དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཟླ་1ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལེགས་མཆོག་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ།

        འཐུས་མི་རྣམ་པ།

        ངས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་ཞུ།

        2009ལོའི་ལས་དོན་གཙོ་བོ།

        2009ལོ་ནི་དུས་རབས་གསར་པ་འགོ་ཚུགས་པ་ནས་བཟུང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་དཀའ་ངལ་ཅུང་ཆེ་བའི་ལོ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དམངས་སེམས་གཅིག་མཐུན་དང་ཞུམ་པ་མེད་པའི་འབད་འཐབ་བྱས་ནས “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུཌ་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་ཤུཌ་ཆེ་བྱས་པ་དང་འབྲེལ་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་ཧུར་ཐག་བཅག་པ་དང་། ལྷ་སའི “3·14”རྡུང་གཅོག་འཕྲོག་སྲེག་གི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་གི་བྱ་བའི་ཤུགས་རྐྱེན་དུས་ཐོག་ཏུ་སེལ་བ་དང་། ནུས་ཤུགས་ཡོད་ཐང་སྤྱད་ནས་ས་ཡོམ་དང་། གངས་སྐྱོན། ཐན་པ་སོགས་རང་བྱུང་གནོད་འཚེ་ཚབས་ཆེའི་རིགས་ལ་ཁ་གཏད་བཅག་ནས་སྤྱི་ཚོགས་ཀྱི་དུས་བབ་མུ་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་ཐུབ་པ་དང་། དཔལ་འབྱོར་ཅུང་མགྱོགས་པོའི་ངང་གོང་འཕེལ་ཡོང་རྒྱུ་འགན་ལེན་ཐུབ་པ། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ་འགན་ལེན་ཐུབ་པ་བཅས་བྱུང་ཡོད། ལོ་གཅིག་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་དང་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ལྟེ་བར་ཕྱོགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་ཁྲིམས་ལུགས་གཞིར་བཟུང་འགན་དབང་སྤྱད་པ་དང་། འགན་འཁྲི་ནན་ཏན་བསྒྲུབས་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

        གཅིག ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་བྱེད་རྒྱུ་དང་། དམངས་གཙོའི་ཁྲིམས་འཛུགས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་འཛུགས་ཀྱི་སྤུས་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་བ།

        ལོ་གཅིག་ནང་རྒྱུན་ལས་ཨུ་ལྷན་གྱིས་རང་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། དམངས་འཚོ་ལེགས་སུ་གཏོང་རྒྱུ་བཅས་ཀྱི་དགོས་པ་དང་ཟུང་འབྲེལ་དམ་ཟབ་ཀྱིས་ལོ་ལྔའི་ཁྲིམས་འཛུགས་ཀྱི་འཆར་གཞི་དོན་འཁྱོལ་ནན་ཏན་བྱས་ཏེ་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུར་ནུས་ལྡན་གྱི་ཁྲིམས་ལུགས་ཀྱི་འགན་ལེན་མཁོ་འདོན་ཐུབ་པ་བྱུང་ཡོད།

        ལོ་འཁོར་གྱི་ཁྲིམས་འཛུགས་ལས་དོན་ལམ་ལྷོངས་བྱུང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པ་ཚོགས་ཚུན་ནས་བཟུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྱོན་བསྡོམས་ཁྲིམས་སྲོལ་གྲོས་གཞི་ཁག་10ལ་གྲོས་ཞིབ་བྱས་པ་དང་། གྲོས་གཞི་ཁག་9གྲོས་འཆམ་བྱས་པ། གྲོས་གཞི་1ལ་ཆོག་མཆན་སྤྲད་པ་བཅས་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྒྲུབ་རྒྱུར་རྩིས་སྤྲོད་གནང་བའི་བཅའ་ཁྲིམས་ཀྱི་འཆར་ཟིན་ཁག་16ལ་བཟོ་བཅོས་བསམ་འཆར་བཏོན་ཡོད། གཅིག་ནི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་ཁྲིམས་འཛུགས་ལས་དོན་ལ་མཐོང་ཆེན་བྱས་པ། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ལས་ཞུགས་ལ་སྐུལ་མ་གཏོང་རྒྱུའི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ནང་རིམ་ཁག་སྲིད་གཞུང་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་འགན་འཁྲི་སྔར་བས་ཁ་གསལ་བཟོས་པ་དང་། དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་གཉིས་ཀ་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་ནན་བཤད་བྱས་ཏེ་སྲིད་ཇུས་ཀྱི་གཞོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ལས་ཞུགས་ལ་ཞབས་ཞུ་ཡག་པོ་བྱས་ཏེ་མཐོ་རིམ་སློབ་ཐོན་སློབ་མ་དང་། ལས་ཞུགས་མེད་པའི་ཁྱིམ་ཚང་རིགས་ལས་ཞུགས་ཐུབ་པ་བྱེད་རྒྱུར་ཤུགས་རྒྱག་དགོས་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་གཞན་སྒྱུར་ལས་ཞུགས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ་སོགས་ཀྱི་གནད་དོན་བཏོན་ཡོད། གཉིས་ནི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཉེན་མེད་ཐོན་སྐྱེད་བྱེད་རྒྱུའི་ཐད་ཀྱི་ཁྲིམས་འཛུགས་བྱེད་རྒྱུར་མཐོང་ཆེན་བྱས་པ། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཉེན་མེད་ཐོན་སྐྱེད་སྲོལ་ཡིག་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག་ནང་ཉེན་མེད་ཐོན་སྐྱེད་བྱེད་རྒྱུ་དང་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་དོ་དམ་བྱེད་རྒྱུའི་ལམ་སྲོལ་དང་འགན་འཁྲི་ཁ་གསལ་བཟོས་པ་དང་། ཐོན་སྐྱེད་གཉེར་སྐྱོང་ཚན་པར་ངེས་པར་འཛོམས་དགོས་པའི་ཉེན་མེད་ཐོན་སྐྱེད་བྱེད་རྒྱུའི་ཆ་རྐྱེན་དང་། དེ་བཞིན་ལས་ཀ་བྱེད་མཁན་གྱི་ཁེ་དབང་དང་འོས་འགན་བཅས་གསལ་སྟོན་བྱས་པ་མ་ཟད། འཕྲལ་དུ་མྱུར་སྐྱོབ་བྱེད་རྒྱུ་དང་། དོན་རྐྱེན་བརྟག་དཔྱད་ཐག་གཅོད་བྱེད་རྒྱུ། འཕྲུལ་འགུལ་ཁ་ལོ་བར་སྦྱོང་བརྡར་སྤྲོས་ཕྱོགས། རྒྱུགས་གཏོང་ཕྱོགས། འཕྲུལ་འགུལ་འཁོར་རིགས་ལ་བརྟག་དཔྱད་དང་ཞིབ་བཤེར་བྱེད་ཕྱོགས་སོགས་ཀྱི་ཐད་ལ་གཏན་འབེབས་ཞིབ་ཕྲ་བཟོས་ནས་ཐོན་སྐྱེད་ཐད་ཀྱི་ལས་འཛོལ་རིགས་ཐོན་རྒྱུ་སྔོན་འགོག་དང་ཐོན་རྒྱུ་ཉུང་དུ་གཏོང་རྒྱུ། གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་ཆེ་གྲས་ཐོན་རྒྱུ་སྔོན་འགོག་དང་བཀག་སྡོམ་བྱེད་རྒྱུ། མི་དམངས་མང་ཚོགས་ཀྱི་ལུས་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་དང་འགན་ལེན་བྱེད་རྒྱུ་སོགས་ཀྱི་ཐད་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་བཟོས་ཡོད། གཞན་ཡང་རྒྱུན་ལས་ཨུ་ལྷན་གྱིས་མེ་ཟོན་སྲོལ་ཡིག (བཟོ་བཅོས་འཆར་ཟིན )ལ་གྲོས་ཞིབ་བྱས་པ་དང་། གསུམ་ནི་བུད་མེད་དང་བྱིས་པ་དང་། ལས་བཟོ་བའི་ཁེ་དབང་འགན་སྲུང་བྱེད་རྒྱུའི་ཁྲིམས་འཛུགས་ལས་དོན་ལ་མཐོང་ཆེན་བྱས་ནས་བཟོ་བཅོས་བྱས་རྗེས་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ནང་བུད་མེད་ཀྱི་ཆབ་སྲིད་ཀྱི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནང་བུད་མེད་ཀྱི་འཐུས་མིའི་བསྡུར་གྲངས་20%ལས་མི་ཉུང་བ་དགོས་རྒྱུ་མ་ཟད་རིམ་པས་བསྡུར་གྲངས་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད། ཕྱོགས་མཚུངས་བུད་མེད་ལ་རིག་གནས་སློབ་གསོ་ཐོབ་རྒྱུའི་ཁེ་དབང་དང་ངལ་རྩོལ་དང་སྤྱི་ཚོགས་ཀྱི་འགན་སྲུང་བྱེད་རྒྱུའི་ཁེ་དབང་། རྒྱུ་དངོས་ཀྱི་ཁེ་དབང་། མི་ལུས་དབང་ཆ། གཉེན་སྒྲིག་དང་ཁྱིམ་ཚང་གི་ཁེ་དབང་སོགས་ཀྱི་ཐད་ལ་གཏན་འབེབས་ཁ་གསལ་བྱས་ཡོད། བཟོ་བཅོས་བྱས་རྗེས་ཀྱི་ན་སོ་དར་ལ་མ་བབས་པའི་མི་ལ་སྲུང་སྐྱོབ་བྱེད་རྒྱུའི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ནང་ན་སོ་དར་ལ་མ་བབས་པའི་མི་ལ་ཁྱིམ་ཚང་གི་སྲུང་སྐྱོབ་དང་། སློབ་གྲྭའི་སྲུང་སྐྱོབ། སྤྱི་ཚོགས་ཀྱི་སྲུང་སྐྱོབ། རང་གིས་རང་སྲུང་སྐྱོབ། ཁྲིམས་འཛིན་གྱི་སྲུང་སྐྱོབ་བཅས་ཀྱི་བྱེད་ཐབས་བཟོ་རྒྱུའི་ཐད་ལའང་གཏན་འབེབས་ཁ་གསལ་བྱས་ཡོད། ལྷག་པར་དུ་ན་སོ་དར་ལ་མ་བབས་པའི་མི་སློབ་གྲྭར་འགྲོ་རིང་མི་ལུས་ཀྱི་བདེ་འཇགས་འགན་ལེན་བྱེད་རྒྱུའི་ལམ་ལུགས་འཛུགས་རྒྱུའི་ཐད་ནང་དོན་ཁ་སྣོན་བརྒྱབ་པ་དང་ཞིབ་ཚགས་སུ་བཏང་ཡོད། ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་སྲོལ་ཡིག་བཟོས་པའི་ནང་ལས་བཟོའི་འཐུས་མིའི་བསྡུར་གྲངས་དང་། ལས་བཟོའི་འཐུས་མིའི་ཁེ་དབང་དང་འོས་འགན། ལས་བཟོའི་འཐུས་མིའི་མི་གྲངས། དབང་བའི་ལམ་ལུགས་མི་གཅིག་པའི་ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་འགན་དབང་བཅས་ཀྱི་ཐད་གཏན་འབེབས་ཁ་གསལ་བྱས་ཡོད། བཞི་ནི་རིག་གནས་བྱ་གཞག་གོང་འཕེལ་གཏོང་ཕྱོགས་ཐད་ཀྱི་ཁྲིམས་འཛུགས་ལས་ཀར་མཐོང་ཆེན་བྱས་པ། བཟོ་བཅོས་བྱས་པའི་རིག་གནས་ཁྲོམ་རའི་དོ་དམ་སྲོལ་ཡིག་ནང་ལས་གཉེར་ཆོག་མིན་དང་། ལས་གཉེར་གྱི་ཆ་རྐྱེན། ལས་གཉེར་བྱེད་སྟངས། ལས་གཉེར་ཁྱབ་ཁོངས་སོགས་ཚད་ལྡན་བཟོས་པ་མ་ཟད་ཆད་གཅོད་ཀྱི་ཚད་གཞི་ལེགས་སྒྲིག་བྱས་ཡོད། གཞན་ཡང་ལྷ་ས་གྲོང་ཁྱེར་གྱི་ས་མིང་དོ་དམ་སྲོལ་ཡིག་ལ་ཞིབ་བཤེར་གྱིས་ཆོག་མཆན་སྤྲད་ནས་ལྷ་ས་ས་ཁུལ་གྱི་ས་མིང་བེད་སྤྱོད་བྱེད་རྒྱུ་ཚད་ལྡན་བཟོས་ཡོད། ལྔ་ནི་བོད་ལྗོངས་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུའི་འཆར་འགོད་ལ་ཁྲིམས་འཛུགས་ཀྱི་བརྟག་ཞིབ་བྱེད་རྒྱུའི་ལས་ཀར་མཐོང་ཆེན་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ཁྲིམས་འཛུགས་བྱེད་རྒྱུའི་སྔོན་གྲབས་ལས་དོན་ཧུར་ཐག་སྤེལ་ཞིང་། རྒྱུན་ལས་ཨུ་ལྷན་གྱིས་འབྲེལ་ཡོད་ཁོངས་མི་སྒྲིག་འཛུགས་བྱས་ཏེ་ནེ་པ་ལར་བསྐྱོད་ནས་ཁོར་ཡུག་གི་ཁྲིམས་འཛུགས་བྱེད་ཕྱོགས་དང་རང་བྱུང་སྲུང་སྐྱོབ་ཁུལ་ལ་དོ་དམ་བྱེད་ཕྱོགས་ལ་རྟོག་ཞིབ་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་བྱེད་རྒྱུའི་སྲོལ་ཡིག་དང་། ནགས་ཁུལ་དོ་དམ་བྱ་ཐབས་སོགས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་སྲིད་གཞུང་གི་སྲོལ་ཡིག་ལ་ཞིབ་བཤེར་བྱས་ཡོད། དྲུག་ནི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་འཛུགས་ཕྱོགས་ཀྱི་ཁྲིམས་འཛུགས་བྱེད་རྒྱུའི་ལས་དོན་ལ་མཐོང་ཆེན་བྱས་པ། ལྟ་སྐུལ་བཅའ་ཁྲིམས་ལག་བསྟར་བྱ་ཐབས་བཟོས་ནས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ལས་ཀའི་གཙོ་གནད་དང་། ནང་དོན། རྣམ་པ། ལས་རིམ་སོགས་སྔར་བས་ཚད་ལྡན་དུ་བཏང་ཡོད། གཞན་ཡང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་སྲོལ་ཡིག་བཟོས་ནས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་བྱེད་རྒྱུའི་ལས་འགོ་བཙུགས་ཏེ་སྲིད་གཞུང་གི་སྲོལ་ཡིག་ཁག་བདུན་ཐོ་འགོད་བྱུང་བར་ཞིབ་བཤེར་བྱས་པ་ཡིན།

        ཁྲིམས་འཛུགས་ཀྱི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་ལས་དོན་ནང་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་བྱེད་རྒྱུ་དང་། དམངས་གཙོས་ཁྲིམས་འཛུགས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་དམངས་ཀྱིས་ཁྲིམས་འཛུགས་ལས་དོན་ནང་གོ་རིམ་ཡོད་པའི་སྒོ་ནས་ཐེ་ཞུགས་བྱེད་རྒྱུ་རྒྱ་ཆེར་གཏོང་རྒྱུར་དོ་སྣང་བྱས་ཏེ་གཏན་ལ་ཕབ་པའི་ཁྲིམས་སྲོལ་ཁག་གིས་རྒྱལ་ཁབ་ཧྲིལ་པོའི་ཁེ་ཕན་དང་། མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་བྱེད་རྒྱུ་དང་མོས་སྙོམས་དྲང་བདེན་གྱི་རྩ་དོན་མཐར་ཕྱིན་པ་མཚོན་པ་བྱས་ཐོག ཁྲིམས་འཛུགས་བྱེད་པའི་ནང་སྡེ་ཚན་གྱི་ཁེ་ཕན་ལ་ལྟ་བའི་ཕྱོགས་ལྷུང་རིགས་སྔོན་འགོག་དང་ཁྱད་བསད་བྱས་ཡོད་པ། གཅིག་ནི་དཔལ་འབྱོར་ཁྲིམས་འཛུགས་དང་སྤྱི་ཚོགས་ཁྲིམས་འཛུགས་བྱེད་རྒྱུ་གཉིས་ཀ་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པར་བརྟེན་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུ་བཅས་ཀྱི་ཐད་ལ་གྲུབ་འབྲས་ནུས་ལྡན་ཐོབ་ཡོད་པ་རེད། གཉིས་ནི་འཛུགས་རྒྱུ་དང་། བཟོ་བཅོས་བྱེད་རྒྱུ། མེད་པ་བཟོ་རྒྱུ་གསུམ་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་ཁྲིམས་སྲོལ་གཏན་ལ་ཕབ་པ་དང་ཆབས་ཅིག་བསྒྱུར་བཅོས་དང་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་དང་མི་འཚམ་པའི་ཁྲིམས་སྲོལ་རིགས་དུས་ཐོག་ཏུ་གཙང་བཤེར་བྱས་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་། ས་གནས་ཁྲིམས་སྲོལ་གྱི་དབང་གྲགས་རང་བཞིན་དང་བཙན་བརྗིད་རང་བཞིན་སྲུང་སྐྱོབ་ཐུབ་པ་བྱུང་ཡོད། གསུམ་ནི་གྲངས་ཚད་དང་སྤུས་ཚད་གཉིས་ཀ་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁྲིམས་འཛུགས་ལས་དོན་ནང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་མཐར་ཕྱིན་པ་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ནང་གལ་ཆེ་བ་དང་། དགོས་མཁོ་ཆེ་བ། ཆ་རྐྱེན་འཛོམས་པ་བཅས་ཀྱི་རིགས་ཁྲིམས་འཛུགས་རྣམ་གྲངས་ཀྱི་གཙོ་གནད་དུ་བཞག་ནས་ཀྲུའུ་རེན་ཚོགས་འདུ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཁྲིམས་སྲོལ་འཆར་ཟིན་ལ་གྲོས་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཅིག་གྱུར་གྲོས་ཞིབ་བྱེད་ཚད་ཤུགས་ཆེ་རུ་བཏང་བར་བརྟེན་གྲོས་ཞིབ་ཀྱི་སྤུས་ཚད་དང་ནུས་འབྲས་ཆེ་རུ་སོང་བ་མ་ཟད། ཁྲིམས་འཛུགས་ཀྱི་གྲངས་འབོར་དང་སྤུས་ཚད་ཀྱང་གོང་མཐོར་སོང་ཡོད། བཞི་ནི་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དང་། ཚན་རིག་དང་མཐུན་པའི་རིག་དཔྱད་ཁུངས་སྐྱེལ་བྱེད་རྒྱུ་གལ་ཆེ་མཉམ་དུ་བཞག་སྟེ་རང་ལྗོངས་ཀྱི་གནས་ཚུལ་ལ་བསྟུན་པ་དང་ཕྱོགས་ཡོངས་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས་ཁྲིམས་སྲོལ་ཡོད་ཚད་གཏན་འཁེལ་མ་བྱས་གོང་ལ་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེ་བྱས་པ་དང་། ཚན་རིག་དང་མཐུན་པའི་རིག་དཔྱད་ཁུངས་སྐྱེལ་བྱས་ཡོད། བསམ་འཆར་མི་མཐུན་པ་ཆེ་ཙམ་ཡོད་པའི་གནད་དོན་རིགས་ལ་ཡང་སྐོར་བསྐྱར་སྐོར་གྱིས་བརྟག་དཔྱད་ཞིབ་འཇུག་དང་རིག་དཔྱད་ཁུངས་སྐྱེལ་བྱས་ཏེ་ངོས་འཛིན་གཅིག་མཐུན་བྱུང་ནས་ཁྲིམས་སྲོལ་གྱི་ཚན་རིག་རང་བཞིན་དང་། བེད་སྤྱོད་རང་བཞིན། སྤྱོད་བདེའི་རང་བཞིན་བཅས་ཆེ་རུ་སོང་ཡོད། ཁྲིམས་འཛུགས་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་ཆེད་གོ་རིམ་ལྡན་པའི་སྒོ་ནས་ས་གནས་ཁྲིམས་འཛུགས་ལས་དོན་ཧུར་ཐག་སྤེལ་ཞིང་། རྒྱུན་ལས་ཨུ་ལྷན་གྱིས་བརྟག་དཔྱད་ཞིབ་འཇུག་དང་རིག་དཔྱད་ཁུངས་སྐྱེལ་བྱས་པའི་རྨང་གཞིའི་ཐོག་ཁྲིམས་བཟོའི་ལག་རྩལ་ཚད་ལྡན་བཟོ་ཕྱོགས་ཀྱི་འཆར་ཟིན་བཟོས་ནས་རང་ལྗོངས་ཀྱི་ཁྲིམས་འཛུགས་ལས་དོན་བྱེད་ཐབས་ཚགས་ཚུད་དུ་གཏོང་རྒྱུ་དང་། རང་ལྗོངས་ཀྱི་ཁྲིམས་འཛུགས་ལས་དོན་ཚད་ལྡན་བཟོ་རྒྱུ། གང་མགྱོགས་རང་ལྗོངས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་བྱེད་རྒྱུ་དང་། དམངས་གཙོའི་ཁྲིམས་འཛུགས་བྱེད་རྒྱུ་བཅས་ལ་རྨང་གཞི་བཏིང་ཡོད།

        གཉིས། ལྟེ་བར་ཕྱོགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལྟ་སྐུལ་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་བ།

        ལོ་གཅིག་ནང་རྒྱུན་ལས་ཨུ་ལྷན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གཙོ་གནད་དེར་འབྲལ་མེད་ཕྱོགས་ནས་ཁྲིམས་ལུགས་གཞིར་བཟུང་ལྟ་སྐུལ་གྱི་འགན་ནུས་སྤྱད་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྔར་ལས་ལེགས་པའི་གོང་འཕེལ་དང་། སྔར་ལས་མགྱོགས་པའི་གོང་འཕེལ། སྔར་ལས་ཆེ་བའི་གོང་འཕེལ་བཅས་ཡོང་རྒྱུར་ནུས་ལྡན་གྱི་རྒྱབ་སྐྱོར་དང་འགན་ལེན་བྱས་ཡོད།

       (གཅིག ) “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་རྩ་གནད་ལག་བསྟར་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་བ།

        ཟླ་3པར་སྐོང་ཚོགས་བྱས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་རྩ་གནད་ལག་བསྟར་བྱེད་རྒྱུའི་དུས་དཀྱིལ་གྱི་ཚོད་སྐོར་སྙན་ཞུར་གྲོས་ཞིབ་བྱས་ནས 《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་རྩ་གནད་ལ་དམིགས་ཚད་གསར་སྣོན་བྱས་པར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས 》བཟོས་པ་དང་འབྲེལ་འདི་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ལ་སྔར་ལས་ནུས་པ་ལྡན་པའི་སྲིད་ཇུས་དང་བྱ་ཐབས་བཟོས་ཏེ་སྔར་ཡོད་ཀྱི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུ་དང་། ལྷུ་ཚིགས་སྐྱོ་རིགས་ཤུགས་ཆེ་རུ་བཏང་སྟེ་“ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་དུས་ཐོག་ཏུ་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ལམ་སྲོལ་དང་བྱེད་ཐབས་བཟོས་ཏེ་བསྒྱུར་བཅོས་སྒོ་དབྱེ་དང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཁ་ཙམ་མིན་པའི་སྒོ་ནས་“ཞིང་གསུམ ”ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་རྣམས་བདེ་སྡོད་ལས་བརྩོན་ཐུབ་པ་བྱེད་རྒྱུ་འཚང་ཁར་འཛིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་ཤུགས་ཆེར་གཏོང་དགོས་པ། གཙོ་གནད་རྣམ་གྲངས་ཆེ་རིགས་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ། སྤྱི་ཚོགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་ཐད་ལ་དགེ་ཚན་ལྡན་པའི་བསམ་འཆར་དང་གྲོས་འཆར་བཏོན་ཡོད།

        (གཉིས )འཕར་སྣོན་འགན་ལེན་བྱེད་རྒྱུའི་བྱ་ཐབས་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་བ། ཟླ་7པའི་ནང་འཚོགས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་2009ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་། ལོ་སྨད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་བཀོད་སྒྲིག་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་2008ལོའི་ནོར་སྲིད་ངེས་རྩིས་དང་2009ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་བརྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་པ། 2008ལོའི་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་སྤྲད་པ་བཅས་དང་། ཕྱོགས་མཚུངས་རིམ་ཁག་སྲིད་གཞུང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་གོང་འཕེལ་གྱི་གོ་སྐབས་དམ་འཛིན་གནད་ལ་འཁེལ་བ་བྱེད་རྒྱུ་དང་། གོང་འཕེལ་གཏོང་རྒྱུའི་དཀའ་གནད་རིགས་སེལ་ནས་དཔལ་འབྱོར་གོང་འཕེལ་གཏོང་ཚད་10%ཡན་ཟིན་པ་བྱེད་རྒྱུའི་དམིགས་ཚད་ལ་འབྲལ་མེད་ཕྱོགས་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་གཏོང་དགོས་པ་དང་། མ་འཇོག་དང་འཛད་སྤྱོད་གཉིས་ཐོག་ནས་གོང་འཕེལ་གཏོང་རྒྱུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དཔལ་འབྱོར་གྲུབ་ཆར་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱེད་རྒྱུའི་ལས་ཀ་ཧུར་ཐག་བྱེད་དགོས་པའི་ཐོག་ཚོང་དང་ཚོང་འགུག་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཁྱོན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱེད་སྟངས་ལ་ལྟ་བཤེར་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྔོན་དཔག་གི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས་པའི་རེ་བ་བཏོན་ཡོད། ཟླ་9པར་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་སྐོང་ཚོགས་བྱས་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་2009ལོའི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་ཡོང་འགྱུར་བ་བཏང་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་པའི་ཐོག་གསར་འཕེལ་ནོར་ཤུགས་རྣམས་གཙོ་བོ་དཔལ་འབྱོར་སྙོམས་སྒྲིག་བྱེད་སྟངས་སྟངས་འཛིན་བྱེད་རྒྱུ་དང་། “ཞིང་གསུམ ”ལ་རྒྱབ་སྐྱོར་བྱེད་རྒྱུ། གནོད་འཚེ་འགོག་བཅོས་བྱེད་རྒྱུ། དམངས་འཚོ་ལེགས་སུ་གཏོང་རྒྱུ། བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་བཅས་ཀྱི་ཐད་ལ་ཕྱོགས་དགོས་པའི་རེ་བ་བཏོན་ཡོད། ཟླ་11པར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐོང་ཚོགས་བྱས་ནས་ལྗོངས་ཡོངས་ཀྱི་ཁྲལ་བསྡུའི་ལས་དོན་སྐོར་གྱི་གནས་ཚུལ་སྙན་ཞུ་དང་། དངུལ་རྩའི་ལས་དོན་སྐོར་གྱི་གནས་ཚུལ་སྙན་ཞུར་གྲོས་ཞིབ་བྱས་ནས་ཁེ་ལས་ཆུང་འབྲིང་རིགས་ཀྱི་མ་རྩ་བསྡུ་རུབ་བྱེད་རྒྱུར་དཀའ་ངལ་ཆེ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་། དངུལ་རྩ་དང་། ཁྲལ་བསྡུའི་ཐད་ཀྱི་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་རིགས་བེད་སྤྱོད་ཡག་པོ་གཏོང་དགོས་པའི་ཐད་ལ་བསམ་འཆར་དང་གྲོས་འཆར་བཏོན་ཡོད། ཕྱོགས་མཚུངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་དང་གྲོང་ཁྱེར་ཁག་གཅིག་དང་། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་སྡེ་ཚན་ལ་བསྐྱོད་ནས་ཞིང་འབྲོག་ལས་དང་། ཡུལ་སྐོར་ལས་དོན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ནོར་སྲིད་ཁྲལ་བསྡུ། རྣམ་གྲངས་ཀྱི་མ་འཇོག དཔལ་འབྱོར་འདུ་འགོད། སྡེ་ཚན་གྱི་སྔོན་རྩིས་བསྒྱུར་བཅོས། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་། ཁེ་ལས་ཀྱི་གཉེར་སྐྱོང་། དངུལ་རྩ་བཅས་ཀྱི་ལས་རིགས་གོང་འཕེལ་འགྲོ་ཚུལ་ཤེས་རྟོགས་བྱས་པའི་ཐོག་དཔལ་འབྱོར་དུས་བབ་དབྱེ་ཞིབ་བྱེད་པའི་ཚོགས་འདུ་སྐོང་ཚོཌ་བྱས་ནས་ལྷ་སའི “3·14” དོན་རྐྱེན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཐད་ལ་རྗེས་འབྲེལ་གྱི་ཤུགས་རྐྱེན་བྱུང་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་ནས་དཔྱད་གཞི་བྱེད་རིན་ཡོད་པའི་བསམ་འཆར་དང་གྲོས་འཆར་བཏོན་ཡོད།

       (གསུམ )དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་དང་འཁོར་སྐྱོད་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་བ།

        ཟླ་7པ་དང་ཟླ་9པའི་ནང་སྐོང་ཚོགས་བྱས་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུས་ཁག་སོ་སོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་2008ལོའི་ལོ་འཁོར་གྱི་རང་སྐྱོང་ལྗོངས་རིམ་པའི་སྔོན་བརྩིས་ལག་བསྟར་བྱས་ཚུལ་དང་། དེ་མིན་གྱི་ནོར་སྲིད་གཏོང་ཡོང་སྐོར་ལ་རྩིས་བཤེར་བྱས་པའི་ལས་དོན་སྙན་ཞུ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛིན་བརྟག་དཔྱད་ཚོགས་ཆུང་གིས་རྩིས་བཤེར་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་སོགས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་རྩིས་བཤེར་སྙན་ཞུའི་ནང་བཏོན་པའི་གནད་དོན་དང་། ལྷག་པར་དུ་སྔོན་རྩིས་ལག་བསྟར་བྱེད་པའི་ནང་ཐོན་པའི་གཏོང་སྒོ་སྟོང་པའི་རིགས་དང་། ཆེད་དམིགས་མ་དངུལ་གཞན་སྤྱོད་བྱས་པ། བསྡུ་དགོས་པའི་སྔོན་རྩིས་ཡོང་འབབ་བར་ཉར་དང་། ནོར་སྲིད་ཀྱི་ཆེད་དམིགས་རྩིས་ཁྲའི་ནང་འཇུག་དགོས་པའི་དངུལ་འབབ་བར་ཉར་བྱས་པ་སོགས་ཀྱི་གནད་དོན་ལ་རྒྱུན་ལས་ཨུ་ལྷན་ནས་དུས་ཐོག་ཏུ་དེ་རིགས་ལ་དུས་བཀག་བཟོས་ཏེ་བཅོས་སྒྲིག་དང་དོན་འཁྱོལ་བྱས་ནས་འབྲས་བུ་མཐོང་རྒྱུ་ཡོད་པ་བྱེད་དགོས་པའི་རེ་བ་བཏོན་ཡོད། རྩིས་བཤེར་ཁྲིམས་འཛིན་བྱེད་ཚུལ་ལ་བརྟག་དཔྱད་བྱས་པའི་ནང་རྩིས་བཤེར་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུ་དང་། རྩིས་བཤེར་གྱི་གཏན་འབེབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྩིས་བཤེར་བྱས་འབྲས་ཡོངས་བསྒྲགས་བྱེད་རྒྱུའི་ལམ་ལུགས་རིམ་གྱི་འཛུགས་རྒྱུ་སོགས་ཀྱི་གནད་དོན་རིགས་གཙོ་བོར་བྱས་ནས་བསམ་འཆར་དང་གྲོས་འཆར་བཏོན་ཡོད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱུན་ལས་ཨུ་ལྷན་གྱི་བསམ་འཆར་དང་གྲོས་འཆར་ལ་མཐོང་ཆེན་བྱས་ནས་ཆེད་མངགས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཚོགས་ཏེ་རྩིས་བཤེར་ལས་དོན་སྙན་སྒྲོན་ནང་བཏོན་པའི་གནད་དོན་ལ་བཅོས་སྒྲིག་བྱེད་རྒྱུའི་ཞིབ་འཇུག་བྱས་པ་མ་ཟད་དེ་སྐོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆེད་དོན་སྙན་སེང་གནང་བྱུང་།

       (བཞི ) གྲོང་གསེབ་ཀྱི་བསྒྱུར་བཅོས་དང་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་བ།

        ཟླ་4པའི་ཟླ་སྨད་ལ་རྒྱུན་ལས་ཨུ་ལྷན་ནས་བརྟག་ཞིབ་ཚོགས་ཆུང་ཞིང་འབྲོག་ཁུལ་གྱི་འཐབ་ས་དང་པོར་བསྐྱོད་དེ་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གཞིགས་ཏེ་རིམ་ཁག་སྲིད་གཞུང་ནས་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ་དང་། འབྲུ་རིགས་ཐད་གནད་དོན་མི་ཐོན་པ་བྱེད་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་འཚམ་པོ་བྱས་ཏེ་འབྲུ་རིགས་ཐད་གནད་དོན་མི་ཐོན་པའི་དམིགས་ཚད་ཚན་རིག་དང་མཐུན་པ་ཞིག་བཟོས་ནས་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་སྲུང་སྐྱོབ་དང་ཇེ་ཆེར་གཏོང་དགོས་པ་མ་ཟད། གཞི་རྩའི་ཞིང་ནང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ་བྱེད་རྒྱུ། ཞིང་ལས་ཐད་ཚན་རྩལ་འདུས་ཚད་དང་འཕྲུལ་ཆས་ཅན་དུ་འགྱུར་བའི་ཆུ་ཚད་གོང་མཐོར་གཏོང་དགོས་པ། འབྲུ་རིགས་ཐད་ཉེན་བརྡ་གཏོང་རྒྱུ་དང་། འཕྲལ་སྡོམ་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁུལ་ལ་སྲིད་ཇུས་ཀྱི་གཞོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་ལས་སྟོབས་ཆེར་གཏོང་རྒྱུ་དང་ཞིང་པར་ཕན་སྦྱར་བྱེད་རྒྱུའི་སྲིད་ཇུས་ཚགས་ཚུད་དུ་གཏོང་རྒྱུ་བཅས་ཀྱི་ཐད་ལ་དམིགས་ས་ཡོད་པའི་བསམ་འཆར་དང་གྲོས་འཆར་བཏོན་པར་འབྲེལ་ཡོད་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཡོད་པ་རེད། རྒྱུན་ལས་ཨུ་ལྷན་གྱིས་གྲོང་གསེབ་ཀྱི་བསྒྱུར་བཅོས་གོང་འཕེལ་གཏོང་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་གཙོ་གནད་དེ་དམ་པོར་བཟུང་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྒྲིག་འཛུགས་བྱས་ནས་བོད་ཀྱི་ཞིང་འབྲོག་ཚན་རྩལ་ཞིབ་འཇུག་དང་། ཚན་རྩལ་ཁྱབ་གདལ་དང་གསར་སྤེལ་གྱི་གནས་ཚུལ་ལ་དམིགས་ཏེ་ཁྱད་ཆོས་ལྡན་པའི་འདེབས་ལས་དང་། གསོ་སྤེལ་ལས་རིགས། ཕྱུགས་རྒྱུད་ལེགས་སྒྱུར། སོན་བཟང་ཁྱབ་གདལ། ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་བཟོ་རྒྱུ་བཅས་ཀྱི་ཐད་ལ་ཆེད་དོན་བརྟག་ཞིབ་བྱས་ནས་ཚན་རྩལ་གྱི་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཞིང་འབྲོག་ཚན་རྩལ་འབྲས་བུ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས་པའི་བསམ་འཆར་དང་གྲོས་འཆར་བཏོན་པ་ཡིན། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱེད་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱས་ནས་བརྟག་ཞིབ་བྱེད་སྒོའི་ནང་ཐོན་པའི་ལས་གྲྭའི་མྱུར་ཚད་ཆ་སྙོམས་པོ་མེད་པ་དང་། སྤུས་ཚད་ཀྱི་ཚད་གཞི་མེད་པ། ས་ཆ་ཡག་པོ་འདེམས་ཐུབ་མེད་པ། མང་ཚོགས་ཀྱི་འདོད་བློར་བསྟུན་མཁས་མ་བྱུང་བ། ཨར་པོའི་རྒྱུ་ཆ་གོང་ཐང་འཕར་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་དུས་ཐོག་ཏུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་དེ་རིགས་བསྒྱུར་བཅོས་གཏོང་དགོས་པའི་བསམ་འཆར་དང་གྲོས་འཆར་བཏོན་པ་ཡིན།

       (ལྔ )མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་བ།

        རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་ལྗོངས་ཡོངས་ཀྱི་ལས་ཞུགས་སྐོར་གྱི་གནས་ཚུལ་སྙན་སེང་ནན་ཏན་གྱིས་ཉན་ནས་ལས་ཞུགས་དང་ལས་ཞུགས་བསྐྱར་མ་བྱེད་རྒྱུའི་ལས་དོན་ནང་གནས་པའི་ས་ཞིང་ཤོར་བའི་ཞིང་འབྲོག་མང་ཚོགས་ལ་ལས་ཀ་བཀོད་སྒྲིག་བྱེད་རྒྱུ་ཚད་ལྡན་བྱུང་མེད་པ་དང་། ཞིང་འབྲོག་མང་ཚོགས་ལ་རྩལ་ནུས་སྦྱོང་བརྡར་སྤྲོས་ཤུགས་ཆེན་པོ་མེད་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་ཐོབ་ཐང་སྐྱོ་བ་སོགས་ཀྱི་དཀའ་ངལ་དང་གནད་དོན་ལ་དམིགས་ནས་སྲིད་ཇུས་ཞིབ་འཇུག་དང་། སྲིད་ཇུས་གཏན་འབེབས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། མ་དངུལ་གཏོང་ཆ་ཆེ་རུ་གཏོང་དགོས་པ་སོགས་ཀྱི་ཐད་ལ་ཞིབ་ཕྲའི་བསམ་འཆར་དང་གྲོས་འཆར་བཏོན་ཡོད། བཟའ་བཅར་གནོད་ཕོག་མེད་པ་དགོས་རྒྱུའི་བཅའ་ཁྲིམས་དང་བཟའ་བཅའི་འཕྲོད་བསྟེན་ཐད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལག་བསྟར་བྱེད་ཚུལ་ལ་ཁྲིམས་བསྒྱུར་ཞིབ་བཤེར་བྱས་པའི་ནང་བཟའ་བཅར་གནོད་ཕོག་མེད་པ་དགོས་རྒྱུའི་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། བཟའ་བཅར་གནོད་ཕོག་ཡོད་མེད་ལ་ལྟ་འདོམས་བྱེད་མཁན་ཚན་པ་དང་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། བཟའ་བཅར་གནོད་ཕོག་ཡོད་མེད་ཁྲིམས་ལུགས་གཞིར་བཟུང་ལྟ་འདོམས་བྱེད་དགོས་པ་བཅས་དང་གཞན་ཡང་བཟའ་བཅར་གནོད་ཕོག་མེད་པ་དགོས་རྒྱུའི་བཅའ་ཁྲིམས་ཀྱི་ལེ་ལག་ཁྲིམས་སྲོལ་དང་། སྒྲིག་སྲོལ། ཚད་གཞི་བཅས་གང་མགྱོགས་བཟོ་དགོས་ལུགས་སོགས་ཀྱི་སྐོར་ལ་དགེ་མཚན་ལྡན་པའི་བསམ་འཆར་བཏོན་ཡོད། དེ་བཞིན་ཚྭ་དོན་དང་། ཚྭ་ལས། ལྷག་པར་དུ་ཏེན་སྣོན་ཚྭ་བེད་སྤྱོད་ཇི་བྱུང་གི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས་པ་དང་འབྲེལ་ས་གནས་ས་ཐོག་ལ་ཕྱིན་ནས་ཚྭ་ལས་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ཤེས་རྟོགས་བྱས་ཏེ་ཏེན་སྣོན་ཚྭ་ཁྱབ་གདལ་གཏོང་རྒྱུའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་སྤར་དགོས་པ། བབ་དང་བསྟུན་ནས་སྐྱེལ་འགྲེམས་བྱེད་ཚད་གཏན་འཁེལ་བྱེད་དགོས་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འཆར་བཏོན་ཡོད།

       (དྲུག ) སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་བྱེད་ཚུལ་ལ་ཞིབ་འཇུག་དང་དབྱེ་ཞིབ་ནན་ཏན་བྱས་ཤིང་། ལྗོངས་ཡོངས་ཀྱི་གཞི་རིམ་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་བྱེད་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ལས་དོན་སྙན་ཞུར་གྲོས་ཞིབ་བྱས་པ་དང་འབྲེལ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ནས་སྤྱི་ཡོངས་ཀྱི་བྱང་ཚད་དང་འཚོ་བའི་ཐོབ་ཐང་གོང་མཐོར་གཏོང་དགོས་པ་དང་། རྫོང་དང་ཤང་ཁག་གི་སྨན་བཅོས་འཕྲོད་བསྟེན་ཚན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་ཁུལ་དུ་སྨན་པ་ཚབས་ཆེ་མི་འདང་བའི་གནད་དོན་ཐག་གཅོད་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་ཡིན། གཞན་ཡང་གྲངས་ཉུང་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཚུལ་ལ་ཆེད་དོན་ཞིབ་འཇུག་བྱས་ནས་གྲངས་ཉུང་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་འགོ་ཁྲིད་ཀྱི་ལམ་སྲོལ་དང་ལས་ཀའི་ལམ་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དྲིལ་བསྒྲགས་བྱེད་ཤུགས་དང་གཏོང་ཆ་ཆེ་རུ་གཏོང་དགོས་པ། ཞིབ་བཤེར་དང་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་ནས་བོད་ཀྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་ཡིན། དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྒྲིག་འཛུགས་བྱས་ནས་སློབ་གྲྭ་ཆེ་ཁག་གི་སློབ་མ་བསྡུ་འཇུག་གི་ལས་ཀར་གཟིགས་ཞིབ་བྱས་པ་མ་ཟད་འབྲེལ་ཡོད་གྲོས་འཆར་དང་བསམ་འཆར་བཏོན་ཡོད།

        (བདུན ) སྣོད་བཅུད་བཟང་བའི་བོད་ལྗོངས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་བ། “ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དུས་རབས་ཀྱི་ལས་སྒོ་བོད་དུ་སྤེལ་རྒྱུའི ”དྲིལ་བསྒྲགས་བྱེད་སྒོ་བསྟུད་མར་ཐེངས་ལྔ་སྤེལ་བའི་རྨང་གཞིའི་ཐོག་ན་ནིང་“འགྱིག་སྙིག་གི་བཙོག་སྐྱོན་མེད་པ་བཟོ་རྒྱུ་དང་། མཛེས་སྡུག་ལྡན་པའི་ཕ་ཡུལ་ལ་གཅེས་སྤྲས་བྱེད་རྒྱུའི ”བརྗོད་དོན་གཙོ་བོར་བཟུང་སྟེ་ས་གནས་དང་གྲོང་ཁྱེར་བཞི་དང་། རྫོང་(གྲོང་ཁྱེར་ཆུས )ཁག་གཅིག་གི་རྣམ་གྲངས་60ལྷག་ཙམ་ལ་བསྐྱོད་ནས་དེ་གའི་འགྲིམ་འགྲུལ་གཞུང་ལམ་ཨ་མ་དང་། ཡུལ་སྐོར་གནས་ལྗོངས། གྲོང་ཁྱེར་གྲོང་གསེབ་དང་སྡེ་ཁུལ་བཅས་ལ་འགྱིག་སྙིག་གི་བཙོག་སྐྱོན་མེད་པ་བཟོ་རྒྱུ་དང་། གད་སྙིག་གཙང་སེལ་བྱེད་རྒྱུ། ཁོར་ཡུག་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇི་བྱུང་སོགས་ཀྱི་གནས་ཚུལ་ཞིབ་བཤེར་བྱས་ནས་རིམ་ཁག་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དྲིལ་བསྒྲགས་བྱེད་དགོས་པ་དང་། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གཏོང་ཆ་ཆེ་རུ་གཏོང་དགོས་པ། ཁོར་ཡུག་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ནུས་དང་ཆུ་ཚད་གོང་མཐོར་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་བྱ་ཐབས་དོན་འཁྱོལ་ནུས་ལྡན་ཐུབ་པ་བྱུང་ཡོད། ཟླ་3པའི་ནང་སྐོང་ཚོགས་བྱས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་སྣོད་བཅུད་ལེགས་སྐྱོང་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་དགོས་པ་དང་རྒྱུན་བསྲིང་ནས་གོང་འཕེལ་གཏོང་རྒྱུའི་ནུས་པ་ཇེ་ཆེར་གཏོང་དགོས་པ། ལྷག་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་བའི་བོད་ལྗོངས་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུའི་འཆར་གཞི་ལག་བསྟར་ནན་ཏན་བྱེད་དགོས་པའི་གྲོས་འཆར་བཏོན་ཡོད། ཟླ་7པའི་ནང་སྐོང་ཚོགས་བྱས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་གྲངས་འཛུགས་སྐྲུན་དང་། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱེད་རྒྱུ། སྣོད་བཅུད་སྲུང་སྐྱོབ་ལམ་ལུགས་འཛུགས་རྒྱུ་དང་ཚགས་ཚུད་དུ་གཏོང་རྒྱུ་བཅས་ཀྱི་ལས་དོན་ལ་དམིགས་ནས་སྣོད་བཅུད་སྲུང་སྐྱོབ་བྱེད་རྒྱུ་དམ་འཛིན་ལྷོད་མེད་བྱེད་རྒྱུ་དང་། སྣོད་བཅུད་བཟང་བའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས་ལུགས་བཏོན་ཐོག་དེ་ལོ་སྨད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་གཞི་བཀོད་སྒྲིག་བྱེད་རྒྱུའི་ནང་དོན་གལ་ཆེན་ལ་བརྩིས་ནས་སྣོད་བཅུད་དར་སྤེལ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྣོད་བཅུད་སྙོམ་ཁུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པ། སྣོད་བཅུད་སྲུང་སྐྱོབ་བྱེད་ལམ་འཛུགས་རྒྱུ་དང་ཚགས་ཚུད་དུ་གཏོང་དགོས་པ། ཁོར་ཡུག་གི་ཤུགས་རྐྱེན་ལ་དཔྱད་བརྗོད་བྱེད་ལམ་ལག་བསྟར་ནན་པོ་བཅས་བྱས་ནས་སྣོད་བཅུད་བཟང་བའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་ཡིན།

        གསུམ། བྱེད་ཐབས་གསར་གཏོད་དང་། ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་འཐུས་མིའི་ནུས་པ་འདོན་སྤེལ་ཟམ་མི་ཆད་པ་བྱས་པ།

        ལོ་གཅིག་རིང་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མིའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་ཚགས་ཚུད་དུ་གཏོང་རྒྱུའི་གལ་ཆེའི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་འཐུས་མིས་གནས་ཚུལ་དང་སྲིད་ཇུས་ཤེས་རྟོགས་བྱེད་རྒྱུར་ཆ་རྐྱེན་ཧུར་ཐག་བསྐྲུན་ནས་ཚོགས་འདུ་མ་ཚོགས་པའི་རིང་འཐུས་མིའི་ནུས་པ་འདོན་སྤེལ་མཐར་ཕྱིན་པ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

        (གཅིག ) སློབ་སྦྱོང་དང་སྦྱོང་བརྡར་སྤྲོས་རྒྱུ་དམ་འཛིན་བྱས་ཏེ་འཐུས་མིའི་འགན་ནུས་སྒྲུབ་རྒྱུའི་ནུས་པ་གོང་མཐོར་ཧུར་ཐག་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ནས་རྩ་ཁྲིམས་དང་། ཁྲིམས་འཛུགས་བཅའ་ཁྲིམས། ལྟ་སྐུལ་བཅའ་ཁྲིམས། རྩ་འཛུགས་བཅའ་ཁྲིམས། འདེམས་བསྐོའི་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་མི་དམངས་འཐུས་ཚོགས་ཀྱི་ལས་སྒོའི་ཤེས་བྱ་སློབ་སྦྱོང་བྱས་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་ལ་བརྟེན་ནས་ནང་སར་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་ཡིག་ཆ་ཐོ་འགོད་ཞིབ་བཤེར་བྱེད་རྒྱུའི་སྦྱོང་བརྡར་འཛིན་གྲྭ་དང་། ནོར་དཔལ་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་ཐེངས་གཉིས་བཙུགས་པར་བསྡོམས་མི་གྲངས་117ཞུགས་ཡོད། གཞན་ཡང་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་ལ་བརྟེན་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་འགན་འཁྲི་སྒྲུབ་ཕྱོགས་ཐད་ཀྱི་སྦྱོང་བརྡར་འཛིན་གྲྭ་བཙུགས་ནས་འཐུས་མི་དང་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་མི་གྲངས་120ཙམ་ལ་སྦྱོང་བརྡར་སྤྲས་ཡོད། གཞན་ཡང་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་འཐུས་མིའི་སྦྱོང་བརྡར་ལས་དོན་སྤེལ་རྒྱུར་མཛུབ་སྟོན་བྱས་ནས་གྲོང་ཁྱེར་དང་། རྫོང་། ཤང་རིམ་པ་གསུམ་གྱི་འཐུས་མི་བསྡོམས་མི་ཐེངས་5840ལ་སྦྱོང་བརྡར་སྤྲས་ཡོད། ཕྱོགས་མཚུངས་འཐུས་མི་ཚོས་རང་གིས་སྦྱོང་རྒྱུ་དང་། ལས་བྱེད་པ་འདེམས་སྒྲུག་བརྒྱབ་ནས་རིམ་པ་ཁག་གི་ཏང་གི་སློབ་གྲྭ་དང་། སྲིད་འཛིན་སློབ་གླིང་ལ་སློབ་སྦྱོང་བྱེད་པར་གཏོང་རྒྱུར་སྐུལ་འདེད་དང་རྒྱབ་སྐྱོར་བྱས་པར་བརྟེན་འཐུས་མི་དང་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་ཚོས་ཁྲིམས་ལུགས་གཞིར་བཟུང་འགན་འཁྲི་སྒྲུབ་རྒྱུ་དང་། ཁྲིམས་ལུགས་གཞིར་བཟུང་ལས་དོན་བྱེད་རྒྱུའི་ཆུ་ཚད་གོང་མཐོར་སོང་ཡོད།

        (གཉིས ) ཚོགས་འདུ་མ་ཚོགས་པའི་རིང་ལ་བྱེད་སྒོ་སྤེལ་རྒྱུ་དམ་འཛིན་བྱས་ནས་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་འཐུས་མི་སྒྲིག་འཛུགས་བྱས་ནས་ཆེད་དོན་བརྟག་ཞིབ་བྱེད་རྒྱུ་དང་། གཅིག་སྡུད་ཀྱིས་སྐོར་ཞིབ་བྱེད་རྒྱུ་དེ་ཚོགས་འདུ་མ་ཚོགས་པའི་རིང་ལ་འཐུས་མིའི་བྱེད་སྒོ་སྤེལ་རྒྱུའི་ཐབས་ལམ་གཙོ་བོར་བརྩིས་ནས་འཐུས་མིའི་སྐོར་ཞིབ་དང་། ཆེད་དོན་བརྟག་ཞིབ་དང་བརྟག་དཔྱད་ཀྱི་བྱེད་སྒོ་བཅས་སྔ་རྟིང་བསྡོམས་ཐེངས་ལྔ་སྒྲིག་འཛུགས་བྱས་པ་ཡིན། བོད་ལ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་2008ལོར་ལྗོངས་ཡོངས་ཀྱིས་འབྲོང་པ་དང་འདམ་གཞུང་ལ་ས་ཡོམ་གྱི་གནོད་འཚེ་དང་། ལྷོ་ཁ་སོགས་ཀྱི་རྒྱུད་ལ་གངས་སྐྱོན་ཚབས་ཆེ་བྱུང་བར་ཁ་གཏད་བཅག་ཚུལ་དང་། གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་དང་། ཐོན་སྐྱེད་སླར་གསོ་བྱས་ཚུལ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་འགན་ལེན་བྱེད་ཕྱོགས་སོགས་ཀྱི་གནས་ཚུལ་ལ་གཅིག་སྡུད་ཀྱིས་སྐོར་ཞིབ་བྱས་ནས་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་དང་གེགས་འགོག་གེགས་སེལ་གྱི་གནས་ཚུལ་དངོས་ཁོང་དུ་ཆུད་པ་བྱས་ཡོད། དེ་བཞིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྒྲིག་འཛུགས་བྱས་ནས་མཚོ་བོད་ལྕགས་ལམ་གྱི་འཁོར་བསྐྱོད་གནས་ཚུལ་ལ་སྐོར་ཞིབ་བྱས་ནས་འཐུས་མི་ཚོས་མཚོ་བོད་ལྕགས་ལམ་དེ་བདེ་འཇགས་ཡིན་པ་དང་། ཕན་ནུས་ཆེ་བ། མང་ཚོགས་ཀྱི་སྐྱེལ་འདྲེན་སྟབས་བདེ་ཡོད་པ་སོགས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པའི་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཆབས་ཅིག་ཏུ་འབྲེལ་ཡོད་སྡེ་ཚན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས “མཚོ་བོད་ལྕགས་ལམ་གྱི་ཤིན་ཏུ་ཆེ་བའི་གོང་འཕེལ་གྱི་གཏིང་ཤུགས་རྣམས་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་སྔོག་འདོན་བྱེད་དགོས་པ་དང་། མཚོ་བོད་ལྕགས་ལམ་གྱི་ཤུགས་ཆེའི་ཁྱབ་འགྱེད་ཀྱི་ནུས་པ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་འདོན་སྤེལ་བྱེད་ཐུབ་པ་དགོས་པའི ”མཛུབ་སྟོན་ངེས་པར་དུ་ལག་བསྟར་ནན་ཏན་བྱེད་དགོས་པའི་ཐོག་ལྕགས་ལམ་གྱི་སྐྱེལ་འདྲེན་དོ་དམ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་མཚོ་བོད་ལྕགས་ལམ་དེ་བཞིན “དཔལ་འབྱོར་གྱི་ལམ་བུ ”དང “མཐུན་སྒྲིལ་གྱི་ལམ་བུ ”“སྣོད་བཅུད་ཀྱི་ལམ་བུ ”“བདེ་སྐྱིད་ཀྱི་ལམ་བུ ”བཅས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་དགོས་པའི་གྲོས་འཆར་བཏོན་ཡོད། རྒྱུན་ལས་ཨུ་ལྷན་གྱིས་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། མི་དམངས་འཐུས་ཚོགས་ས་གནས་ལས་དོན་ཨུ་ལྷན་ལ་འཐུས་མི་སྒྲིག་བཙུགས་ནན་ཏན་བྱས་ནས་སྐོར་ཞིབ་དང་རྟོག་ཞིབ་ཀྱི་བྱེད་སྒོ་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། ས་གནས (གྲོང་ཁྱེར )ཁག་གིས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་བཙུགས་བྱས་ནས་སྐོར་ཞིབ་དང་བརྟག་ཞིབ་ཀྱི་བྱེད་སྒོ་ཐེངས་194སྤེལ་བ་དང་། མི་ཐེངས་3822ཞུགས་ཡོད།

        (གསུམ ) གྲོས་གཞི་དང་གྲོས་འཆར་དོན་འཁྱོལ་ནན་ཏན་བྱས་ནས་དོན་འཁྱོལ་བྱེད་རྒྱུའི་སྤུས་ཚད་གོང་མཐོར་བཏང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པ་ཚོགས་རིང་ཚོགས་འདུའི་ཀྲུའུ་ཞི་ཚོགས་པས་འཐུས་མིས་བཏོན་པའི་ས་ཆ་དོ་དམ་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ལ་བཟོ་བཅོས་རྒྱག་དགོས་པའི་སྐོར་གྱི་གྲོས་གཞི་ཞིང་འབྲོག་དང་ཁོར་ཡུག་ཐོན་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་རྒྱུར་བསྐྱལ་བ་དོན་འཁྱོལ་ཟིན་ནས་གྲོས་ཞིབ་བྱས་འབྲས་ཀྱི་སྙན་ཞུ་ཐེངས་འདིའི་ཚོགས་འདུར་པར་འགྲེམས་བྱས་ཡོད། ཚོགས་འདུ་གྲོལ་རྗེས་རྒྱུན་ལས་ཨུ་ལྷན་གྱིས་དུས་ཐོག་ཏུ་འཐུས་མིའི་གྲོས་འཆར་དོན་འཁྱོལ་བྱེད་རྒྱུའི་ཚོགས་འདུ་སྐོང་ཚོགས་བྱས་ནས་འཐུས་མིས་བཏོན་པའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་རྣམས་སྲིད་གཞུང་ངམ་ཡང་ན་འབྲེལ་ཡོད་སྡེ་ཚན་ལ་དོན་འཁྱོལ་དང་ལན་འདེབས་བྱེད་རྒྱུར་རྩིས་སྤྲོད་བྱས་པ་ཡིན། ཚོགས་འདུའི་རིང་བཏོན་པའི་གྲོས་འཆར་དང་། སྐྱོན་བརྗོད་ཁག་297ཡོད་པ་དུས་བཀག་ནང་དོན་འཁྱོལ་ཟིན་པ་མ་ཟད་འཐུས་མིར་ལན་འདེབས་ཀྱང་བྱས་ཡོད། འཐུས་མིའི་གྲོས་འཆར་དོན་འཁྱོལ་བྱེད་རྒྱུའི་སྤུས་ཚད་ལེགས་སུ་གཏོང་ཆེད་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་གྲོས་འཆར་དོན་འཁྱོལ་བྱས་ཚུལ་གཙོ་གནད་དུ་བཞག་ནས་ཞིབ་བཤེར་བྱས་ཤིང་། གྲོས་འཆར་དོན་འཁྱོལ་བྱས་ཚུལ་ལ་འཐུས་མི་རྣམས་བློ་མོས་བྱུང་བའམ་ཡང་ན་རྩ་བའི་ཆར་བློ་མོས་བྱུང་ཚད་90%ཡན་ཟིན་ཡོད།

        བཞི ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་བོད་འབྲེལ་གྲོས་ཚོགས་ཀྱི་ཕྱི་དོན་ལས་དོན་ཟམ་མི་ཆད་པར་སྐུལ་སྤེལ་བཏང་བ།

        ལོ་གཅིག་ནང་རྒྱུན་ལས་ཨུ་ལྷན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཛ་དྲག་དང་ཪྙོག་འཛིང་ཆེ་བའི་དུས་བབ་ལ་གདོང་ལེན་བྱས་ནས་ལྗོངས་ཡོངས་ཀྱི་ལས་དོན་ཆེ་སར་དམིགས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་ནན་ཏན་བྱས་ནས་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ནང་གི་དོན་ཆེན་ཨང་དང་པོར་བཞག་སྟེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ལས་དོན་ཁག་ཚགས་སུ་ཚུད་པ་སྤེལ་ནས་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་རྒྱུར་རྒྱལ་ཁ་གསར་པ་ཐོབ་ཆེད་ལེགས་སྐྱེས་བཟང་པོ་ཕུལ་ཡོད།

        (གཅིག ) ཁ་ཕྲལ་ལ་ངོ་རྒོལ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་ཚགས་སུ་ཚུད་པ་སྤེལ་བ། རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་ནས 《བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་50འཁོར་བ 》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་50འཁོར་བ་དྲན་གསོ་ཞུ་བ། “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་བཏང་བའི་དྲན་གསོའི་ཉིན་མོའི ”རྟེན་འབྲེལ་བྱེད་སྒོ་བཅས་དང་། དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་30འཁོར་བ་དང་། ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་སོགས་ཀྱི་གོ་སྐབས་དང་བསྟུན་ནས་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་སྤེལ་བ་སོགས་ལ་བརྟེན་ནས་ལོ་རྒྱུས་ལ་ཕྱི་མིག་ལྟ་བ་དང་། འོད་སྟོང་འཕྲོ་བའི་གྲུབ་འབྲས་སྟོན་ཏེ་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་དང་། ཏཱ་ལར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་རླབས་ཆེན་གྱི་ལག་ལེན་བྱས་ཚུལ་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཏང་གི་འགོ་ཁྲིད་འོག་རང་ཐག་རང་གཅོད་ཐུབ་པའི་གསོན་ཉམས་ལྡན་པའི་རྣམ་པ་མཚོན་པར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་མཚོན་པར་བྱས་པ། མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་མཚོན་པ་བཅས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་རྒྱུར་གཞོགས་འདེགས་དམ་ཟབ་བྱས་ཏེ་བསམ་བློ་གཅིག་གྱུར་དང་། མི་སེམས་གཅིག་སྒྲིལ། བློ་སྟོབས་ལ་སྐུལ་ལྕག་གཏོང་རྒྱུ་བཅས་ཀྱི་ནུས་པ་བཏོན་ཡོད།

        (གཉིས ) སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ལས་དོན་ཁག་ཚགས་ཚུད་སྤེལ་བ། རྒྱུན་ལས་ཨུ་ལྷན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་རྣམས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལག་བསྟར་བྱས་ཤིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་མི་5དང་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཁག་གཅིག་གཙོ་གནད་ས་ཁུལ་དང་། གཙོ་གནད་དགོན་སྡེ་ཁག་ལ་བཅག་བཙུགས་སུ་བསྡད་ནས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་དང་། སྒྲིག་འཛུགས་དང་བཀོད་འདོམས་ཀྱི་ལས་ཀ་བྱེད་བཞིན་ཡོད། ཁོང་ཚོས་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་ལོགས་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ། བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་ཉེན་རྐྱེན་རིགས་ཞིབ་བཤེར་ཐག་གཅོད་བཅས་བྱས་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད་པ་རེད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཞན་དག་ཚོས་ཀྱང་མིག་དཔེ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་མཐར་ཕྱིན་པ་བྱས་ཏེ་གཞི་རིམ་ལ་བསྐྱོད་ནས་བརྟག་ཞིབ་བྱེད་པ་དང་། འགལ་ཟླ་དང་རྩོད་ཪྙོག་རིགས་ཞིབ་བཤེར་ཐག་གཅོད་གང་ལེགས་བྱེད་པ་དང་འབྲེལ་རང་རང་གི་ལས་གནས་ཐོག་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྣམ་པར་དག་པ་བྱེད་བཞིན་ཡོད། གཞན་ཡང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཚོས་སྡོད་བྱ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ནང་ཁོངས་ཀྱི་བདེ་སྲུང་ལས་ཀ་ཡག་པོ་བསྒྲུབས་ཏེ་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་བདེ་འཇགས་དང་བརྟན་ལྷིང་འགན་ལེན་ཐུབ་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ཉན་པ་དང་འབྲེལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྒྲིག་འཛུགས་བྱས་ནས་དམིགས་བསལ་གྱོད་གཞི་ཆེ་རིགས་ཞིབ་དཔྱོད་བྱེད་སའི་ཁྲིམས་སར་ཞུགས་ནས་གནས་ཚུལ་ཉན་པ་དང་། ཁྲིམས་ཁང་གི་ལས་དོན་ལ་སྐོར་ཞིབ་བྱས་པ། མི་དམངས་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་བྱས་རིགས་ཁག་160ཙམ་དང་མི་ཐེངས་406ཙམ་བདག་སྤྲོད་བྱས་ཏེ་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ཐོག་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་ཉེན་རྐྱེན་རིགས་ཆུང་དུས་ནས་མེད་པ་བཟོ་ཐུབ་པ་བྱས་ཏེ་ལྗོངས་ཡོངས་ཀྱི་གཞི་མཐུན་དང་བརྟན་ལྷིང་ལ་སྐུལ་སྤེལ་ནན་ཏན་བཏང་ཡོད།

        (གསུམ ) བོད་འབྲེལ་གྲོས་ཚོགས་ཀྱི་ཕྱི་དོན་ལས་ཀ་ཚགས་ཚུད་སྤེལ་བ། རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་ལ་བརྩི་བཀུར་དང་ལེན་ཞུ་རྒྱུ་དང་། བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་ཞབས་འདེགས་ཞུ་རྒྱུའི་རྩ་དོན་རྒྱུན་འཁྱོངས་ཀྱིས་བོད་འབྲེལ་གྲོས་ཚོགས་ཀྱི་ཕྱི་དོན་ལས་ཀ་ཧུར་ཐག་སྤེལ་བ། ལོ་གཅིག་ནང་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་པ་7སྒྲིག་འཛུགས་བྱས་ནས་མི་གྲངས་46ཨ་རི་དང་། དབྱིན་ཇི། ཧྥ་རན་སི། རི་པིན། ཀ་ན་ཀྲ་སོགས་རྒྱལ་ཁབ་ཁག་ལ་འཚམས་འདྲིར་བསྐྱོད་དེ་དོན་ངོ་མ་བསྟན་པ་དང་། གོང་འཕེལ་གླེང་བ། གྲུབ་འབྲས་ཤོད་པ། རྫུན་རྐུབ་བརྟོལ་བ། དཀྲོག་གཏམ་ལ་དགག་པ་རྒྱག་པ་བཅས་དོན་དངོས་དང་ནུས་པ་ལྡན་པའི་གཏམ་བརྗོད་ཀྱི་ཐོག་ནས་ཏཱ་ལའི་རུ་ཚོགས་ཀྱིས་རྒྱལ་ཁབ་རེ་ཟུང་ལ་གླེང་བརྗོད་སྒེར་སྡོམ་བྱས་རིགས་མེད་པ་བཟོ་ཐུབ་པ་བྱུང་ཡོད། དེ་བཞིན་ནུའོ་ཝེ་དང། ཨོ་སི་ཁྲུ་ལི་ཡ། ཁོ་རེ་ཡ་སོགས་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དུ་འཚམས་འདྲིར་ཡོང་མཁན་ཁག་བཅུ་དང་མི་གྲངས་80སྐོར་ལ་སྣེ་ལེན་བྱས་པ་ཡིན། ཞིབ་ཕྲའི་ལས་དོན་ནང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དྲང་ཕྱོགས་ནས་བོད་ལྗོངས་དྲིལ་བསྒྲགས་བྱེད་རྒྱུ་དང་། ཏཱ་ལའི་རུ་ཚོགས་ལ་ཐེར་འདོན་དགག་རྒྱག་བྱེད་རྒྱུའི་ལས་འགན་གཙོ་བོ་གཉིས་པོ་དེར་ཕྱོགས་ཏེ་བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དང་། བདག་དབང་དང་། འགྲོ་བ་མིའི་ཐོབ་ཐང་། མི་རིགས། ཆོས་ལུགས། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གལ་ཆེའི་གནད་དོན་ཐད་ཀྱི་རྩ་དོན་དང་ལངས་ཕྱོགས་དར་ཆ་གསལ་སྟོན་གྱི་སྒོ་ནས་དྲིལ་བསྒྲགས་བྱེད་པ་དང་འབྲེལ་བོད་ལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་རིགས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་སོགས་ཐེར་འདོན་གཏིང་ཟབ་བྱས་ཏེ་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་དང་། ཏཱ་ལའི་རུ་ཚོགས་ཀྱི་ངན་སྨྲས་དང་ཚུར་རྒོལ་རིགས་ལ་རྒོལ་ལན་ནུས་ལྡན་བསློགས་ནས་རྒྱལ་སྤྱིའི་ཐོག་བོད་ཀྱི་བག་ཆགས་ཟབ་ཏུ་བཏང་སྟེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ཀྱི་བོད་ལྗོངས་གསར་པ་འཛུཌ་སྐྲུན་བྱེད་རྒྱུར་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ་པ་བྱུང་ཡོད།

        ལྔ། བྱང་ཚད་གོང་མཐོར་གཏོང་རྒྱུ་དང་ནུས་པ་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་དམངས་འཐུས་ཚོགས་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ།

        ལོ་གཅིག་ནང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་རང་ངོས་ལེགས་སྐྱོང་བྱེད་རྒྱུ་དང་ལས་ཁུངས་ལེགས་སྐྱོང་བྱེད་རྒྱུར་ཁ་ཙམ་མིན་པའི་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་ཐོག་འགོ་ཁྲིད་ཚན་པའི་སྲིད་སྐྱོང་གི་ནུས་པ་དང་། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་གོང་མཐོར་བཏང་ནས་ཁྲིམས་ལུགས་གཞིར་བཟུང་འགན་འཁྲི་སྒྲུབ་རྒྱུར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་། རྩ་འཛུགས་ཀྱི་འགན་ལེན་བྱུང་ཡོད།

        (གཅིག ) བསམ་བློ་ཆབ་སྲིད་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། རྒྱུན་ལས་ཨུ་ལྷན་གྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལམ་ལུགས་སྔར་བས་ཚགས་ཚུད་དུ་བཏང་བ་དང་དོན་འཁྱོལ་བྱས་ཐོག་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་དེ་སྔ་བར་ཕྱི་གསུམ་དུ་ལས་འགན་ཨང་དང་པོར་བཞག་སྟེ་འགོ་ཁྲིད་ཚན་པའི་ཁོངས་མི་རྣམས་སྒྲིག་འཛུགས་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་པ་དང་། ཀྲུང་དབྱང་གིས་གཏན་འབེབས་གནང་བའི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་སློབ་སྦྱོང་ནན་ཏན་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོའི་གྲུབ་འབྲས་ཟམ་མི་ཆད་པའི་སྒོ་ནས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ་རང་རྟོགས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། ང་ཚོས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་ནན་པོ་བྱས་ཏེ་བསམ་བློ་ཆབ་སྲིད་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཐོག་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་དང་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱས་ཏེ 《མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་ལས “དབང་གསུམ་ལོགས་དབྱེ ”མི་བྱེད་པ་གང་ཡིན་པ 》སོགས་གལ་ཆེའི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་སློབ་སྦྱོང་བྱས་ནས་རང་རྒྱལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་ནུབ་ཕྱོགས་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་ལུགས་དབར་གྱི་དབྱེ་བར་ངོས་འཛིན་ཡང་དག་པ་བྱུང་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གྱི་འགྲོ་ལམ་རྒྱུན་འཁྱོངས་བྱེད་རྒྱུ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་ཚགས་ཚུད་དུ་གཏོང་རྒྱུ་སོགས་ཀྱི་རང་རྟོགས་རང་བཞིན་དང་། འགྱུར་མེད་རང་བཞིན་སྔར་བས་ཤུགས་ཆེར་སོང་ཡོད།

        (གཉིས ) ལས་ཀའི་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། རྒྱུན་ལས་ཨུ་ལྷན་གྱིས་འགོ་ཁྲིད་ལས་བྱེད་པའི་ཀུན་སྤྱོད་ལེགས་སྐྱོང་བྱེད་རྒྱུའི་ལོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་དོན་དངོས་དང་བསྟུན་རྒྱུ་རྒྱུན་འཁྱོངས་ཀྱིས་ཐབས་ལམ་འདྲ་མིན་སྤྱད་དེ་ལས་ཀའི་སྤྱོད་ཚུལ་ཁ་ཙམ་མིན་པའི་འགྱུར་ལྡོག་བཏང་ཐོག་སློབ་སྦྱོང་རྣམ་པའི་འགོ་ཁྲིད་ཚན་པ་འཛུགས་རྒྱུ་དང་། ལས་བྱེད་པར་དོ་དམ་བྱེད་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུ། ཏང་སྲོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་འགན་འཁྲིའི་ལམ་ལུགས་འཛུགས་རྒྱུ་སོགས་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་དང་ལྟ་སྐུལ་གྱི་ལས་དོན་སྤེལ་རྒྱུ་དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་རྐང་པ་བཙུགས་ནས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་མི་ཐེངས་27ཙམ་གྱིས་ལས་ཁུངས་ཀྱི་ལས་བྱ་མི་ཐེངས་200སྐོར་གྱི་སྣེ་ཁྲིད་ནས་དོན་དངོས་ལ་འཇུག་པ་དང་། གཞི་རིམ་ལ་སྐྱོད་པ། མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་བཅས་བྱས་ནས་བརྟག་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཐོག་གཞི་རིམ་གྱི་གནས་ཚུལ་གསལ་པོ་རྟོག་ཞིབ་བྱས་ཏེ་ཁྱོན་བསྡོམས་བརྟག་ཞིབ་ཀྱི་སྙན་ཞུ་30ལྷག་ཙམ་བྲིས་ནས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ནུས་པ་ལྡན་པའི་སྒོ་ནས་སྤེལ་རྒྱུར་ཇུས་ཐག་གཅོད་རྒྱུའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

        (གསུམ )ལམ་ལུགས་བཟོ་རྒྱུ་དང་ལས་ཁུངས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་བཅས་ཀྱི་ལས་དོན་སྔར་ལས་ལྷག་པའི་ཚད་ལྡན་དུ་བཏང་ཐོག་ལྟ་སྐུལ་བཅའ་ཁྲིམས་ལག་བསྟར་བྱ་ཐབས་གཏན་ལ་འབེབས་པ་དང་ལག་བསྟར་ནན་ཏན་བྱེད་པའི་རྨང་གཞིའི་ཐོག་ཡིག་འབུལ་ངོ་བཅར་གྱི་ལས་རིམ་དང་། ཡིག་འབུལ་ངོ་བཅར་ལས་དོན་གྱིས་གློ་བུར་དོན་རྐྱེན་དང་མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་རིགས་ཐག་གཅོད་བྱེད་ཕྱོགས་ཀྱི་སྔོན་ཇུས་འགོད་ལམ་སྔར་ལས་ཆ་ཚང་དུ་བཏང་ཡོད་པས་ཚད་ལྡན་ཅན་གྱི་དོ་དམ་བྱེད་རྒྱུའི་ལམ་སྲོལ་ཁག་ཅིག་ཐོན་ཐུབ་པ་བྱུང་ཡོད། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ནང “ཕྱི་མིག་ལྟ་བའི ”བྱེད་སྒོ་ཧུར་ཐག་སྤེལ་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱེད་སྒོའི་ནང་བཏོན་པའི་མངོན་གསལ་དོད་པའི་གནད་དོན་རྣམས་ཐག་གཅོད་ནན་ཏན་བྱས་ཡོད། དཔུང་ཁག་ལེགས་སྐྱོང་བྱེད་རྒྱུ་དང་། ལས་བྱེད་པར་དོ་དམ་བྱེད་རྒྱུའི་ཐད་གནས་པའི་གནད་དོན་ལ་དམིགས་ནས་དཔུང་ཁག་ཧྲིལ་པོའི་བྱང་ཚད་གོང་མཐོར་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གཙོ་བོར་འཛིན་རྒྱུའི་རྩ་དོན་རྒྱུན་འཁྱོངས་ཀྱིས་ལས་བྱེད་པ་བཀོད་སྒྲིག་དང་གནས་སྤར་བྱས་པ་དང་། ལས་བྱེད་པ་རྣམས་ལ་བླང་བྱ་ནན་པོ་དང་། དོ་དམ་ནན་པོ་བྱས་ནས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལུགས་གཞིར་བཟུང་འགན་འཁྲི་སྒྲུབ་རྒྱུར་ཤེས་ལྡན་པ་མཁོ་འདོན་བྱེད་རྒྱུའི་འགན་ལེན་ནུས་ལྡན་བྱུང་ཡོད།

        ལོ་གཅིག་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཚན་པའི་ལས་བྱ་མི་གྲངས་120ལྷག་ཙམ་ལ་གོ་གནས་བསྐོ་འཐེན་བྱས་ཡོད། དེ་བཞིན་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྲོལ་ཡིག་ལག་བསྟར་བྱེད་རྒྱུ་དམ་འཛིན་ཏན་ཏིག་བྱས་ནས་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་ཁག་ལ་མཛུབ་ཁྲིད་བྱས་ཏེ་ལྟ་སྐུལ་གྱི་ལས་དོན་སྤེལ་ཡོད། ལྷུན་རྩེ་རྫོང་ཡུལ་སྨད་ཤང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་སྐོང་ཚོགས་བྱེད་རྒྱུར་མཛུབ་ཁྲིད་བྱས་ནས་ཡུལ་སྨད་ཤང་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་པ་ཡིན། མི་དམངས་འཐུས་མི་ཚོགས་ཆེན་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་མི་དམངས་འཐུས་ཚོགས་ཀྱི་ལོ་རྒྱུས་རྩོམ་འབྲི་བྱས་པ་དང་འབྲེལ་བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཞིབ་འཇུག་དཔྱོད་དོན་དང་དེའི་མུ་འབྲེལ་གྱི་གྲུབ་འབྲས་རྣམས་པར་སྐྲུན་བྱས་པ། ཆེད་དོན་བཪྙན་འཕྲིན་པར་གཞི་《མི་དམངས་ཀྱི་བོད་ལྗོངས་གསར་པ 》ཞེས་པ་པར་ལེན་བྱས་ནས་སྤྱི་ཚོགས་ཧྲིལ་པོའི་དམངས་གཙོ་དང་ཁྲིམས་ལུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྐུལ་མ་བཏང་ཡོད།

        འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཐད་ལ་ཐོབ་པའི་གྲུབ་འབྲས་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞུམ་པ་མེད་པའི་འགོ་ཁྲིད་བྱས་པའི་འབྲས་བུ་ཡིན་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་རེད་ལ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་པའི་འབྲས་བུ་ཡིན་ལ་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་བྱས་པའི་འབྲས་བུ་ཡིན་པ་བརྟེན་ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        སྔར་སོང་གི་གྲུབ་འབྲས་ལ་ཕྱི་མིག་ལྟ་བ་དང་། ཕྱོགས་སྡོམ་བྱེད་པ་དང་ཆབས་ཅིག་ཏུ་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་པར། རྒྱུན་ལས་ཨུ་ལྷན་གྱི་ལས་དོན་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བའི་བླང་བྱ་དང་། མི་དམངས་ཀྱི་རེ་བ་དང་བསྡུར་ན་ད་དུང་ཧེ་བག་གང་ཙམ་ཡོད་པ་རེད། དེ་ཡང་གཙོ་བོ་སྔར་ལས་ལྷག་པའི་སྒོ་ནས་བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་དང་། འདུ་ཤེས་གསར་སྒྱུར་བྱེད་རྒྱུ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བཀོད་ཁྱབ་བྱེད་རྒྱུ་བཅས་ཐད་ཀྱི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་རྒྱུའི་ཐོག་ཤུགས་རྒྱག་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ལྗོངས་ཡོངས་ཀྱི་ལས་དོན་ཆེ་སའི་ནང་གི་འགག་རྩའི་གནད་དོན་དམ་འཛིན་བྱས་ཏེ་འཇུག་ས་གནས་ལ་འཁེལ་པོ་དང་། འགོ་མཇུག་འཁྱོངས་བ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན་ལ་དམིགས་ས་ཡོད་པ་དང་། ཕན་འབྲས་དངོས་ཐོབ་པར་བྱེད་རྒྱུར་ཤུགས་རྒྱག་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུའི་ཆུ་ཚད་གོང་མཐོར་བཏང་སྟེ་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་རྒྱུར་ཤུགས་རྒྱག་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་འཐུས་ཚོགས་དྲིལ་བསྒྲགས་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ལས་ཁུངས་ཀྱི་ལྟ་སྐུལ་དང་ལེན་བྱེད་རྒྱུའི་རང་རྟོགས་རང་བཞིན་ཤུགས་ཆེར་གཏོང་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱི་དམངས་གཙོ་དང་ཁྲིམས་ལུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་དགོས་པ་བཅས་ཡིན། སླད་ཕྱིན་ང་ཚོས་སེམས་ཆུང་གི་སྒོ་ནས་ཕྱོགས་ཁག་གི་བསམ་འཆར་ཉན་པ་དང་། རང་འགུལ་གྱི་སྒོ་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལྟ་སྐུལ་དང་ལེན་བྱས་ཐོག་བྱ་ཐབས་ནུས་ལྡན་སྤྱད་ནས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པ་བྱེད་རྒྱུ་ཡིན།

        2010ལོའི་ལས་དོན་གཙོ་བོ།

        2010ལོ་ནི་རང་ལྗོངས་ཀྱིས “ལོ་ལྔ་ཚན་བཅུ་གཅིག་པའི ”དམིགས་ཚད་ཕྱོགས་ཡོངས་ནས་མངོན་གྱུར་ཐུབ་པ་བྱེད་རྒྱུའི་ཐག་གཅོད་རང་བཞིན་གྱི་ལོ་ཞིག་ཡིན་པས་འདི་ལོའི་ལས་དོན་ཡག་པོ་སྒྲུབ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྤྱི་ཡོངས་ཀྱི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ། ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པ། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་ཧྲུའུ་ཅི་ཀྲང་ཆིང་ལིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འདོན་གནང་མཛད་པའི་བླང་བྱ་དང་། རྒྱུན་ལས་ཨུ་ལྷན་གྱིས་གཏན་འཁེལ་བྱས་པའི “ཁྲིམས་འཛུགས་ལས་དོན་ཆུ་ཚད་གསར་པར་སླེབས་པ་བྱེད་དགོས་པ་དང་། ལྟ་སྐུལ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས་པ། འཐུས་མིའི་ལས་དོན་ལ་ཐབས་ཤེས་གསར་པ་ཡོད་པ་བྱེད་དགོས་པ། རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གསར་པ་རྒྱག་དགོས་པའི ”སྤྱི་ཡོངས་ཀྱི་དམིགས་ཚད་གཞིར་བཟུང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དང་། མི་དམངས་ཀྱི་རང་ཐག་རང་གཅོད་བྱེད་རྒྱུ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་བཅས་གཅིག་གྱུར་གང་ལེགས་བྱས་ཏེ་ལྟེ་བར་ཕྱོགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མིའི་ལས་དོན་བཅས་ལ་ཁ་ཙམ་མིན་པའི་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱེད་རྒྱུའི་ཐོག་ཁྲིམས་ལུགས་གཞིར་བཟུང་འགན་དབང་སྤྱོད་རྒྱུ་དང་། ནུས་ཤུགས་ཡོད་ཐང་སྤྱད་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ནུས་ཤུགས་ཡོད་ཐང་སྤྱད་དེ་སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ་ཡིན། གོང་གསལ་སྤྱི་ཡོངས་ཀྱི་བླང་བྱ་གཞིར་བཟུང་ང་ཚོས་གཤམ་གསལ་ཕྱོགས་ཁག་བཞིའི་ཐད་ཀྱི་ལས་དོན་གཙོ་གནད་དུ་བཞག་ནས་དམ་འཛིན་བྱེད་རྒྱུ་ཡིན།

        གཅིག ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་འགན་ལེན་དང་སྐུལ་སྤེལ་གཏོང་རྒྱུ་དེ་གཙོ་གནད་དུ་བཟུང་ནས་ཁྲིམས་འཛུགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་ཏན་ཏིག་བྱེད་རྒྱུ།

        འདི་ལོ་ནི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་ལྔའི་ཁྲིམས་འཛུགས་ཀྱི་འཆར་འགོད་ལེགས་གྲུབ་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན་པས་ཕྱོགས་གཅིག་ནས་ནུས་ཤུགས་ཡོད་ཐང་སྤྱད་དེ་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཐོག་མུ་མཐུད་དཔལ་འབྱོར་དང་རིག་གནས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་བྱེད་རྒྱུ་ཆ་ཚང་དུ་གཏོང་རྒྱུ་ཡིན། དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་སྲོལ་ཡིག་དང་ཐིག་རིས་བཅའ་ཁྲིམས་ལག་བསྟར་བྱ་ཐབས། བཟའ་བཅའ་བཟོ་མཁན་བཟོ་ཁང་ཆུང་གྲས་དང་སྐྱས་ཁྲོམ་བཏོན་ནས་ཟས་རིགས་ཚོང་མཁན་ལ་ཞིབ་ཕྲའི་དོ་དམ་བྱ་ཐབས། ཕྱོགས་འགྲུལ་ཞབས་ཞུའི་དོ་དམ་སྲོལ་ཡིག་བཅས་བཅའ་ཁྲིམས་ཁག་བཞི་གཏན་ལ་འབེབས་རྒྱུ་དང་བཟོ་བཅོས་རྒྱག་རྒྱུ་གཙོ་གནད་དུ་བཞག་ནས་དམ་འཛིན་བྱེད་རྒྱུ། གྲོས་ཞིབ་ཀྱི་ལས་རིམ་དུ་སླེབས་པའི་མེ་ཟོན་སྲོལ་ཡིག་དང་། ད་ལྟ་ལེགས་གྲུབ་བྱུང་མེད་པའི་ཡིག་ཚགས་སྲོལ་ཡིག་དང་ཡུལ་སྐོར་སྲོལ་ཡིག་འཆར་ཟིན་ལ་བརྟག་ཞིབ་བྱེད་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་སྟེ་དེ་དག་བཟོ་བཅོས་དང་ཚགས་ཚུད་དུ་བཏང་ནས་དུས་ཐོག་ཏུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་མ་ཟད། འདམ་ར་སྲུང་སྐྱོབ་བཅའ་ཁྲིམས་དང་། གནམ་གཤིས་ཀྱི་འབྱུང་རྐྱེན་དོ་དམ་སྲོལ་ཡིག་བཟོ་རྒྱུའི་ལས་འགན་ལེགས་གྲུབ་ཐུབ་པའི་འབད་བརྩོན་བྱེད་རྒྱུ། ཕྱོགས་གཞན་ཞིག་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཙང་བཤེར་བྱེད་རྒྱུའི་ལས་དོན་མུ་མཐུད་སྤེལ་རྒྱུ། རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་དབང་གིས་ད་ལྟ་ལག་ལེན་བསྟར་མུས་ཀྱི་ཁྲིམས་སྲོལ་ནང་དོན་ཚན་ལ་ལའི་གཏན་འབེབས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་དགོས་པ་དང་མི་འཚམ་པའམ་ཡང་ན་གོང་རིམ་བཅའ་ཁྲིམས་དང་མི་མཐུན་པ། གཏན་འབེབས་ལ་ལ་གཅིག་གྱུར་མེད་པའམ་ཡང་ན་སྦྲེལ་མཐུད་མི་ཐུབ་པ་བཅས་དེ་དག་གཙང་སེལ་དང་ཚགས་ཚུད་དུ་གཏོང་དགོས་གནད་ཡོད་པར་བརྟེན་ཁྲིམས་སྲོལ་དེ་གྲས་ལ་དུས་ཐོག་ཏུ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་དབྱེ་ཞིབ་བྱས་ཏེ་གཙང་བཤེར་གྱི་བསམ་འཆར་བཏོན་ནས་བཟོ་བཅོས་སམ་ཡང་ན་མེད་པ་བཟོས་ཏེ་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་གཅིག་གྱུར་ཡོང་རྒྱུར་སྲུང་སྐྱོང་བྱས་ཏེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དེ་ཚན་རིག་དང་མཐུན་པ་དང་། བཙན་བརྗིད་དང་ལྡན་པ་ཞིག་ཡོང་བ་བྱེད་རྒྱུ་ཡིན།

        ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་བྱེད་རྒྱུ་དང་དམངས་གཙོའི་ཁྲིམས་འཛུགས་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་སྔར་བས་གོང་མཐོར་གཏོང་དགོས་པ། ཁྲིམས་སྲོལ་བཟོ་དགོས་རིགས་ཚང་མར་དེའི་དམིགས་ཡུལ་དང་རྩ་དོན། གཞན་ཡང་ཁྲིམས་འཛུགས་ཀྱི་དགོས་ངེས་རང་བཞིན་དང་། འགྲིག་འཐུས་ཀྱི་རང་བཞིན། ཁྲིམས་མཐུན་གྱི་རང་བཞིན་བཅས་དང་། དེ་བཞིན་ཁྲིམས་འཛུགས་དང་འབྲེལ་བའི་གནད་དོན་གཙོ་གྲས་དང་། མངོན་གསལ་དོད་པའི་འགལ་ཟླ། ཁྲིམས་འཛུགས་ཀྱི་ཕན་འབྲས་ལ་མངོན་དཔག་བྱེད་རྒྱུ་སོགས་ཀྱི་གནད་དོན་འཕྲད་རིགས་ལ་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མཁས་དབང་། ཁྲིམས་འཛུགས་ཇུས་འདྲི་ཚོགས་ཆུང་གི་ཁོངས་མི། འབྲེལ་ཡོད་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་དང་མཐུན་སྦྱོར་བྱས་ཏེ་ནན་ཏན་གྱི་བརྟག་དཔྱད་ཞིབ་འཇུག་དང་། རིག་དཔྱད་ཁུངས་སྐྱེལ་བྱས་ཐོག་ཕན་ཚུན་འབྲེལ་བ་དང་བགྲོ་གླེང་ཡང་ཡང་བྱས་ཏེ་མི་ཚོགས་འདྲ་མིན་རིགས་དབར་གྱི་དམིགས་བསལ་ཁེ་ཕན་གྱི་འབྲེལ་བ་སྟངས་འཛིན་ཡང་དག་པ་དང་ཐག་གཅོད་འཚམ་པོ་བྱས་ཏེ་སྤྱི་ཚོགས་དྲང་བཞག་བདེན་སྐྱོང་ཡོང་རྒྱུར་སྲུང་སྐྱོབ་བྱས་ནས་གཏན་ལ་ཕབ་པའི་ཁྲིམས་སྲོལ་རྣམས་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་བྱེད་རྒྱུ། ཁྲིམས་སྲོལ་འཆར་ཟིན་ཡོངས་བསྒྲགས་བྱེད་རྒྱུ་དང་། སྤྱི་དམངས་ཀྱིས་གྲོས་བསྡུར་བྱེད་རྒྱུ་སོགས་ཀྱི་ཐབས་རྣམ་འདྲ་མིན་སྤྱད་ནས་རྒྱ་ཁྱབ་ཀྱི་བསམ་འཆར་བསྡུ་ལེན་གྱིས་སྤྱི་ཚོགས་ཡོངས་ཀྱི་བློ་རིག་གཅིག་ཏུ་བསྡུས་ནས་ཁྲིམས་སྲོལ་གཏན་ལ་འབེབས་པའི་བརྒྱུད་རིམ་དེ་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུའི་བརྒྱུད་རིམ་ཞིག་ཆགས་པ་བྱས་ཏེ་ཁྲིམས་སྲོལ་ལག་བསྟར་བྱེད་རྒྱུར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་རྒྱུ། མ་ཟིན་བཟོ་མཁན་སྡེ་ཚན་ཁག་ལ་ཁྲིམས་འཛུགས་ལས་ཀའི་ནང “ལས་འགན་དོན་འཁྱོལ་དང་། དུས་ཚོད་དོན་འཁྱོལ། རྩ་འཛུགས་དོན་འཁྱོལ། འགན་འཁྲི་དོན་འཁྱོལ ”བཅས་དོན་འཁྱོལ་བཞིའི་བླང་བྱ་གཞིར་བཟུང་ཁྲིམས་འཛུགས་ཀྱི་ལག་རྩལ་ཚད་ལྡན་བཟོ་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུའི་སྐུལ་ལྕག་བཏང་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ། ཆེད་དོན་ཨུ་ཡོན་ལྷན་ཁང་དང་ལས་དོན་ཨུ་ཡོན་ལྷན་ཁང་ཁག་གིས་སྔོན་ཚུད་ནས་བྱ་བའི་ནང་ཞུགས་ཏེ་མ་ཟིན་བཟོ་རྒྱུའི་ལས་ཀའི་མགྱོགས་ཚད་སྟངས་འཛིན་བྱེད་རྒྱུ་དང་། མ་ཟིན་བཟོ་རྒྱུའི་ལས་དོན་ནང་འཕྲད་པའི་གནད་དོན་རྣམས་མཐུན་སྦྱོར་དང་ཐག་གཅོད་བྱེད་དགོས་པ། གཞན་ཡང་ཁྲིམས་འཛུགས་བྱས་རྗེས་ཀྱི་སྤུས་ཚད་དང་ཕན་འབྲས་ལ་ཚོད་སྐོར་བྱེད་ཐབས་རིམ་གྱིས་འཛུགས་རྒྱུ། འདི་ལོར་ཁྲིམས་སྲོལ་གཉིས་གསུམ་ཞིག་ལག་བསྟར་བྱེད་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ། ཁྲིམས་འཛུགས་བྱས་རྗེས་ཀྱི་ཚོད་སྐོར་ལས་དོན་སྤེལ་བ་བརྒྱུད་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་བྱེད་ཐབས་བཟོ་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ་བྱེད་རྒྱུ།

        གཉིས། གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་ཏན་ཏིག་བྱེད་རྒྱུ།

        འདི་ལོར་རང་ལྗོངས་ཀྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་གསུམ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད་ལ་ལོ་ལྔ་ཚན་བཅུ་གཅིག་པའི་འཆར་འགོད་དམིགས་ཚད་ཀྱི་ལས་འགན་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་རྒྱུར་དཀའ་ངལ་ཤིན་ཏུ་ཆེན་པོ་ཡོད། རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་་གོང་འཕེལ་གཏོང་རྒྱུ་དང་། ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ཀྲུང་དབྱང་ནས་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་ལས་དོན་ལ་གལ་ཆེའི་བཀོད་སྒྲིག་གནང་རྩིས་ཡོད་པར་བརྟེན་རང་སྐྱོང་ལྗོངས་ཏང་ཨུད་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ལས་འགན་ཁག་བཀོད་སྒྲིག་བྱས་པའི་རྨང་གཞིའི་ཐོག་ཀྲུང་དབྱང་གི་གལ་ཆེའི་བཀོད་སྒྲིག་དོན་འཁྱོལ་བྱེད་ཕྱོགས་ཀྱི་བསམ་འཆར་འདོན་དགོས། རྒྱུན་ལས་ཨུ་ལྷན་གྱིས་ལྟ་སྐུལ་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ལྟ་སྐུལ་གྱི་རྣམ་པ་འདྲ་མིན་རིགས་ཕྱོགས་བསྡུས་ཀྱིས་སྤྱད་ནས་སྲིད་གཞུང་དང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་ཐབས་ཇུས་དང་བཀོད་སྒྲིག་རྣམས་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་རྒྱུ་། དེའང་གཅིག་ནི་དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་གཏོང་རྒྱུ་དང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་ལྟ་སྐུལ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རང་སྐྱོང་ལྗོངས་ཀྱི་ངེས་རྩིས་དང་། རྩིས་བཤེར་ལས་དོན། འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ། 2010ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ། 2010ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་ཡོང་ལ་འགྱུར་ལྡོག་བཏང་ཚུལ་གྱི་སྙན་ཞུ་སོགས་ལ་ཞིབ་བཤེར་བྱེད་རྒྱུ་དང་། 2009ལོའི་རང་སྐྱོང་ལྗོངས་ཀྱི་ངེས་རྩིས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ། “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་བྱས་ཚུལ་ལ་བརྟག་ཞིབ་བྱེད་རྒྱུ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་སྔོན་གྲབས་བརྟག་ཞིབ་ལས་དོན་ལ་ཐེ་ཞུགས་བྱེད་རྒྱུ། “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་བྱས་ཚུལ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་གཞི་བཟོ་ཕྱོགས་ཀྱི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མ་དངུལ་བསྒྱུར་སྤྲོད་བྱེད་ཕྱོགས་སྐོར་དང་། རྣམ་གྲངས་180དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན། ས་ཆ་དོ་དམ། གཞུང་ལམ་འཛུགས་སྐྲུན། ཚོང་དོན་ལས་ཀ་སོགས་སྐོར་གྱི་ཆེད་དོན་ལས་དོན་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ་དང་། གཞན་ཡང་འོས་སྐུལ་འོས་དཔོད་ཀྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ཁག་ལག་བསྟར་བྱེད་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ། གཉིས་ནི་མང་ཚོགས་ཀྱི་འཚོ་བ་འགན་ལེན་བྱེད་རྒྱུའི་ལས་དོན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཆེད་དོན་ལས་ཀའི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ། ཕྱུགས་ལས་བཅའ་ཁྲིམས་དང་། ལས་རིགས་སློབ་གསོའི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ཁག་ལག་བསྟར་བྱེད་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ། “ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དུས་རབས་ཀྱི་ལས་སྒོ་བོད་དུ་སྤེལ་བའི་དྲིལ་བསྒྲགས་བྱེད་སྒོའི ”ཐད་ལ་བཏོན་པའི་བསམ་འཆར་དང་གྲོས་འཆར་དོན་འཁྱོལ་བྱེད་ཚུལ་ལ་རྗེས་སྙེག་བརྟག་དཔྱད་དང་བཅོས་སྒྲིག་བྱེད་རྒྱུར་ལྟ་སྐུལ་བྱེད་རྒྱུ་བཅས་ཀྱི་འཆར་གཞི་ཡོད། གསུམ་ནི་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ། དམངས་དོན་ལག་བསྟར་ལས་དོན་ལ་ཤུགས་སྣོན་རྒྱག་ཕྱོགས་སྐོར་གྱི་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཆེད་དོན་ལས་དོན་སྙན་ཞུ་དང་། འགན་འཛོལ་བྱུང་ནས་དབང་ཆར་བཙན་གནོད་བཏང་བའི་གྱོད་གཞིར་ཞིབ་དཔྱོད་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་རྒྱག་ཕྱོགས་སོགས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཆེད་དོན་ལས་དོན་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ། བདེ་འཇགས་དོ་དམ་ཆད་གཅོད་སྲོལ་ཡིག་སོགས་བཅའ་ཁྲིམས་ཁྲིམས་སྲོལ་རིགས་ལག་བསྟར་བྱེད་ཚུལ་ལ་ཞིབ་བཤེར་བྱེད་རྒྱུའི་འཆར་གཞི་ཡོད་པ་བཅས་ཡིན།

        མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་སྔ་བར་ཕྱི་གསུམ་དུ་གལ་ཆེའི་གནས་ལ་བཞག་ནས་ཆེད་དོན་སྙན་ཞུ་ཉན་རྒྱུ་ཡིན་ནའང་འདྲ། ཁྲིམས་སྒྱུར་བྱེད་སྟངས་ལ་ཞིབ་བཤེར་བྱེད་རྒྱུ་ཡིན་ནའང་འདྲ་ཚང་མ་ལྟེ་བར་ཕྱོགས་པ་དང་། གཙོ་གནད་འབུར་དུ་ཐོན་པ་བྱེད་རྒྱུའི་རྩ་དོན་གཞིར་བཟུང་བཅའ་ཁྲིམས་་ཁྲིམས་སྲོལ་ནང་གསལ་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པའི་གཏན་འབེབས་རིགས་འཚོལ་ཞིབ་གནད་ལ་འཁེལ་པོ་བྱེད་རྒྱུ་དང་། ལས་དོན་དངོས་ཀྱི་ནང་ཐག་གཅོད་བྱེད་དགོས་པའི་འགལ་ཟླ་གཙོ་བོ་དང་འགག་རྩའི་གནད་དོན་རྣམས་འཚོལ་ཞིབ་གནད་ལ་འཁེལ་བ་བྱས་ཏེ་གནད་འགག་འཛིན་ཐུབ་པ་དང་། བྱེ་བྲག་གིས་སྤྱི་ལ་ཁྱབ་པ། གཅིག་ཤེས་ཀུན་གྲོལ། ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོབ་པ་བྱེད་རྒྱུ། དོན་དངོས་ལ་འཇུག་རྒྱུ། གཞི་རིམ་ལ་བསྐྱོད་རྒྱུ། མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ནས་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་ཚགས་ཚུད་པོ་སྤེལ་ཐོག་གྲུབ་འབྲས་ཁས་ལེན་བྱེད་རྒྱུ་དང་ཕྱོགས་མཚུངས་དཀའ་ངལ་དང་གནད་དོན་རྣམས་གནད་ལ་འཁེལ་བ་བྱས་ཏེ་དམིགས་སའི་རང་བཞིན་དང་། བཀོལ་སྤྱོད་ཀྱི་རང་བཞིན་ཆེ་བའི་བསམ་འཆར་དང་གྲོས་འཆར་འདོན་ཐུབ་པ་བྱེད་རྒྱུ། ལྟ་སྐུལ་བཅའ་ཁྲིམས་ནང་གསལ་བྱ་ཐབས་དང་ལས་རིམ་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ནས་རྗེས་སྙེག་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། འཐུས་མི་ཚོས་ཡོངས་ཁྱབ་ཏུ་དོ་སྣང་བྱེད་པའི་གཙོ་གནད་དང་དཀའ་གནད་ཆེ་བའི་གནད་དོན་རིགས་བཟུང་སྟེ་འབྲེལ་ཡོད་ཕྱོགས་ལ་ལེགས་བཅོས་གཏོང་རྒྱུའི་སྐུལ་མ་གཏོང་རྒྱུ། གཙོ་གནད་དང་དཀའ་གནད་རིགས་ཐག་གཅོད་བྱེད་རྒྱུའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་རྒྱུ་དང་དེ་ཚགས་ཚུད་དུ་བཏང་ནས་ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་། དངོས་ཕན་རང་བཞིན་ཁ་ཙམ་མིན་པའི་སྒོ་ནས་ཆེ་རུ་གཏོང་རྒྱུ། ལྟ་སྐུལ་བཅའ་ཁྲིམས་ལག་བསྟར་བྱ་ཐབས་དང་། ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག་གཞིར་བཟུང་མི་དམངས་འཐུས་ཚོགས་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་ལ་ཁྲིམས་ལུགས་གཞིར་བཟུང་ལྟ་སྐུལ་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་རྒྱུ།

        གསུམ། འཐུས་མིས་འགན་འཁྲི་བསྒྲུབ་རྒྱུའི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱེད་རྒྱུ་དེ་གཙོ་གནད་དུ་བཟུང་ནས་འཐུས་མིའི་ལས་དོན་ལ་ཤུགས་སྣོན་དང་བསྒྱུར་བཅོས་ཏན་ཏིག་བྱེད་རྒྱུ།

        ཀྲུང་དབྱང་གི་ཡིག་ཆ་ཨང་དགུ་པ་མུ་མཐུད་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་། ནུས་ལྡན་གྱི་བྱ་ཐབས་སྤྱད་ནས་འཐུས་མིས་ཁྲིམས་ལུགས་གཞིར་བཟུང་འགན་འཁྲི་སྒྲུབ་རྒྱུའི་ཧུར་སེམས་ལ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་དང་། ཁྲིད་སྟོན་ཡག་པོ་བྱེད་རྒྱུ། འདོན་སྤེལ་ཡག་པོ་བྱེད་རྒྱུ་བཅས་ནི་འདི་ལོར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་ལས་དོན་སྤེལ་རྒྱུའི་གཙོ་གནད་དེ་ཡིན། འཐུས་མིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཐེ་ཞུགས་བྱེད་རྒྱུ་སྔར་ལས་རྒྱ་ཆེར་བཏང་སྟེ་འཐུས་མིའི་འགན་དབང་སྒྲུབ་རྒྱུ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྒྲུབ་རྒྱུ་གཉིས་སྦྲེལ་མཐུད་ཡག་པོ་བྱས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། ལས་དོན་ཨུ་ཡོན་ལྷན་ཁང་བཅས་དང་འཐུས་མིའི་དབར་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། འཐུས་མིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དང་། ལྟ་སྐུལ་སོགས་ཀྱི་ལས་དོན་ནང་ཐེ་ཞུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། འཐུས་མིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱེད་སྟངས་ལེགས་བཅོས་གཏོང་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་འཐུས་མིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ནང་གཙོ་རྐང་གི་ནུས་པ་དང་། རང་འཁྲིའི་ལས་ཀའི་ནང་སྣེ་ཁྲིད་ཀྱི་ནུས་པ། མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་བཅས་འདོན་སྤེལ་ཐུབ་པ་བྱེད་རྒྱུ་ཡིན། འཐུས་མིར་ཞབས་ཞུ་སྒྲུབ་རྒྱུའི་ལས་དོན་སྔར་ལས་ལེགས་སུ་བཏང་སྟེ་འཐུས་མིའི་གཙོ་རྐང་གི་གནས་བབ་ལ་སྲུང་བརྩི་བྱེད་རྒྱུ་རྒྱུན་འཁྱོངས་དང་། འཐུས་མིར་ཞབས་ཞུ་བྱེད་རྒྱུའི་བསམ་བློ་རྒྱུན་འཁྱོངས་ཀྱིས་ཞབས་ཞུ་འགན་ལེན་བྱེད་ནུས་ཤུགས་ཆེར་བཏང་ནས་འཐུས་མིས་ཁྲིམས་ལུགས་གཞིར་བཟུང་འགན་འཁྲི་སྒྲུབ་རྒྱུར་ཆ་རྐྱེན་སྔར་ལས་ལྷག་པ་སྐྲུན་རྒྱུ་ཡིན། གཅིག་གྱུར་གྱི་མཐུན་སྦྱོར་དང་ཁག་དབྱེ་ནས་ལྟ་སྐུལ་བྱེད་རྒྱུར་སྔར་ལས་ལྷག་པའི་ཤུགས་སྣོན་བརྒྱབ་སྟེ་ཁ་ཙམ་མིན་པའི་སྒོ་ནས་འཐུས་མིའི་གྲོས་གཞི་དང་གྲོས་འཆར་དོན་འཁྱོལ་བྱེད་རྒྱུའི་ལས་དོན་ལ་ཕན་འབྲས་ཐོན་ཤུགས་ཆེ་རུ་གཏོང་རྒྱུ། འཐུས་མིས་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། ཐེ་ཞུགས་བྱེད་དབང་ལ་སྔར་ལས་ལྷག་པའི་འགན་ལེན་ཐུབ་པ་བྱས་ཏེ་ཆ་འཕྲིན་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་ས་ཁུལ་གྱི་གནས་ཚུལ་དང་། སྲིད་དོན་གྱི་གནས་ཚུལ། སྤྱི་ཚོགས་ཀྱི་གནས་ཚུལ། མི་དམངས་འཐུས་ཚོགས་ཀྱི་གནས་ཚུལ་བཅས་དུས་ཐོག་ཏུ་འཐུས་མིར་བརྡ་ཁྱབ་བཏང་ནས་འཐུས་མིས་གནས་ཚུལ་ཤེས་རྟོགས་དང་། སྲིད་དོན་ཤེས་རྟོགས་བྱེད་ལམ་རྒྱ་ཆེར་གཏོང་རྒྱུ། འཐུས་མིར་སྦྱོང་བརྡར་སྤྲོས་རྒྱུའི་ལས་དོན་ལ་སྔར་ལས་ལྷག་པའི་ཤུགས་སྣོན་བརྒྱབ་སྟེ་ཐབས་ལམ་འདྲ་མིན་སྤྱད་ནས་འཐུས་མི་རྣམས་ཀྱི་འགན་འཁྲི་སྒྲུབ་ནུས་ཇེ་ཆེར་གཏོང་རྒྱུར་རོགས་རམ་བྱེད་རྒྱུ། འཐུས་མིའི་བྱེད་སྒོ་སྤེལ་སྟངས་སྔར་ལས་ལྷག་པའི་གསར་གཏོད་བྱས་ཏེ་འབབ་འཕར་འགན་ལེན་དང་། དམངས་འཚོ་འགན་ལེན། བརྟན་ལྷིང་འགན་ལེན་བཅས་ལ་དམིགས་ཏེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གཙོ་དོན་དེ་འབུར་དུ་ཐོན་པ་བྱས་ནས་ཚོགས་འདུ་མ་འཚོག་པའི་རིང་འཐུས་མི་སྒྲིག་འཛུགས་བྱས་ཏེ་གཟིགས་ཞིབ་དང་། ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུའི་བྱེད་སྒོ་ཧུར་ཐག་སྤེལ་ནས་འཐུས་མིའི་བྱེད་སྒོའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་རྒྱུ། འཐུས་མིའི་ལས་དོན་ལམ་ལུགས་སྔར་ལས་ལེགས་པ་འཛུགས་རྒྱུ་དང་འཐུས་ཚང་དུ་བཏང་སྟེ་འཐུས་མིའི་ལས་དོན་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན་དུ་བསྒྱུར་རྒྱུའི་འགན་ལེན་བྱེད་རྒྱུ། རྫོང་(གྲོང་ཁྱེར )ཁག་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་སྔར་ལས་ལྷག་པའི་ཤུགས་སྣོན་བརྒྱབ་སྟེ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས་འཐུས་མིའི་ལས་དོན་ནང་གནས་པའི་གནད་དོན་རྣམས་ཁ་ཙམ་མིན་པའི་སྒོ་ནས་ཐག་གཅོད་བྱེད་རྒྱུ་བཅས་ཡིན།

        བཞི། སློབ་སྦྱོང་རྣམ་པའི་འགོ་ཁྲིད་ཚན་པ་འཛུགས་རྒྱུ་དེ་གཙོ་གནད་དུ་བཟུང་སྟེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ།

        ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་མར་ཁེ་སི་རིང་ལུགས་ཀྱི་སློབ་སྦྱོང་རྣམ་པའི་སྲིད་ཏང་འཛུགས་སྐྱོང་བྱེད་རྒྱུའི་གལ་ཆེའི་འཐབ་ཇུས་ཀྱི་ལས་འགན་འདོན་གནང་མཛད་ཡོད་པ་དང་། ལྗོངས་ཏང་ཨུད་ཀྱིས་ཀྱང་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་དང་སློབ་སྦྱོང་རྣམ་པའི་འགོ་ཁྲིད་ཚན་པ་འཛུགས་རྒྱུར་བླང་བྱ་གསལ་བཏོན་གནང་ཡོད་པ་རེད། ང་ཚོས་སློབ་སྦྱོང་རྣམ་པའི་འགོ་ཁྲིད་ཚན་པ་འཛུགས་རྒྱུ་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་གཙོ་གནད་དུ་བཟུང་ཐོག་དེས་བསམ་བློ་ཆབ་སྲིད་ལེགས་སྐྱོང་དང་། ནུས་པ་ལེགས་སྐྱོང་། ཀུན་སྤྱོད་ལེགས་སྐྱོང་། ལམ་ལུགས་ལེགས་སྐྱོང་བྱེད་རྒྱུ་བཅས་ཁྲིད་ཐུབ་པ་བྱེད་རྒྱུ་ཡིན། གཅིག་ནི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་དམ་འཛིན་བྱས་ཏེ་ཆབ་སྲིད་ཐོག་ལངས་ཕྱོགས་བརྟན་པོ་ཡོང་བའི་འགན་ལེན་བྱེད་རྒྱུ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་དང་། ཀྲུང་དབྱང་གི་དུས་རབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་སོགས་གལ་ཆེའི་བསམ་བློ་དང་། གལ་ཆེའི་རིགས་པའི་གཞུང་ལུགས་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱས་ཏེ་རྒྱུན་བསྲིངས་ལྷོད་མེད་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གིས་བསམ་བློར་དྲག་ཆས་སྤྲས་ཐོག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ། “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། གོང་འཕེལ་ལ་སྐུལ་འདེད ”བཅས་ཀྱི་གཙོ་དོན་སློབ་གསོ་དང་“ཁ་འབྲལ་དུ་མི་རུང་བ་གསུམ ”གྱི་བསམ་བློའི་སློབ་གསོ་གཏིང་ཟབ་དང་ཚགས་ཚུད་པ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་གང་ཆེ་བརྒྱབ་ནས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་མི་སེམས་འགུགས་ཤུགས་དང་། མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་བཅས་སྔར་བས་ཆེ་རུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་རྨང་གཞི་སྲ་བརྟན་གཏོང་རྒྱུ། གཉིས་ནི་ནུས་པ་ལེགས་སྐྱོང་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གོང་འཕེལ་གཏིང་ཟབ་གཏོང་རྒྱུའི་འགན་ལེན་ཐུབ་པ་བྱེད་རྒྱུ། རྩ་ཁྲིམས་དང་། ཁྲིམས་ལུགས། དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྱོང་བྱེད་རྒྱུའི་རིགས་པའི་གཞུང་ལུགས་དང་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཤེས་བྱ་སློབ་སྦྱོང་ནན་ཏན་བྱས་ཏེ་ཤེས་བྱའི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཕྱོགས་བསྡུས་བྱང་ཚད་གོང་མཐོར་བཏང་ཐོག་ཁྲིམས་ལུགས་གཞིར་བཟུང་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་དང་། མི་དམངས་འཐུས་ཚོགས་ཀྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་མ་ཟད་སློབ་སྦྱོང་གི་འབྲས་བུ་རྣམས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དངོས་ནང་བེད་སྤྱོད་ཐུབ་པ་བྱས་ནས་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གོང་དུ་སྤེལ་རྒྱུའི་ནུས་པ་དངོས་དང་། ནུས་ལྡན་གྱི་བྱ་ཐབས་ལ་གྱུར་ཐུབ་པ་བྱེད་རྒྱུ། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཁ་ཙམ་མིན་པའི་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་ཀ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ། གསུམ་ནི་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དམ་འཛིན་ནན་པོ་བྱས་ནས་གསར་གཏོད་ཡར་བརྩོན་ལ་སྐུལ་སྤེལ་གཏོང་རྒྱུ། ལས་ཀའི་སྤྱོད་ཚུལ་ལ་ཁ་ཙམ་མིན་པའི་འགྱུར་ལྡོག་བཏང་ཐོག་སྒྱུར་འཕེལ་བརྟན་གསུམ་དང་། དམངས་གཙོ་དང་། ཁྲིམས་ལུགས་འཛུགས་སྐྱོང་ལས་དོན་ཁྲོད་ཀྱི་གནད་དོན་ཆེ་རིགས་དམ་འཛིན་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུའི་རྣམ་གྲངས་གནད་ལ་འཁེལ་པོ་གདམ་རྒྱུ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་རྒྱུ། བརྟག་དཔྱད་ཞིབ་འཇུག་གི་ཕན་འབྲས་དངོས་དོན་གཉེར་བཅས་བྱས་ནས་ཕུགས་ཕན་གྱི་འཆར་གཞི་འདིང་བ་དང་། ལེགས་པའི་བློ་གྲོས་འདོན་པ། དོན་ཕན་གྱི་ཇུས་འདོན་པ་བཅས་བྱེད་རྒྱུ། མི་དམངས་འཐུས་ཚོགས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྔོན་མེད་གསར་གཏོད་བྱེད་རྒྱུ་རྒྱུན་འཁྱོངས་དང་། བསམ་གཞི་གསར་པ་འདོན་རྒྱུ། བྱ་ཐབས་གསར་པ་སྤྱད་ནས་གནས་ཚུལ་གསར་པར་གདོང་ལེན་བྱེད་རྒྱུ། ཐབས་ཤེས་གསར་པར་བརྟེན་ནས་གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཏེ་དུས་བསྟུན་ཡར་རྒྱས་ཀྱི་སྒོ་ནས་མི་དམངས་འཐུས་ཚོགས་ཀྱི་ལས་ཀ་ཟམ་མི་ཆད་པར་གོང་དུ་སྤེལ་རྒྱུ། བཞི་ནི་ལས་ཁུངས་ལེགས་སྐྱོང་བྱེད་རྒྱུ་དམ་འཛིན་བྱས་ནས་ལས་དོན་སྤེལ་རྒྱུར་འགན་ལེན་ཡོད་པ་བྱེད་རྒྱུ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་སྒོ་དང་། འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་ལེགས་སྐྱོང་བྱེད་སྒོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་ལས་བྱེད་པར་བླང་བྱ་དང་། དོ་དམ་སྔར་ལས་ནན་པ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁ་ཙམ་མིན་པའི་སྒོ་ནས་ལས་བྱེད་པའི་བྱ་གཞག་སྒྲུབ་སེམས་དང་ཁུར་སེམས་ཆེ་རུ་བཏང་ཐོག་བྱང་ཚད་མཐོ་བའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་རྒྱུ། ལས་ཁུངས་ཀྱི་ནུས་པ་ཇེ་ཆེར་གཏོང་རྒྱུར་དོ་སྣང་ཆེན་པོ་བྱས་ཏེ་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་ཚགས་ཚུད་དུ་གཏོང་རྒྱུ་དང་ཇུས་འདོན་ལས་རོགས་དང་ཞབས་ཞུའི་ཚན་ཁག་གི་འགན་ནུས་འདོན་སྤེལ་མཐར་ཕྱིན་པ་བྱེད་རྒྱུ། ནུབ་ཕྱོགས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར )12ཀྱི་མི་དམངས་འཐུས་ཚོགས་ཀྱི་ནང་ཞབས་ཁྲིམས་འཛིན་ལས་ཀའི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱེད་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་རྒྱུ་བཅས་ཡིན། ལྔ་ནི་མི་དམངས་འཐུས་ཚོགས་ཀྱི་ཕྱི་དོན་ལས་ཀར་ཤུགས་སྣོན་བརྒྱབ་ནས་བོད་འབྲེལ་གྲོས་ཚོགས་དབར་གྱི་ཕྱི་དོན་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་རྒྱུ། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཚན་པའི་ཁོངས་མི་དང་ལས་ཁུངས་ཀྱི་ལས་བྱེད་པ་རྣམས་སྒྲིག་འཛུགས་བྱས་ཏེ་བོད་འབྲེལ་ཕྱི་དོན་ལས་ཀའི་ཤེས་བྱ་དང་། ཕྱི་དོན་ལས་ཀའི་སྒྲིག་ལམ་བརྒྱུད་རིམ་ལྡན་པ་ཞིག་སློབ་སྦྱོང་བྱས་ཏེ་བོད་འབྲེལ་གྲོས་ཚོགས་ཀྱི་ཕྱི་དོན་ལས་ཀ་བསྒྲུབ་རྒྱུའི་ཆུ་ཚད་གོང་མཐོར་གཏོང་རྒྱུ། མི་དམངས་འཐུས་ཚོགས་ཀྱིས་ཕྱི་ཕྱོགས་ལ་འབྲེལ་ལམ་འཛུགས་རྒྱུའི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཚུར་གདན་འདྲེན་པ་དང་། ཕར་འགྲོ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་འབྲེལ་ཡོད་རྒྱལ་ཁབ་ཀྱི་གྲོས་ཚོགས་དང་མཛའ་གྲོགས་ཀྱི་འབྲེལ་ལམ་འཛུགས་རྒྱུ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་མི་དང་འབྲེལ་ལམ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རླབས་ཆེན་གྱི་གྲུབ་འབྲས་དྲིལ་བསྒྲགས་བྱེད་རྒྱུ་དང་། ཏཱ་ལར་ཐེར་འདོན་དགག་རྒྱག་བྱས་ནས་ཁ་ཕྲལ་རིང་ལུགས་ཕྱོགས་གཏོགས་རྣམས་རྒྱལ་སྤྱིའི་བྱེད་སྒོ་སྤེལ་ཡུལ་གྱི་མཐའ་ལ་བཅུར་ཏེ་རྒྱལ་ཁབ་ཀྱི་སྲོག་ཤིང་དུ་གྱུར་བའི་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུ།

        འཐུས་མི་རྣམ་པ། བླ་ན་མེད་པའི་ལས་སྐལ་གྱིས་ང་ཚོར་སྐུལ་མ་གཏོང་བ་དང་། མཛེས་སྡུག་ལྡན་པའི་མ་འོངས་པས་ང་ཚོར་འབོད་བརྡ་གཏོང་བཞིན་ཡོད་པས་ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་གྱི་མཛུབ་ཁྲིད་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཁྲིམས་ལྟར་འགན་ནུས་ཁག་འབད་སྒྲུབ་ཐོག་ལས་དོན་ཚགས་ཚུད་དང་འབད་འབུངས་ཡར་བརྩོན་གྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་ནས་འབད་བརྩོན་ཆེན་པོས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུ་བཅས་ལ་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན།

        (རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།