆེ་རུ་གཏོང་རྒྱུ། འབྲེལ་བ་མཐུན་སྦྱོར་བྱེད་རྒྱུ། འགལ་ཟླ་སེལ་རྒྱུ་བཅས་འགན་ནུས་སྒྲུབ་པའི་ཤུགས་རྒྱག་གནད་ཅིག་ཏུ་བརྩི་དགོས། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མི་རིགས་ཀྱི་འབྲེལ་བ་དང་། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཕྱི་རྒྱལ་ནང་གི་སྤུན་ཟླའི་འབྲེལ་བ་བཅས་ཐག་གཅོད་ཡག་པོ་བྱེད་པའི་ནང་གཙོ་གནད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས། ང་ཚོས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས “ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི ”མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་དམ་འཛིན་ལྷོད་མེད་བྱས་ཐོག “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་དང་“ཕྱོགས་བཞི་མཚམས་བརྒྱད ”ཀྱི་རྩ་དོན་རྒྱུན་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་ཞིང་། ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་ཡང་དག་པ་བྱས་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། གཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་ཧུར་ཐག་གཏོང་དགོས། ང་ཚོས་ཏང་གི་ཆོས་ལུགས་ལས་དོན་གྱི་མཛད་ཕྱོགས་དང་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་པ་དང་། མི་དམངས་སྲིད་གྲོས་ནང་གི་ཆོས་ཕྱོགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དོ་དམ་གྱི་ནུས་པ་རྒྱུན་ཐོན་གྱི་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ཐོག་དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ནང་ཧུར་ཐག་ཞུགས་ཤིང་། ཆོས་ལུགས་ལས་དོན་གང་ལེགས་སྒྲུབ་ནས་ཆོས་ལུགས་གཞི་མཐུན་ཡོང་རྒྱུ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་སྐོར་གྱི་ཏང་གི་མཛད་ཕྱོགས་དང་སྲིད་ཇུས་ལག་བསྟར་བྱས་ཏེ་སྤྱི་ཚོགས་ཀྱི་རིམ་གྲས་གསར་པར་མཐུན་སྒྲིལ་དང་། རིམ་གྲས་མི་འདྲ་བའི་ཁེ་ཕན་གྱི་རེ་འདུན་ལ་དོ་སྣང་། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བཅས་ཀྱིས་ཕྱོགས་གང་ཐད་ཀྱི་ཁེ་ཕན་འབྲེལ་བ་ཐག་གཅོད་འོས་འཚམ་བྱས་ཏེ་ཐུན་མོང་ཐོག་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བྱ་གཞག་ནང་ཞུགས་དགོས། ང་ཚོས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་རྒྱ་ཁྱབ་ཏུ་ཤེས་རྟོགས་བྱས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་དང་། བསམ་འདུན། འདོད་བློ། རེ་བ་བཅས་དུས་ཐོག་ཏུ་གསལ་ཞུ་བྱས་ཏེ་འབྲེལ་བ་མཐུན་སྦྱོར་དང་། འགལ་ཟླ་སེལ་བ། བསམ་བློའི་འདྲེས་འཛིང་བསངས་བ། དོགས་གནད་སེལ་འགྲེལ་བྱེད་པ་བཅས་ཀྱི་ལས་ཀ་ཡག་པོ་བྱེད་དགོས། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་མང་ཚོགས་ལ་དྲིལ་བསྒྲགས་བྱེད་རྒྱུ་དང་། མང་ཚོགས་ལ་སློབ་གསོ་རྒྱག་རྒྱུ། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླར་མཐུན་སྒྲིལ་དང་འགུགས་ཐབས་བྱེད་རྒྱུ་བཅས་ཀྱི་ལས་ཀ་ཡག་པོ་བྱས་ཐོག སྔར་ལས་ལྷག་པའི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། ང་ཚོས་ཕྱོགས་གང་ཐད་ཀྱི་འབྲེལ་བ་དང་འགལ་ཟླ་མཐུན་སྦྱོར་དང་ཐག་གཅོད་བྱེད་པར་བརྟེན་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་འབྲེལ་བ་དེ་བས་འཆམ་མཐུན་དང་། སྤྱི་ཚོགས་རིམ་གྲས་ཁག་གི་འབྲེལ་བ་དེ་བས་མཐུན་སྦྱོར། ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་འཆམ་པ། རྒྱལ་ཁབ་ཕྱི་ནང་གི་རྒྱལ་གཅེས་སྤུན་ཟླའི་བར་གྱི་འབྲེལ་བ་དེ་བས་ཟབ་པ། མཐུན་སྦྱོར་བརྟན་ལྷིང་རྣམ་པ་བཟང་པོ་རྩ་བའི་ཐོག་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་རང་ལྗོངས་གོང་འཕེལ་དང་བརྟན་ལྷིང་ཡོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས།

        (ལྔ ) དམངས་གཙོའི་ལྟ་སྐུལ་གྱི་རྣམ་པའི་ཐོག་མུ་མཐུད་ཤུགས་རྒྱག་རྒྱུ་དང་དངོས་ཕན་ཐོན་པ་བྱེད་དགོས།

        དམངས་གཙོའི་ལྟ་སྐུལ་ནི་མི་དམངས་སྲིད་གྲོས་ཀྱི་འགན་ནུས་གལ་ཆེན་ཞིག་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བའི་རྣམ་པ་གལ་ཆེན་ཞིག་ཡིན། བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དུ་ང་ཚོས་དེའི་ཐད་ལ་ལམ་བཤངས་གསར་གཏོད་ཀྱིས་ལས་ཀ་འབོར་ཆེན་བྱས་ཡོད་ཀྱང་འགན་ནུས་སྒྲུབ་རྒྱུའི་བླང་བྱ་དང་བསྡུར་ན་ད་དུང་མི་ལྡེང་བའི་ཆ་ངེས་ཅན་ཞིག་ཡོད། ང་ཚོས་དུས་བབ་དང་ལས་འགན་འགྱུར་ལྡོག་འགྲོ་བར་འཚམ་ཐུབ་པ་བྱས་ཏེ་གཙོ་གནད་མངོན་ཆེ་ཡོང་བ་དང་། བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པ། གསར་གཏོད་ཧུར་ཐག་བྱེད་པ་བཅས་བྱས་ཐོག་དམངས་གཙོའི་ལྟ་སྐུལ་གྱི་རྣམ་པ་དང་། ནང་དོན། གོ་རིམ། སྤུས་ཚད་བཅས་ཀྱི་ཐོག་གཙོ་གནད་འཚོལ་ཞིབ་བྱས་ནས་འགན་འཁྲི་ནན་ཏན་བསྒྲུབ་པ་དང་ནུས་པ་འདོན་སྤེལ་བྱེད་དགོས། ང་ཚོས་དོན་གནད་ཆེ་རིགས་དང་ལྷག་པར་དུ་དམངས་འཚོ་དང་འབྲེལ་བ་ཡོད་པའི་དོན་གནད་ཆེ་རིགས་ཐག་གཅོད་མ་བྱས་གོང་དང་བྱེད་བཞིན་པའི་རིང་གི་ལྟ་སྐུལ་བྱེད་རྒྱུ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། སྲིད་གཞུང་གི་འགན་ནུས་སྡེ་ཚན་དང་། ཞབས་ཞུའི་ལས་རིགས། དམངས་འཚོའི་ལས་གཞི་ཆེ་གྲས་དང་ནང་མཁོ་རྒྱ་ཆེར་གཏོང་བའི་ནང་གི་རྣམ་གྲངས་ཆེ་གྲས་བཅས་ལ་དམངས་གཙོའི་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག དམངས་གཙོའི་ལྟ་སྐུལ་བྱེད་ཐབས་འཚོལ་ཞིབ་བྱས་ཏེ་དམངས་གཙོའི་ལྟ་སྐུལ་གྱི་ཉམས་མྱོང་གསོག་འཇོག་བྱེད་དགོས། དམངས་གཙོའི་ལྟ་སྐུལ་བྱེད་རིང་དུ་ཕྱོགས་གང་ཐད་ཀྱི་བསམ་འཆར་དང་། གྲོས་འཆར། རེ་འདུན་བཅས་རྒྱ་ཁྱབ་ཏུ་ཉན་ལེན་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་གོ་རིམ་ལྡན་པའི་ངང་སྲིད་ཞུགས་བྱེད་རྒྱུར་ཁྲིད་སྟོན་བྱེད་རྒྱུར་དོ་སྣང་། མི་དམངས་མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་དང་། ཐེ་ཞུགས་བྱེད་དབང་། བསམ་ཚུལ་འདོན་དབང་། ལྟ་སྐུལ་བྱེད་དབང་བཅས་ལ་སྲུང་སྐྱོང་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་རྒྱ་ཁྱབ་རང་བཞིན་དང་དོན་དངོས་རང་བཞིན་གང་ལེགས་མཚོན་ཐུབ་པ་བྱེད་དགོས། ང་ཚོས་གྲོས་འཆར་གལ་ཆེ་རིགས་ཀྱི་སྤུས་ཚད་དང་གྲངས་ཚད་ཡག་པོ་ཡོང་བ་བྱེད་རྒྱུའི་ཐོག་ཤུགས་བརྒྱབ་སྟེ་སྤུས་ཚད་ཅུང་མཐོ་ལ། ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེ་བྱེད་པའི་གྲོས་འཆར་འདོན་ཐུབ་པ་བྱེད་དགོས། ཆེད་དོན་ཨུ་ལྷན་ཁག་དང་ཨུ་ཡོན་སྒྲིག་འཛུགས་བྱས་ནས་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གི་བྱེད་སྒོ་སྤེལ་ཏེ་སྲིད་གྲོས་ཨུ་ཡོན་དང་ཆེད་དོན་ཨུ་ལྷན་གྱིས་བྲིས་པའི་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་དང་གྲོས་འཆར་གྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས། ང་ཚོས་ད་དུང་ཏང་ཨུད་དང་། སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་སྒྲིག་འཛུགས་བྱས་པའི་བརྟག་དཔྱད་ཞིབ་འཇུག་དང་ཞིབ་བཤེར་གྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་དགོས། དམངས་གཙོའི་ལྟ་སྐུལ་བྱེད་རིང་གི་མཐུན་སྦྱོར་འབྲེལ་མཐུད་ལས་ཀར་ཤུགས་སྣོན་བརྒྱབ་ནས་དམངས་གཙོའི་ལྟ་སྐུལ་གྱི་སྤུས་ཚད་ཡག་ཏུ་གཏོང་བ་དང་གྲུབ་འབྲས་ཆེ་རུ་བཏང་ཐོག་གནད་དོན་འགའ་ཞིག་ཐད་ཐེ་ཞུགས་བྱེད་ཐལ་དྲགས་ཡོང་སྙམ་ནས་བློ་ཁོག་ཆེན་པོས་འགན་འཁྲི་ཁུར་མི་ནུས་པའི་བསམ་པ་ཁྱད་བསད་བྱས་ཏེ་དམངས་གཙོའི་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་དགོས།

        (དྲུག ) སྲིད་གྲོས་རང་ངོས་ལེགས་སྐྱོང་བྱེད་རྒྱུར་མུ་མཐུད་ཤུགས་རྒྱག་རྒྱུ་དང་དངོས་ཕན་ཐོན་པ་བྱེད་དགོས།

        རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་། འགན་ནུས་ལག་བསྟར་བྱེད་རྒྱུ། འོད་སྟོང་འཕྲོ་བའི་ལས་ཀའི་གྲུབ་འབྲས་གཏོད་རྒྱུ་བཅས་ཀྱི་འགག་རྩ་ཡིན། ང་ཚོས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་བླང་བྱ་ལྟར་སྲིད་གྲོས་ཨུ་ཡོན་དང་། རིགས་ཁོངས་ཁག ཆེད་དོན་ཨུ་ལྷན་ཁག སྲིད་གྲོས་ལས་ཁུངས་བཅས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཕྱོགས་ཁག་ཚང་མ་མཐུན་སྦྱོར་གོང་འཕེལ་གཏོང་རྒྱུ་དང་འགྲིལ་ཤུགས་ཆགས་པ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། མིག་སྔའི་རང་ལྗོངས་སྲིད་གྲོས་ཀྱི་རང་ངོས་ལེགས་སྐྱོང་བྱེད་རྒྱུའི་ནང་ལྷག་བསྡད་པའི་ཞན་ཆར་དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་བྱས་ཏེ་གནད་དོན་གྱི་འབྱུང་རྩ་ཡག་པོ་འཚོལ་ཐུབ་པ་བྱས་ཐོག་ལག་ལེན་བསྟར་འཐུས་ཀྱི་ལེགས་བཅོས་བྱ་ཐབས་བཟོས་ནས་རང་ངོས་ལེགས་སྐྱོང་བྱེད་རྒྱུ་དེ་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་དངོས་འབྲེལ་སླེབས་ཐུབ་པ་བྱེད་དགོས། ལས་བཀུར་ཡར་བརྩོན་དང་། ལས་ཀ་ཚགས་ཚུད་པོ། མགྱོགས་ལ་མྱུར་བ། མཐུན་སྒྲིལ་འབད་འཐབ་བཅས་བྱེད་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེ་གཏོང་དགོས། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོར་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚང་མས་རང་འཁྲིའི་ལས་ཀ་དང་ཟུང་འབྲེལ་བྱེད་རྒྱུར་སྐུལ་འདེད་བཏང་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། རིག་གནས་སློབ་སྦྱོང་། འགན་བབས་ལས་སྒོ་སློབ་སྦྱོང་། དོ་དམ་སློབ་སྦྱོང་། ཚན་རྩལ་སློབ་སྦྱོང་། ཁྲིམས་ལུགས་སློབ་སྦྱོང་བཅས་བྱས་ཏེ་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འགན་ནུས་སྒྲུབ་རྒྱུའི་ནུས་པ་ཆེ་རུ་གཏོང་དགོས། ང་ཚོས་སྲིད་གྲོས་ཀྱི་སྒྲིག་སྲོལ་ལམ་ལུགས་དང་རང་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལམ་ལུགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། དུས་བབ་དང་ལས་འགན་ལ་འགྱུར་བ་འགྲོ་བར་གཞིགས་ཏེ་དེ་མཚུངས་ཀྱི་ལམ་ལུགས་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་པ་མ་ཟད། ལམ་ལུགས་ཁག་དོན་འཁྱོལ་ཡག་པོ་བྱེད་རྒྱུའི་ཐོག་རིག་པ་སྒྲིམ་ནས་སྒྲིག་སྲོལ་བཞིན་དོན་དག་སྒྲུབ་པ་དང་། མཐུན་སྦྱོར་གཅིག་གྱུར། ཚད་མཐུན་གོ་རིམ་ལྡན་པ། ཕྱོད་ཆེའི་འཁོར་སྐྱོད་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པ་བྱེད་དགོས། ང་ཚོས་སློབ་སྦྱོང་གི་རྣམ་པ་ལྡན་པ་དང་། ཞབས་ཞུའི་རྣམ་པ་ལྡན་པ། གསར་གཏོད་ཀྱི་རྣམ་པ་ལྡན་པ། གཞི་མཐུན་གྱི་རྣམ་པ་ལྡན་པ་བཅས་ཀྱི་སྲིད་གྲོས་ལས་ཁུངས་འཛུགས་སྐྱོང་བྱེད་རྒྱུ་དེ་དམིགས་ཡུལ་དུ་བཟུང་ནས་དེ་མཚུངས་ཀྱི་བྱ་ཐབས་བཟོ་བ་དང་ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་དེ་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་ལས་ཁུངས་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་པ་དང་ཕན་འབྲས་ཐོན་པ་བྱས་ཏེ་རང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་རྣམ་པ་བཟང་པོ་ཞིག་གང་ལེགས་མངོན་ཐུབ་པ་བྱེད་དགོས། ང་ཚོས་ཤེས་ལྡན་པའི་གནད་དོན་དེ་རང་ངོས་ལེགས་སྐྱོང་བྱེད་པའི་གཙོ་གནད་དུ་བརྩིས་ཤིང་། སྲིད་གྲོས་ཀྱི་ལས་དོན་ལ་དགའ་ཞེན་ཆེ་བ་དང་། སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ལ་བརྩོན་ཞིབ་བྱེད་མཁན། སྲིད་གྲོས་ལས་དོན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ། འགན་བབས་ལས་སྒོའི་ནུས་པ་ཆེ་བ་བཅས་ཀྱི་ཆེད་ལས་ཤེས་ལྡན་པ་དང་ཤེས་བྱ་ཀུན་འཛོམས་ཀྱི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་ཤུགས་ཆེ་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། སྤྱོད་ཚུལ་བཟང་བ། ཤེས་ཡོན་ཕུན་སུམ་ཚོགས་པ། འགན་བབས་ལས་སྒོ་བྱང་ཆུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་སྲིད་གྲོས་ལས་དོན་གྱི་ལས་བྱེད་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ་རང་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་དེ་ཕྱོགས་ཡོངས་ནས་གོང་འཕེལ་དང་། མཐུན་སྦྱོར་གོང་འཕེལ། ཚན་རིག་དང་མཐུན་པའི་གོང་འཕེལ་བཅས་ཡོང་བར་ནུས་སྟོབས་ཆེ་བའི་ཤེས་ལྡན་པ་མཁོ་འདོན་བྱེད་རྒྱུའི་འགན་སྲུང་བྱེད་དགོས།

        ཨུ་ཡོན་རྣམ་པ་དང་བློ་མཐུན་རྣམ་པ། འདི་ལོའི་ལས་འགན་དཀའ་ཚེགས་ཆེ་བ་དང་། འགན་འཁྲི་ལྕི་བ། འོས་འགན་བླ་ན་མེད་པ་བཅས་ཡོད་པས་འོད་སྟོང་འཕྲོ་བའི་ལས་ཀའི་བྱས་རྗེས་གཏོད་པར་མུ་མཐུད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་འོག་དང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བློ་བརྟན་འགྱུར་མེད་ཀྱིས་རང་ལྗོངས་སྲིད་གྲོས་ཀྱི་འདི་ལོའི་ལས་ཀའི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་ལྗོངས་སྲིད་གྲོས་བཙུགས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཆེ་མོ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་སྙིང་སྟོབས་ཆེར་བསྐྱེད་དང་། མཐུན་སྒྲིལ་དམ་ཟབ། ལམ་བཤངས་གསར་གཏོད། ལས་ཀ་ཏན་ཏིག་བཅས་བྱས་ཏེ་འགན་ནུས་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་ཚན་རིག་དང་མཐུན་པའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཐོག་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་ཕྱོགས་ཡོངས་ནས་སྐྲུན་རྒྱུར་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།