དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《དུས་བབ་གསར་པའི་འོག་ཏང་འཛུཊ་སྐྱོང་བྱེད་རྒྱུར་ཤུཊ་སྣོན་དང་དེ་ལེགས་སུ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལག་ལེན་བསྟར་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་དང་དེ་ལེགས་སུ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གཏན་འབེབས་བྱས་ཏེ་ཏང་འཛུགས་སྤྱི་ཕན་དང་། སྲིད་སྐྱོང་དམངས་ཕན། དམ་པ་དོན་གཉེར། སྒྱུར་བཅོས་གསར་གཏོད། དཀའ་སྤྱད་འབད་འཐབ། གཞུང་དྲང་སྤྱོད་གཙང་། གསོན་ཤུགས་ལྡན་པ། མཐུན་སྒྲིལ་གཞི་མཐུན་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་ཏུ་འགྱུར་རྒྱུའི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། གལ་ཆེའི་བྱ་ཐབས་བཅས་གཏན་འཁེལ་སྔར་ལས་ལྷག་པ་བྱས་ཤིང་། དེ་ནི་ང་ཚོས་བསྒྱུར་བཅོས་གསར་གཏོད་ཀྱི་བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་གྱི་ཡིག་ཆ་ཞིག་ཡིན་པས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་གཏོང་རྒྱུར་གཏིང་ཟབ་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱུན་དུ་ཏང་གི་དོན་དུ་སེམས་ཁྲལ་བྱེད་སེམས་བཅངས་དགོས་པ་དང་། ཏང་དར་རྒྱས་གཏོང་རྒྱུའི་འགན་འཁྲི་གཙང་སྒྲུབ་བྱས་ཐོག་འཕོ་འགྱུར་གཏོང་ཕོད་པ་དང་གསར་གཏོད་བྱེད་ཕོད་པ་བྱས་ནས་ནམ་ཡང་གསོན་ཤུགས་ལྡན་པ་དང་ནམ་ཡང་མདུན་སྐྱོད་འཕེལ་རྒྱས་བཏང་སྟེ་ཏང་འཛུགས་སྐྱོང་བྱེད་པའི་རླབས་ཆེན་གྱི་ལས་གཞི་གསར་པར་མུ་མཐུད་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ཏང་ལེགས་སྐྱོང་བྱེད་རྒྱུ་ཚན་རིག་ཅན་དུ་སྒྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ང་ཚོའི་ཏང་འདི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་སྔ་ཕྱི་བར་གསུམ་དུ་སྟོབས་ལྡན་ཞུམ་མེད་ཀྱི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་གྱུར་བ་བྱེད་དགོས།

        གཅིག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་རྒྱུན་འཁྱོངས་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས།

        1. རྒྱུན་བསྲིང་ལྷོད་མེད་ཀྱི་སྒོ་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་སློབ་སྦྱོང་དང་སློབ་གསོ་སྤེལ་དགོས།

        དུས་ཁག་གསུམ་པའི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ་ཏན་ཏིག་སྤེལ་ནས་ཏང་ཡོན་ལས་བྱེད་པར་སློབ་གསོ་ཐོབ་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ཆུ་ཚད་གོང་མཐོར་འགྲོ་བ། སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་ཕན་འབྲས་ཐོན་པ། མི་དམངས་མང་ཚོགས་ལ་དངོས་ཕན་ཐོབ་པ་བཅས་འགན་ལེན་བྱེད་དགོས།

        སློབ་སྦྱོང་ལག་ལེན་བྱེད་སྒོའི་ཉམས་མྱོང་སྒོ་ཀུན་ནས་ཕྱོགས་སྡོམ་བྱས་ཏེ་སློབ་སྦྱོང་དང་། དྲིལ་བསྒྲགས། ཞིབ་འཇུག་བཅས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཁར་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་བྱེད་རྒྱུ་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་དགོས། རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་བྱེད་རྒྱུར་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། རྫོང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སྦྱོང་སྤྱོད་ཡག་པོ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་ལོ་རྒྱུས་ཀྱི་གནས་བབ་དང་། དུས་རབས་ཀྱི་འབྱུང་རྐྱེན། ཚན་རིག་གི་ནང་དོན། དགོངས་དོན་གྱི་ངོ་བོ། རྩ་བའི་བླང་བྱ་བཅས་ཤེས་རྟོགས་ཡང་དག་པ་བྱས་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བར་བརྟེན་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱེད་དགོས། སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སྒྲོག་འགྲེལ་བྱེད་པའི་གོ་བདེའི་སློབ་དེབ་རྩོམ་འབྲི་བྱས་ཏེ་གཅིག་སྡུད་ཀྱི་སྦྱོང་བརྡར་དང་། ཁག་བགོས་ཀྱི་རེས་སྐོར་སྦྱོང་བརྡར། བསམ་བློ་སྤེལ་རེས་ཞིབ་བསྡུར་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་བརྒྱུད་རིམ་ལྡན་པའི་ངང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་འབྲེལ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཁྲོད་དུ་ཁྱབ་གདལ་གཏོང་ཐུབ་པ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱི་དྲིལ་བསྒྲགས་དང་རྩ་འཛུགས་སྡེ་ཚན། ཏང་གི་སློབ་གྲྭ སྲིད་འཛིན་སློབ་གླིང་སོགས་ལས་བྱེད་པའི་སློབ་གསོ་སྦྱོང་བརྡར་ལས་ཁུངས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་བྱ་རྒྱུ་དེ་དམ་འཛིན་དངོས་དང་དམ་འཛིན་ཡག་པོ་བྱེད་དགོས།

        2. སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་གི་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།

    ཕུགས་བསམ་དང་དད་སེམས་བརྟན་པོ་བཅངས་རྒྱུའི་སློབ་གསོ་སྤེལ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་སློབ་སྦྱོང་དང་ལག་ལེན་བྱེད་པའི་གལ་ཆེའི་ནང་གི་དོན་ཆེན་ཞིག་ལ་བརྩིས་ནས་རྒྱལ་ཁབ་ཀྱི་གནས་ཚུལ་དང་། རང་ལྗོངས་ཀྱི་གནས་ཚུལ། དུས་བབ་སྲིད་ཇུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་དང་ལས་བྱེད་པས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། བསྒྱུར་བཅོས་སྒེ་དབྱེའི་བྱ་གཞག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་དམིགས་ཚད་བཅས་ལ་འཛིན་པའི་དད་སེམས་དང་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་བྱེད་དགོས། བསམ་བློ་ཀུན་སྤྱོད་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་རྒྱལ་གཅེས་རིང་ལུགས་ཀྱིས་ལྟེ་བ་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་། བསྒྱུར་བཅོས་གསར་གཏོད་ཀྱིས་ལྟེ་བ་བྱས་པའི་དུས་རབས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་འཐབ་ཀྱིས་ལྟེ་བ་བྱས་པའི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”བཅས་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཏང་ཡོན་དང་ལས་བྱེད་པས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་དང་། རང་རྟོགས་ངང་ཀྲུང་ཧྭ་མི་རིགས་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་བསམ་བློའི་སྲུང་བཅད་བརྟན་པོ་འཛུགས་དགོས་པ་དང་། ཆབ་སྲིད་ཀྱི་ཚོར་ནུས་དང་ཆབ་སྲིད་ཀྱི་དབྱེ་གསལ་འབྱེད་ནུས་ཆེ་རུ་གཏོང་དགོས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རྒྱ་ཆེ་གཏིང་ཟབ་དང་རྒྱུན་བསྲིང་ངང་སྤེལ་རྒྱུ་དང་། གསར་བརྗེའི་ལོ་རྒྱུས་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་དང་ལས་བྱེད་པར་མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ལྟ་བ། ཆོས་ལུགས་ལྟ་བ། རིག་གནས་ལྟ་བ་བཅས་བརྟན་པོ་འཛུགས་དགོས་པ་དང་། རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་ལག་བསྟར་བྱེད་དགོས་པ། བླ་ན་མེད་པའི་ཀུན་སྤྱོད་བསམ་བློ་དང་བདེ་ཐང་གི་འཚོ་བ་སྐྱེལ་ཕྱོགས་དར་སྤེལ་བཏང་ནས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་བྱེད་རྒྱུའི་སློབ་གསོ་སྤེལ་དགོས།

        3.དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་ཤུགས་རྒྱག་དགོས།

        དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བོད་དུ་ཞིབ་ཕྲའི་བེད་སྤྱོད་དང་དངོས་སུ་མཚོན་པར་བྱེད་པ་ཞིག་ཡིན། མཛུབ་ཁྲིད་བསམ་བློ་འདི་གོ་བ་གཏིང་ཟབ་ལེན་པ་དང་། ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱེད་རྒྱུ་དེ་རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱི་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་གལ་ཆེའི་ནང་དོན་ལ་བརྩིས་ནས་སྤྱི་ཡོངས་སུ་ཁྱབ་པ་བྱས་ཐོག་དེ་ལ་བརྟེན་ནས་བསམ་བློ་གཅིག་གྱུར་བྱེད་པ་དང་། དེ་ལ་བརྟེན་ནས་ལས་ཀར་སྤྱི་འདོམས་བྱེད་པ། དེ་ལ་བརྟེན་ནས་བྱ་སྤྱོད་ལ་བཀོད་ཁྱབ་བཅས་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་ཡོན་དང་ལས་བྱེད་པས་མཛུབ་ཁྲིད་བསམ་བློ་འདི་རྒྱུན་འཁྱོངས་བྱེད་རྒྱུར་ངོས་འཛིན་གཏིང་ཟབ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུཌ་རྒྱུན་འཁྱོངས་བཅས་བྱེད་རྒྱུ་ནི་ལྟེ་བ་ཡིན་པ་དང་། “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་གསུམ ”དམ་འཛིན་ཡག་པོ་བྱེད་རྒྱུ་ནི་འགག་རྩ་ཡིན་པས་དུས་གང་ཞིག་དང་གནས་ཚུལ་གང་ཞིག་གི་འོག་ཏུ་ཡིན་ཡང་གཡོ་འགུལ་སྤུ་ཙམ་ཡང་གཏོང་རྒྱུ་མེད་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

        4.སློབ་སྦྱོང་རྣམ་པའི་ཏང་རྩ་འཛུཌ་ལེཌ་སྐྱོང་བྱེད་དགོས།

        ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱི་ཁྲོད་དུ་སློབ་སྦྱོང་ལ་བརྩི་མཐོང་བྱེད་པའི་དར་སྲོལ་བཟང་པོ་གཏོད་ནས་རིམ་ཁག་ཏང་རྩ་འཛུགས་དང་། རིམ་ཁག་འགོ་ཁྲིད་ཚན་པ་དེ་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་ཤིག་དང་། སློབ་སྦྱོང་རྣམ་པའི་འགོ་ཁྲིད་ཚན་པ་ཞིག་ཏུ་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་གི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སློབ་སྦྱོང་གི་སྒྲིག་ལམ་ནན་པོ་འཛིན་པ། སློབ་སྦྱོང་གི་དར་སྲོལ་ཡང་དག་པ་འཛུགས་པ་བཅས་བྱས་ནས་རིག་གཞུང་གི་བྱང་ཚད་དང་སློབ་སྦྱོང་གི་ནུས་པ་དེ་འགོ་ཁྲིད་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་བྱེད་རྒྱུའི་གལ་ཆེའི་གཞི་འཛིན་སར་བརྩི་དགོས། སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུའི་བྱ་ཐབས་གཏན་འཁེལ་བཟོས་ནས་ཕྱོགས་ཡོངས་ནས་ལས་དོན་ཁག་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱི་སློབ་སྦྱོང་ལ་མཛུབ་ཁྲིད་དང་ཞབས་ཞུ་སྒྲུབ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། རིགས་པའི་གཞུང་ལུགས་ཀྱི་དྲིལ་བསྒྲགས་དཔུང་ཁག་འཛུཌ་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་མང་ཚོགས་ལ་ཁ་ཕྱོགས་ནས་ལོ་ལྟར་དུས་བབ་དང་སྲིད་ཇུས་ཀྱི་སློབ་གསོ་སྤེལ་དགོས། ཏང་ཡོན་དང་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་དཔེ་དེབ་སློབ་སྦྱོང་དང་། ལག་ལེན་ནང་སློབ་སྦྱོང་། མང་ཚོགས་ལ་སློབ་སྦྱོང་བཅས་ཧུར་ཐག་བྱས་ནས་སྦྱངས་པ་གོ་ཆོད་པ་དང་། བེད་སྤྱོད་བྱེད་པར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་ཐུབ་པ་བཅས་ཧུར་ཐག་བྱེད་དགོས། ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་གྱིས་བསམ་བློའི་ཐོག་ནས་ཏང་ནང་ཞུགས་རྒྱུའི་སློབ་གསོ་རྒྱག་ཤུགས་སྔར་བས་ཆེ་རུ་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་གཙོ་གནད་དུ་སློབ་སྦྱོང་བྱེད་པ་དང་ཕྱོགས་མཚུངས་དཔལ་འབྱོར་ཤེས་བྱ་དང་། ཚན་རྩལ་ཤེས་བྱ། ཁྲིམས་ལུགས་ཤེས་བྱ། ལོ་རྒྱུས་ཤེས་བྱ། མི་རིགས་དང་ཆོས་ལུགས་སྲིད་ཇུས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱ་གཙོ་གནད་དུ་སློབ་སྦྱོང་བྱས་ཐོག་ཤེས་བྱའི་གྲུབ་ཆ་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་བསྡུས་བྱང་ཚད་གོང་མཐོར་གཏོང་བ། གསར་གཏོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་ཡོན་དང་ལས་བྱེད་པ་ཤེས་རྒྱ་ཆེ་ཞིང་བྱ་བ་དངོས་སྒྲུབ་ཐུབ་པའི་ཕྱོགས་བསྡུས་ཅན་གྱི་ཤེས་ལྡན་མི་སྣ་ཞིག་ཆགས་པ་བྱས་ཐོག ལས་ཀའི་རྩ་དོན་རང་བཞིན་དང་། བརྒྱུད་རིམ་ལྡན་པའི་རང་བཞིན། མ་འོངས་སྔོན་མཐོང་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

        གཉིས། ཏང་ནང་གི་དམངས་གཙོ་དར་སྤེལ་བཏང་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས།

        5.ཏང་ཨུད་ཀྱིས་ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་པ་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

        རིམ་ཁག་ཏང་ཨུད་ཀྱིས་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གལ་ཆེའི་གནད་དོན་ཁ་ཤས་ཐོག་འགོ་ཁྲིད་སྤྱི་འདོམས་བྱས་ཏེ་ཁ་ཕྱོགས་འཛིན་པ་དང་། དོན་ཆེན་གྲོས་མོལ་བྱས་ནས་ཁྱབ་ཁོངས་ཁག་ལ་ཆབ་སྲིད་ཀྱི་འགོ་ཁྲིད་དང་། བསམ་བློའི་འགོ་ཁྲིད། རྩ་འཛུགས་ཀྱི་འགོ་ཁྲིད་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་དགོས། དེ་དང་མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་དེ་བཞིན་མི་དམངས་ཚོགས་པ་སོགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་རྩ་འཛུགས་དེ་དག་ནང་གི་ཏང་ཙུའུ་ཡི་འགོ་ཁྲིད་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་ལ་བཅའ་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བཅའ་ཁྲིམས་ལྟར་འགན་དབང་སྤྱོད་རྒྱུར་འགན་སྲུང་བྱེད་དགོས།

        མི་དམངས་སྲིད་གྲོས་ལ་མཐུན་སྒྲིལ་དང་དམངས་གཙོའི་གཙོ་དོན་གཉིས་ལ་དམིགས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་སྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཏེ་འབྲེལ་བ་མཐུན་སྦྱོར་དང་། ནུས་ཤུགས་གཅིག་སྡུད། ཐབས་འདོན་ཇུས་འདོན། སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་དེ་རྩ་བའི་ཆབ་སྲིད་ཀྱི་ཚད་གཞིར་བརྩིས་ནས་གོང་བུ་སྒྲིལ་ཤུགས་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་ཞིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དེས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་སྒྲུབ་པའི་ནུས་པ་འདོན་སྤེལ་བྱེད་དགོས། དབང་ཆ་དང་འགན་འཁྲིའི་འབྲེལ་བ་ཁ་གསལ་བཟོ་རྒྱུ་གཙོ་གནད་དུ་བཟུང་ནས་རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་ལམ་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྡེ་ཚན་གྱི་ཏང་ཙུའུ (ཏང་ཨུད )ཡི་ལས་ཀའི་ལམ་སྲོལ་ཚགས་ཚུད་དུ་བཏང་ནས་ཏང་གིས་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པར་འགོ་ཁྲིད་བྱེད་པའི་ལམ་སྲོལ་དང་སྒྲིག་སྲོལ་ཚགས་ཚུད་དུ་གཏོང་དགོས།

        6. ཏང་ནང་ཁུལ་གྱི་དམངས་གཙོའི་ཇུས་ཐག་གཅོད་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

        ཏང་ཨུད (ཏང་ཙུའུ )ཀྱི་སྲིད་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་གལ་ཆེའི་དོན་ཆེན་དང་། གནད་ཆེའི་ལས་བྱེད་པ་བསྐོ་འཐེན། གལ་ཆེའི་རྣམ་གྲངས་བཀོད་སྒྲིག དེ་བཞིན་གྲངས་འབོར་ཆེ་བའི་མ་དངུལ་བེད་སྤྱོད་བྱེད་རྒྱུ་སོགས་ཀྱི་གལ་ཆེའི་གནད་དོན་ཐད་ཇུས་ཐག་གཅོད་རྒྱུའི་ནུས་པ་འདོན་སྤེལ་བྱེད་དགོས། ཏང་ཨུད་ཀྱི་གྲོས་དོན་ལམ་སྲོལ་དང་ཇུས་ཐག་གཅོད་པའི་ལས་རིམ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ཨུད་ཀྱི་ཇུས་འགོད་བློ་འདྲིའི་ལས་ཀར་ཤུགས་སྣོན་བརྒྱབ་ནས་གལ་ཆེའི་གནད་དོན་གྱི་རྨང་གཞིའི་རང་བཞིན་དང་། རྒྱང་ལྟའི་རང་བཞིན། ཁ་གཏད་གཅོག་པའི་རང་བཞིན་བཅས་ཞིབ་འཇུག་ཡག་པོ་བྱས་ནས་ཇུས་ཐག་གཅོད་པའི་བརྒྱུད་རིམ་ནང་བློ་འདྲིའི་ཞིབ་འཇུག་ལས་ཁུངས་དང་། ཆེད་ལས་མཁས་ཅན། སྤྱི་ཚོགས་ཀྱི་གཟུགས་བཪྙན་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ངང་ཉན་ནས་ཇུས་ཐག་གཅོད་ནོར་ཤོར་རིགས་ཡོ་བསྲང་བྱེད་སྲོལ་དང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་འཐུས་ཚང་འཛུགས་དགོས། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཇུས་གཞི་བཀོད་སྒྲིག་ལག་བསྟར་བྱས་ཚུལ་ལ་དུས་བཀག་ཐོག་ཞིབ་བཤེར་དང་ཆེད་དོན་ལྟ་ཞིབ་བྱེད་པའི་ལམ་ལུགས་དང་སྒྲིག་ཁྲིམས་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཨུ་ཡོན་ཚང་འཛོམས་ཚོགས་འདུར་དུས་བཀག་ཐོག་ལས་དོན་སྙན་སེང་ཞུ་དགོས་པ་མ་ཟད། ལྟ་སྐུལ་དང་ལེན་ཞུ་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ནང་གི་གཞི་རིམ་དམངས་གཙོའི་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་གྱིས་དུས་བཀག་ཐོག་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མིར་དཔྱད་བསྡུར་བྱེད་པའི་ལམ་ལུགས་འཛུགས་དགོས།

        7. ཏང་གི་འཐུས་མི་ཚོགས་ཆེན་ལམ་ལུགས་ལེགས་སུ་གཏོང་དགོས།

        ཏང་གི་འཐུས་མིར་སློབ་གསོ་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་འཐུས་མིའི་འདུ་ཤེས་ཆེ་རུ་གཏོང་བ་དང་། འཐུས་མིའི་བྱང་ཚད་གོང་མཐོར་གཏོང་བ་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་དགོས། ཏང་གི་འཐུས་མིས་གལ་ཆེའི་ཇུས་ཐག་གཅོད་པའི་ནང་ཞུགས་རྒྱུ་དང་། ལས་བྱེད་པ་གནད་ཆེའི་འོས་སྦྱོར་དང་དམངས་གཙོའི་དཔྱད་བསྡུར་བྱེད་པའི་ནང་ཞུགས་རྒྱུ། རིམ་པ་གཅིག་མཚུངས་ཀྱི་ཏང་ཨུད་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་སོགས་འབྲེལ་ཡོད་ཚོགས་འདུར་ཟུར་ཞུགས་བྱེད་རྒྱུ། ཏང་ཡོན་དང་མང་ཚོགས་ལ་འབྲེལ་བ་བྱེད་རྒྱུ་སོགས་ཀྱི་ཞིབ་ཕྲའི་ལམ་ལུགས་དང་བྱ་ཐབས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་ཡུན་ལམ་ལུགས་དོན་འཁྱོལ་དང་ཚགས་ཚུད་དུ་བཏང་ནས་བདམས་ཐོན་འགན་འཛིན་ལམ་ལུགས་ལག་བསྟར་བྱེད་པའི་འགོ་ཁྲིད་ལས་བྱེད་པ་འགན་ཡུན་ནང་གོ་གནས་འགྱུར་ལྡོག་གཏོང་རིགས་ཚོད་འཛིན་ནན་པོ་བྱེད་དགོས། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་དང་། གྲོས་འཆར། འདྲི་རྩད། དོགས་འདྲི། གཟིགས་ཞིབ། བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་ལམ་ལུགས་འཛུགས་དགོས། འཐུས་མིའི་འབྲེལ་གཏུག་དོན་བྱེད་ལས་ཁུངས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འཐུས་མིར་འབྲེལ་བ་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་ཏེ་འཐུས་མིའི་འགན་འཁྲི་སྒྲུབ་རྒྱུ་དང་ནུས་པ་འདོན་སྤེལ་བྱེད་རྒྱུ་འགན་སྲུང་བྱེད་དགོས།

        8. ཏང་ཡོན་གྱི་གཙོ་རྐང་གནས་བབ་དང་དམངས་གཙོའི་དབང་ཆ་འགན་སྲུང་བྱེད་དགོས།

         ཏང་ཡོན་གྱི་གནས་ཚུལ་ཤེས་རྟོགས་དབང་ཆ་དང་། ཐེ་ཞུགས་དབང་ཆ། འདེམས་བསྐོའི་དབང་ཆ། ལྟ་སྐུལ་དབང་ཆ་བཅས་དོན་འཁྱོལ་བྱས་ནས་ཏང་ནང་གི་བྱ་བར་ཏང་ཡོན་ཐེ་ཞུགས་བྱེད་ཚད་མཐོ་རུ་གཏོང་དགོས། ཏང་དོན་ཡོངས་བསྒྲགས་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་ཏང་ཡོན་གྱིས་ཤེས་རྟོགས་བྱེད་དགོས་པའི་ཏང་ནང་གི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་དགོས། ཏང་ནང་གི་གནས་ཚུལ་བརྡ་ཁྱབ་གཏོང་བའི་ལམ་ལུགས་དང་། གལ་ཆེའི་གནས་ཚུལ་གསལ་ཞུ་བྱེད་པའི་ལམ་ལུགས། གལ་ཆེའི་ཇུས་ཐག་འདྲི་རྩད་བྱེད་པའི་ལམ་ལུགས་བཅས་ཚགས་ཚུད་དུ་བཏང་ནས་གལ་ཆེའི་ཡིག་ཆ་ཏང་ནང་སྔོན་ལ་བརྒྱུད་བསྒྲགས་བྱེད་པ་དང་། གལ་ཆེའི་གནད་དོན་ཏང་ནང་སྔོན་ལ་གྲོས་བསྡུར་བྱེད་པ། གལ་ཆེའི་བྱེད་སྒོ་ཏང་ནང་སྔོན་ལ་སྐུལ་སློང་བྱེད་པ་བཅས་བྱས་ནས་གཤམ་འོག་རྩ་འཛུགས་དང་ཏང་ཡོན་གྱིས་གོང་རིམ་ལ་གནས་ཚུལ་དང་བསམ་འཆར་གསལ་ཞུ་བྱེད་པའི་ཐབས་ལམ་ཧུར་ཐག་གིས་བཤངས་དགོས། ཏང་ཡོན་གྱིས་སྐད་ཆ་དྲང་པོ་ཤོད་པ་དང་སེམས་ནང་གི་སྐད་ཆ་ཤོད་རྒྱུར་སྐུལ་ལྕག་དང་སྲུང་སྐྱོབ་བྱས་ཏེ་ཤེས་ཚད་ཤོད་དགོས་པ་དང་། གང་བསམ་ལྷུག་གླེང་གི་དམངས་གཙོའི་ཁོར་ཡུག་ཅིག་སྐྲུན་དགོས། ཏང་ཨུད་ཀྱི་གསར་འགྱུར་མགྲིན་ཚབ་པའི་ལམ་ལུགས་འཛུགས་དགོས་པ་དང་། ཏང་གི་ཚགས་པར་དང་དུས་དེབ་ཡག་པོ་གཉེར་དགོས། ཏང་སྐྱོང་དྲ་ཚུགས་འཐུས་སྒོ་ཚང་དུ་གཏོང་དགོས།

        གསུམ། ལས་བྱེད་པའི་མི་དོན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུའི་ཆེད་དུ་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།

        9.སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙོ་ཆེར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

        ཆབ་སྲིད་ཀྱི་ལྟ་ཚུལ་དང་ཀུན་སྤྱོད་ཀྱི་བསམ་སྦྱོར་སོགས་ཀྱི་ཐད་ནས་ལས་བྱེད་པར་དཔྱད་གདེང་བྱེད་པའི་བྱ་ཐབས་ཚགས་ཚུད་དུ་བཏང་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་རྒྱུ་དེ་ལས་བྱེད་པའི་ཀུན་སྤྱོད་ལྟ་བཤེར་གྱི་ཚད་འཛིན་ས་གལ་ཆེ་ཤོས་སུ་བརྩིས་ཐོག་ལས་ཐོག་འགན་འཁྲི་སྒྲུབ་ལུགས་དང་དོན་ཆེན་ལ་ཁ་གཏད་གཅོག་པ། ཛ་དྲག་དཀའ་ཚེགས་ཆེ་བ་དང་ཉེན་ཁ་ཆེ་ལ་ཧ་ཅང་ལྕི་བའི་ལས་འགན་ལེགས་གྲུབ་བྱེད་པ། འགག་རྩའི་དུས་ཀྱི་བྱེད་སྟངས་བྱེད་ལུགས། སྒེར་གྱི་མིང་གྲགས་དང་ཁེ་ཕན་ལ་ལྟ་སྟངས་འཛིན་ཕྱོགས་སོགས་ཀྱི་ཐད་ནས་ལས་བྱེད་པའི་ཀུན་སྤྱོད་ལ་ལྟ་བཤེར་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ་ཆབ་སྲིད་ཐོག་བློས་འགེལ་ཆོག་པ་དང་། ལས་ཀར་འཇོན་ཐང་ཡོད་པ། སྤྱོད་ཚུལ་ཐོག་ཚོད་བགམ་ཐེག་པ། མི་དམངས་མང་ཚོགས་ཀྱིས་ཡིད་ཆེས་ཡོད་པ་བཅས་ཀྱི་ལས་བྱེད་པ་དངོས་འབྲེལ་འདེམས་བསྐོ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ལས་བྱེད་པ་རིགས་དབྱེ་དོ་དམ་ལམ་སྲོལ་དང་འགྲན་རྩོད་སྐུལ་ལྕག་བྱེད་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ་རིགས་མི་འདྲ་བའི་ལས་བྱེད་པའི་ཧུར་སེམས་སྐོང་འཐེན་བྱས་ཐོག་ཕུལ་བྱུང་གི་མི་སྣ་འབུར་ཐོན་ཐུབ་པ་དང་དེའི་འཇོན་ཐང་འདོན་ཐུབ་པ་བྱེད་རྒྱུར་ལམ་ལུགས་ཀྱིས་འགན་ལེན་བྱེད་དགོས། མི་བེད་སྤྱོད་བྱེད་རྒྱུར་ཁྲིད་སྟོན་ཡང་དག་བྱས་ཐོག་ལས་བྱེད་པའི་དོན་དངོས་ཀྱི་འཇོན་ཐང་འདོན་རྒྱུར་མཐོང་ཆེན་བྱས་ནས་དོན་དག་བསྒྲུབ་འདོད་ཡོད་པ་དང་། དོན་དག་བསྒྲུབ་ཐུབ་པ། དོན་དག་བསྒྲུབ་ཤེས་པ། དོན་དག་ལེགས་སྒྲུབ་ཐུབ་པ་བཅས་ལ་གོ་སྐབས་ཡོད་པ་བྱེད་དགོས་པ་དང་། ཆ་རྐྱེན་སྐྱོ་བ་དང་ལས་ཀར་དཀའ་ངལ་ཡོད་སར་ཡུན་རིང་ལས་ཀ་བྱེད་མཁན་ལས་བྱེད་པ་དང་། མིང་གྲགས་དོན་གཉེར་མི་བྱེད་པ་དང་ལས་ཀ་ཏན་ཏིག་བྱེད་མཁན་ལས་བྱེད་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་དང་ཕུགས་ཀྱི་གོང་འཕེལ་དང་བརྟན་ལྷིང་ཡོང་བར་རྨང་གཞི་འདིང་མཁན་ལས་བྱེད་པ་བཅས་ལ་གྱོང་གུན་མི་རག་པ་བྱེད་དགོས་པ་དང་། ལས་ཀ་གང་ཡང་མི་བྱེད་པ་དང་མགོ་བདེ་སྐབས་འཚོལ་གྱིས་ཁེ་ཕན་ཁོ་ནར་བསམས་མཁན་རིགས་ལ་ཁེ་བཟང་རག་ཏུ་འཇུག་རྒྱུ་མེད།

        10.ལས་བྱེད་པ་འདེམས་སྤྱོད་བྱེད་སྟངས་ཚགས་ཚུད་པོ་བཟོ་དགོས།

        མི་སྣ་འདེམས་སྤྱོད་བྱེད་པའི་ཐད་དམངས་གཙོ་བྱེད་རྒྱ་ཆེ་རུ་གཏོང་དགོས་པ་དང་གཙོ་རྐང་ཁ་གསལ་དང་། བྱ་རིམ་ཚན་རིག་དང་མཐུན་པ། འགན་འཁྲི་ཁ་གསལ་བ་བཅས་ཀྱི་ལས་བྱེད་པ་འདེམས་སྤྱོད་མིང་འདོན་ལམ་ལུགས་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས། དམངས་གཙོ་དང་། ཡོངས་བསྒྲགས། འགྲན་རྩོད། བཟང་འདེམས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ལས་བྱེད་པའི་ཐོག་མའི་མིང་འདོན་བྱས་ཚུལ་དང་། དེ་བཞིན་དམངས་གཙོའི་འོས་སྦྱོར། དམངས་གཙོའི་དཔྱད་དཔོག་བཅས་བྱས་འབྲས་ཏང་ཨུད (ཏང་ཙུའུ )འགོ་ཁྲིད་ཚན་ཁག་ནང་ཁུལ་དུ་ཡོངས་བསྒྲགས་བྱེད་ལམ་རིམ་བཞིན་བཟོ་དགོས། ལས་བྱེད་པ་འོས་སྦྱོར་དང་། རྟོག་ཞིབ། ནང་གྲོས་བཅས་བྱེད་པའི་ལས་ཀ་ཚད་ལྡན་བཟོས་ཏེ་དམངས་གཙོས་འོས་སྦྱོར་དང་དམངས་གཙོས་དཔྱད་དཔོག་བྱེད་པའི་ཚན་རིག་རང་བཞིན་དང་བདེན་ཐུག་རང་བཞིན་ཆེ་རུ་གཏོང་དགོས། ཆོས་ལུགས་དང་རུས་རྒྱུད་ཀྱི་ཕྱོགས་གཏོགས་ཀྱི་ཤུགས་རྐྱེན་ཆེ་རིགས་ཀྱི་ས་ཁུལ་དུ་ལས་བྱེད་པ་འོས་སྦྱོར་དང་། མིང་འདོན། རྟོག་ཞིབ་བཅས་བྱེད་སྐབས་དམིགས་བསལ་གྱི་བྱ་ཐབས་སྤྱོད་དགོས། ལས་བྱེད་པར་རྟོག་ཞིབ་བྱ་ཐབས་སྔར་བས་ལེགས་བཅོས་བྱས་ནས་ཡོངས་བསྒྲགས་འདེམས་བསྐོ་དང་འགྲན་རྩོད་ཐོག་ལས་གནས་སུ་ཞུགས་པ་སོགས་ཀྱི་ལས་བྱེད་པ་འདེམས་བསྐོ་བྱེད་སྟངས་སྤྱོད་རྒྱུར་མུ་མཐུད་ནས་སྐུལ་སྤེལ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ལས་བྱེད་པ་འདེམས་སྤྱོད་ཀྱི་བརྒྱུད་རིམ་ལ་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མི་སྣ་འདེམས་སྤྱོད་བྱེད་པའི་ཐད་བེད་སྤྱོད་དང་རྟོག་ཞིབ་ནོར་འཛོལ་ཤོར་རིགས་ལ་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་བཟོ་དགོས། ཤེས་ལྡན་པའི་ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ་དང་། ཤེས་ལྡན་པ་གསོ་སྐྱོང་དང་། བེད་སྤྱོད། དཔྱད་དཔོག སྐུལ་ལྕག་བཅས་ཀྱི་བྱ་ཐབས་ཚགས་ཚུད་དུ་བཏང་ཐོག་རིགས་འདྲ་མིན་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས། གཏན་འབེབས་དང་སྒྲིག་ཁྲིམས་ལས་འགལ་ནས་མི་བེད་སྤྱོད་པའི་གནད་དོན་རྩད་བཤེར་ཐག་གཅོད་ནན་པོ་བྱས་ཏེ་དཔོན་གནས་ཞུ་འཚང་དང་། དཔོན་གནས་ཉོ་ཚོང་བྱེད་པ། འདེམས་ཤོག་བསླུ་ཉོ་བྱེད་པ་སོགས་ཏང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་མི་དོན་ལས་དོན་གྱི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་རིགས་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས།

        11.ལས་བྱེད་པ་དོ་དམ་བྱེད་སྟངས་ཚགས་ཚུད་དུ་གཏོང་དགོས།

        ལས་བྱེད་པ་དོ་དམ་བྱ་ཐབས་ལེགས་བཅོས་བྱས་ཏེ་གནད་ཆེའི་ལས་ཐོག་གི་ལས་བྱེད་པ་གཙོ་གནད་དུ་བཟུང་ནས་དོ་དམ་བྱས་ཏེ་མི་དང་བྱ་བར་དོ་དམ་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་དགོས་ལ་ལུགས་མཐུན་གྱིས་སྟངས་འཛིན་ཐུབ་པ་བྱེད་དགོས། བྱ་དགའ་ཆད་གཅོད་གསལ་པོའི་ཐོག་ནས་ལས་བྱེད་པར་སྐུལ་ལྕག་བྱེད་སྲོལ་རྒྱུན་འཁྱོངས་བྱས་ཐོག་ལེ་ལོ་ཅན་དང་ཐ་ཤལ་བ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པ་ཁག་གཅིག་གིས་ལས་ཀར་ཡོང་ཡང་ནུས་ཤུགས་མི་འདོན་པ་དང་རེ་མེད་ཐབས་མེད་དུ་སྡོད་པ་མ་ཚད་གང་བྱུང་མང་བྱུང་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ལས་བྱེད་པའི་གོ་གནས་འཁྱུར་འཐེན་ལམ་སྲོལ་སྔར་བས་ཚགས་ཚུད་པོ་བཟོས་ནས་ལས་བྱེད་པ་གོ་གནས་སྤར་སྲོལ་ཡོད་པ་ལས་ཕབ་སྲོལ་མེད་པ་དང་ཡར་འཛུལ་བ་ལས་མར་མི་དོན་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། ལས་བྱེད་པ་སྤེལ་རེས་ལམ་ལུགས་ཚུགས་ཚུད་པོ་བཟོས་ཏེ་གནད་ཆེའི་སྡེ་ཚན་དང་། འགག་རྩའི་ལས་གནས། ལྟེ་གནས་ས་ཁུལ་བཅས་དང་། ཐག་རིང་མཐའ་ཁུལ་དང་། མཚོ་རྩིས་ས་བབ་མཐོ་བའི་ས་ཁུལ། དེ་བཞིན་མཚོ་རྩིས་ས་བབ་ཅུང་དམའ་བའི་ས་ཁུལ་བཅས་དབར་ལས་བྱེད་པ་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པ་དང་ལྷག་པར་དུ་གཞི་རིམ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ནང་སར་སློབ་སྦྱོང་དང་གནས་སྦྱར་སྦྱོང་བརྡར་བྱེད་པར་གཏོང་ཤུགས་ཆེ་རུ་གཏོང་དགོས། ཡུན་རིང་གཞི་རིམ་དང་དཀའ་ཚེགས་ཆེ་བའི་ལུང་ཁུག་མཐའ་ཁུལ་དུ་ལས་ཀ་བྱེད་མཁན་ལས་བྱེད་པ་དང་ཡུན་རིང་རྫོང་ཤང་གི་ཏང་སྲིད་འགོ་ཁྲིད་འགན་འཛིན་ལས་བྱེད་པར་འཕར་གཟིགས་སྲིད་ཇུས་ལག་བསྟར་བྱེད་དགོས། མུ་མཐུད་དེ་ལས་བྲལ་ལས་འཁྱུར་ལས་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་དགོས།

        12. ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོ་བྱེད་སྲོལ་བཟོ་བ་དང་ཚགས་ཚུད་དུ་གཏོང་དགོས་ཤིང་། ན་གཞོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་ལག་ལེན་དངོས་ཀྱི་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཆར་གཞི་ཡོད་པའི་སྒོ་ནས་ན་གཞོན་ལས་བྱེད་པ་གཞི་རིམ་དང་ཐོན་སྐྱེད་ཀྱི་འཐབ་ས་དང་པོའི་ཐོག་དང་། དཀའ་ཚེགས་ཆེ་བའི་མཐའ་ཁུལ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཪྙོག་འཛིང་ཆེ་བའི་ས་ཁུལ་བཅས་ལ་བཏང་ནས་གཤིས་སྤྱོད་ཞུན་བརྡར་དང་། སྤྱོད་བཟང་གོམས་སྦྱང་། འཇོན་ཐང་ཆེ་རུ་འགྲོ་བ་བཅས་བྱེད་དགོས། གཞི་རིམ་འཐབ་ས་དང་པོའི་ཐོག་ནས་ཡོང་བའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་བྱེད་པའི་སྦྲེལ་ཐག་བཟོས་ཏེ་དཀའ་ཚེགས་དང་ཪྙོག་འཛིང་ཆེ་བའི་ཁོར་ཡུག་ནང་སྦྱོང་བརྡར་ཐོབ་པ་དང་། གལ་ཆེའི་འཐབ་རྩོད་ཀྱི་ཚོད་བགམ་ཐེག་པ། ལག་ལེན་དངོས་ཀྱི་ཐོག་ནས་ཕུལ་བྱུང་ཡིན་པ་ར་འཕྲོད་བྱུང་བ། གསོ་སྐྱོང་བྱེད་གཞི་ཡོད་པ་བཅས་ཀྱི་ན་གཞོན་ལས་བྱེད་པ་གདམ་གསེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་སྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་ནས་རྗེས་གྲབས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་བྱེད་དགོས། བུད་མེད་ལས་བྱེད་པ་དང་ཏང་ཕྱིའི་ལས་བྱེད་པ་གསོ་སྐྱོང་གདམ་གསེས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསོ་སྐྱོང་བྱེད་པ་དང་བཟང་འདེམས་ཧྲག་སྒྲུག་ཐུབ་པ་བྱེད་དགོས། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། བོད་དུ་ཡུན་རིང་ལས་ཀ་བྱེད་མཁན་དང་བོད་དུ་འཚར་ལོངས་བྱུང་བའི་རྒྱ་རིགས་ལས་བྱེད་པ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ནས་འགོ་ཁྲིད་རྐང་འཛིན་པ་ཁག་གཅིག་གསོ་སྐྱོང་བྱེད་དགོས། བོད་སྐྱོར་ལས་བྱེད་པའི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕུལ་བྱུང་གི་བོད་སྐྱོར་ལས་བྱེད་པའི་བོད་སྐྱོར་བྱེད་ཡུན་རིང་དུ་གཏོང་བའམ་ཡང་ན་བོད་དུ་ལས་སྒྱུར་བྱེད་རྒྱུར་སྐུལ་ལྕག་བྱེད་དགོས།

        13. འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས།

        འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་འགོ་ཁྲིད་ནུས་པ་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཚན་ཁག་གི་ཁོངས་མིར་ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་ལྟ་རྟོགས། མཐུན་སྒྲིལ་ལ་སྣང་ཆེན། སྒྲིག་ཁྲིམས་ནན་སྲུང་བཅས་བྱེད་རྒྱུའི་ཁྲིད་སྟོན་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་བྱ་གཞག་སྒྲུབ་པའི་གོང་བུ་འགྲིལ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། འགོ་ཁྲིད་ཚན་ཁག་བསྐོ་སྒྲིག་བྱེད་རྒྱུ་བཟང་དུ་བཏང་ནས་ཚན་ཁག་གི་ལོ་ན་དང་། ཉམས་མྱོང་། ཁྱད་ཡོན། གཤིས་ཀ མི་རིགས་བཅས་ཕན་ཚུན་གསབ་རེས་བྱེད་པའི་ལུགས་མཐུན་གྲུབ་ཆ་ཞིག་ཆགས་པ་བྱས་ནས་ཚན་ཁག་ཧྲིལ་པོའི་ནུས་པ་ཆེ་རུ་འགྲོ་བ་བྱེད་དགོས། ཆབ་སྲིད་བྱང་ཚད་མཐོ་བ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་གཞི་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ནུས་པ་ཡོད་པ། ཁྱོན་ཡོངས་ཁ་སྒྱུར་ཐུབ་པ། ཚན་ཁག་དམ་འཛིན་དང་དཔུང་ཁག་ལ་ཁྲིད་སྟོན་བྱེད་མཁས་པ། དམངས་གཙོའི་སྤྱོད་ཚུལ་བཟང་བ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་བླང་བྱ་གཞིར་བཟུང་ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པ་རིམ་པ་རྒན་པ་དྲག་འདེམས་ཧྲག་སྒྲིག་བྱེད་དགོས་པ་དང་། ལྷག་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་མཁན་ཕུལ་བྱུང་ལས་བྱེད་པ་འགོ་ཁྲིད་གཙོ་བོའི་ལས་གནས་ཐོག་གདམ་གསེས་བྱེད་རྒྱུར་དོ་སྣང་བྱེད་དགོས། རྫོང་ཨུད་ཧྲུའུ་ཅིའི་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུ་མངོན་ཆེར་བཟུང་ནས་ས་གནས (གྲོང་ཁྱེར )ཨུ་ལྷན་གྱི་ཧྲུའུ་ཅི་དང་། ཀྲོན་ཡོན (གྲོང་སྤྱི ) ཤང་གྲོང་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་གཙོ་གནད་དུ་བཟུང་ནས་དོ་དམ་བྱེད་རྒྱུའི་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོ་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་གནས་གཙོ་ཁུལ་དང་གནད་ཆེའི་སྡེ་ཚན་གྱི་འགོ་ཁྲིད་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྲིད་ཁྲིམས་དང་། རྩ་འཛུགས། དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར། མི་རིགས་ཆོས་ལུགས་སོགས་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་ཧྲག་སྒྲིག་བྱེད་དགོས། རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་གིས་སྤྱི་སྤོམ་ཞིབ་འཇུག་ལམ་ལུགས་བཙུགས་ཐོག གཞི་ཆེའི་གོང་འཕེལ་གནས་ཚུལ་དང་དོན་དངོས་ཀྱི་གོང་འཕེལ་ཆོས་ཉིད་ལ་དབྱེ་ཞིབ་བྱས་ཏེ་ས་གནས་སོ་སོ་དང་སྡེ་ཚན་སོ་སོའི་བསྒྱུར་འཕེལ་བརྟན་གསུམ་ནང་གི་གལ་ཆེའི་གནད་དོན་ལ་འཐབ་ཇུས་ལྡན་པ་དང་སྔོན་ལྟའི་རྣམ་པའི་ཐོག་ནས་བསམ་གཞིགས་དང་གྲོས་ཞིབ་བྱེད་དགོས། ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པ། ཏང་སྲིད་ལས་ཀའི་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པ་བཅས་ལ་ཕྱོགས་བསྡུས་དཔྱད་ཞིབ་ཚོད་སྐོར་བྱ་ཐབས་དང་ལོ་འཁོར་དཔྱད་ཞིབ་བྱ་ཐབས། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་ཚོད་སྐོར་བྱེད་སྲོལ་གྱི་ལག་བསྟར་བྱ་ཐབས་བཅས་ཞིབ་འཇུག་བཟོ་འགོད་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།

        བཞི། གཞི་རིམ་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

        14. གཞི་རིམ་ཏང་རྩ་འཛུགས་བཟང་སྒྲིག་བྱེད་དགོས།

        ཁྱབ་ཁོངས་ཁག་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཏང་གི་རྩ་འཛུགས་དང་ཏང་གི་ལས་ཀ་སྤྱི་ཚོགས་ཡོངས་ལ་ཁེབས་པ་བྱེད་དགོས། ས་ཁོངས་དང་ཚན་པ་གཙོ་བོར་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་རྨང་གཞིའི་ཐོག ཏང་ཡོན་བྱེད་སྒོར་ཞུགས་བདེ་བ་དང་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་བདེ་བའི་བླང་བྱ་ལྟར་དངོས་འབྲེལ་གོ་ཆོད་དང་བབ་བསྟུན་སྟབས་བདེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་ཕྱོགས་འཚོལ་ཞིབ་བྱས་ཏེ་ཆ་རྐྱེན་དང་མཐུན་པའི་ས་གནས་སུ་ཞིང་འབྲོག་ལས་ཀྱི་ཐོན་ལས་སྦྲེལ་འཁོར་དང་། ཆེད་ལས་མཉམ་ལས་རྩ་འཛུགས། མཉམ་འབྲེལ་ཚོགས་པ་སྣ་ཚོགས་བཅས་ལ་ཏང་ཀྲི་པུའུ་འཛུགས་དགོས། གཞི་ཁྱོན་གྱི་བླང་བྱ་དང་མཐུན་པའི་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ནང་ཏང་རྩ་འཛུགས་འཛུགས་དགོས་པ་དང་། གཞི་ཁྱོན་ཆེ་ཙམ་ཡིན་པ་དང་། མི་གྲངས་མང་ཙམ་ཡོད་པ། ཤུགས་རྐྱེན་ཆེ་ཙམ་ཡོད་པ་བཅས་ཀྱི་སྤྱི་ཚོགས་སྒྲིག་འཛུགས་གསར་པའི་ནང་ཏང་རྩ་འཛུགས་འཛུགས་ཤུགས་ཆེ་རུ་གཏོང་དགོས། གནས་སྐབས་ཁེར་རྐྱང་ཐོག་ཏང་རྩ་འཛུགས་འཛུགས་རྒྱུའི་ཆ་རྐྱེན་མ་འཛོམས་པའི་རིགས་ལ་མཉམ་འབྲེལ་ཐོག་ཏང་ཀྲི་པུའུ་འཛུགས་དགོས། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཚད་ལོན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་ཤུལ་འཛིན་པ་གསོ་སྐྱོང་བྱེད་རྒྱུའི་རྩ་བའི་ལས་འགན་དེར་དམིགས་ནས་རིམ་པ་ཁག་གི་སློབ་གྲྭར་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུ་དང་། ལྷག་པར་དུ་སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་དགོས། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་དུས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་དང་འཚམ་པ་བྱས་ཏེ་སོ་སོའི་བྱེད་ནུས་ལ་གཞིགས་ནས་ལས་ཀ་བསྒྲུབས་ཐོག་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། བྱེད་སྒོ་སྤེལ་སྟངས་གསར་གཏོད་བྱེད་པ། བྱེད་སྒོ་སྤེལ་རྒྱུ་དང་ནུས་པ་འདོན་རྒྱུར་ཤུགས་རྒྱག་ས་གནད་འཁེལ་འཚོལ་ཞིབ་བྱེད་པ་བཅས་བྱས་ནས་སྔོན་ཐོན་གསར་གཏོད་དང་ཕུལ་བྱུང་བརྩོན་ལེན་བྱེད་པའི་བྱེད་སྒོ་ཡོངས་ཁྱབ་ཏུ་སྤེལ་ཏེ་ཏང་ཡོན་ཞུགས་ཚད་རྒྱ་ཆེར་གཏོང་བ་དང་། ཡིད་དབང་འགུགས་ཤུགས་ཆེ་རུ་གཏོང་བ། ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ཤུགས་གང་ཡོད་རྒྱག་དགོས།

        15.གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྟོབས་ཤུགས་དམ་འཛིན་བྱེད་དགོས།

        རྫོང་ཡན་གྱི་ལས་ཁུངས་ནས་དུས་བཀག་ཐོག་ཕུལ་བྱུང་ཏང་ཡོན་དང་ལས་བྱེད་པ་ལས་ཀའི་རྨང་གཞི་ཞན་པ་དང་། གནས་ཚུལ་ཪྙོག་འཛིང་ཆེ་བ། བརྟན་ལྷིང་ལ་གནོད་གཞིའི་རིགས་ཅུང་མང་བ་བཅས་ཀྱི་ཤང་གྲོང་(ཁྲོམ་གཞུང་)དང་གྲོང་ཚོར (སྡེ་ཁུལ )གོ་གནས་བསྐོ་བ་དང་གནས་སྦྱར་བྱེད་པར་འདེམས་གཏོང་བྱེད་དགོས། དམག་དཔུང་དང་དྲག་ཆས་ཉེན་རྟོག་ཁྲོད་བྱས་རྗེས་མངོན་གསལ་དོད་པོ་ཡོད་པའི་བོད་རིགས་དམག་མི་འགྲོ་ཁུངས་གཏན་འཁེལ་ཐོག་གཞུང་ལས་པར་བསྡུ་འཇུག་བྱེད་པའི་ཐོག་ནས་སློབ་གྲྭ་ཁག་ཏུ་གསོ་སྐྱོང་ཟབ་སྦྱོང་བྱེད་པར་བཏང་སྟེ་སློབ་གྲྭ་ཐོན་རྗེས་འགྲོ་ཁུངས་གཏན་འཁེལ་གྱིས་གཞི་རིམ་དུ་གཏོང་ཆོག རྒྱ་རིགས་ཀྱི་ཕུལ་བྱུང་དམག་ཞབས་ཐིམ་པའི་དམག་མི་དང་མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མ་གཞི་རིམ་དུ་ལས་ཀ་བྱེད་པར་འདེམས་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་ལྟར་མི་གྲངས་300ནས་500བར་འདེམས་གཏོང་དང་རྒྱུགས་ལེན་བསྡུ་འཇུག་བྱས་ཏེ་ཤང་གྲོང་འགོ་ཁྲིད་ཚན་པ་དང་ལས་བྱེད་དཔུང་ཁག་ནང་ཁ་སྐོང་བྱེད་དགོས། སླད་ཕྱིན་གཞུང་ལས་པར་བསྡུ་འཇུག་བྱེད་སྐབས་གཙོ་གནད་དུ་ཕུལ་བྱུང་གི་གྲོང་ཚོའི (སྡེ་ཁུལ )ཏང་ཀྲི་པུའུ་ཧྲུའུ་ཅི་དང་། ཤང་དང་གྲོང་ཚོའི་ལས་ཀ་བྱེད་པར་བདམས་གཏོང་བྱས་པའི་དམག་ཞབས་ཐིམ་པའི་དམག་མི་དང་ཆེད་ལས་སློབ་གྲྭ་ཆེ་འབྲིང་གི་སློབ་ཐོན་སློབ་མའི་ཁྲོད་ནས་འདེམས་སྒྲུག་བསྡུ་ལེན་བྱེད་དགོས་པ་དང་། ལས་བྱེད་པ་གཞི་རིམ་དུ་ལས་ཀ་བྱེད་པར་འགྲོ་རྒྱུར་སྐུལ་ལྕག་བྱེད་དགོས། “ཡག་པོ་ལྔ ”(ཚན་ཁག་ཡག་པོ་གཅིག་དང་། བསམ་གཞི་ཡག་པོ་གཅིག འཆར་འགོད་ཡག་པོ་གཅིག སྒྲིག་ཡིག་ཡག་པོ་གཅིག འཐབ་ས་ཡག་པོ་གཅིག )དམིགས་ཡུལ་དུ་བཟུང་སྟེ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གྲོང་ཁྱེར་སྡེ་ཁུལ་གྱི་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་སྟེ་ལས་ཀར་དོ་དམ་བྱེད་མཁན་ཡོད་པ་དང་། བྱ་བ་སྒྲུབ་པར་དངུལ་ཡོད་པ། ལས་འཛིན་བྱེད་རྒྱུར་སྒྲིག་སྲོལ་ཡོད་པ། དོན་གྲོས་བྱེད་སའི་གནས་ཡོད་པ་བཅས་ཧུར་ཐག་བྱེད་དགོས། གྲོང་ཚོའི (སྡེ་ཁུལ )ཏང་ཀྲི་པུའུ་ཧྲུའུ་ཅི་དྲག་འདེམས་དང་ཆ་ཚང་བ་བསྐོ་སྒྲིག་བྱས་ཏེ་གཉོད་ཆུང་ནུས་མེད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཚན་ཁག་བཅོས་སྒྲིག་དང་ལེགས་སྐྱོང་བྱེད་དགོས། ཁེ་ལས་དང་། ལས་ཁུངས། སློབ་གྲྭ ཚན་རིག་ཞིབ་འཇུག་ཁང་། སྤྱི་ཚོགས་རྩ་འཛུགས་དང་དེ་མིན་གྱི་གཞི་རིམ་ཚན་པ་བཅས་ཀྱི་ཏང་སྐྱོང་ལས་ཀར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གསོ་སྐྱོང་དང་། འདེམས་བསྐོ་གནས་སྤར། སྐུལ་ལྕག་འགན་ལེན་དང་ལྟ་སྐུལ་དོ་དམ་བཅས་བྱེད་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

        16.ཏང་ཡོན་གྱི་དཔུང་ཁག་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས།

        རང་སྐྱོང་ལྗོངས་ཀྱི་2009ལོ་ནས་2013ལོ་བར་གྱི་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་འཆར་འགོད་དོན་འཁྱོལ་ནན་ཏན་བྱས་ནས་ཚད་གཞི་རྒྱུན་འཁྱོངས་དང་། སྤུས་ཚད་ལ་དོ་སྣང་། གྲུབ་ཆ་ལེགས་གྱུར་བཅས་བྱས་ཏེ་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ལ་ལེགས་བཅོས་བྱས་ཐོག་ཞིང་འབྲོག་མང་ཚོགས་དང་ཐོན་སྐྱེད་ཀྱི་འཐབ་ས་དང་པོའི་མི་སྣ། དེ་བཞིན་སྤྱི་ཚོགས་ཐོག་བག་ཆགས་ངེས་ཅན་ཡོད་པའི་མི་སྣ་བཅས་ཀྱི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཆེད་ལས་སློབ་གྲྭ་ཆེ་འབྲིང་གི་སློབ་ཐོན་སློབ་མ་སོགས་གཞོན་ནུ་ཕུལ་བྱུང་པའི་ནང་ནས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་དགོས། “གསོ་སྐྱོང་གསུམ ”གྱི་བྱེད་སྒོ་གཏིང་ཟབ་སྤེལ་དགོས་པ་སྟེ། ཕུལ་བྱུང་གི་ཕྱུག་སྒྱུར་སྣེ་ཁྲིད་པ་ཏང་ཡོན་ལ་གསོ་སྐྱོང་བྱེད་དགོས་པ་དང་། ཏང་ཡོན་རྣམས་ཕྱུག་སྒྱུར་སྣེ་ཁྲིད་པར་གསོ་སྐྱོང་བྱེད་དགོས་པ། ཏང་ཡོན་ཕྱུག་སྒྱུར་སྣེ་ཁྲིད་པ་གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པར་གསོ་སྐྱོང་བཅས་བྱེད་དགོས། ཏང་ནང་ཞུགས་མཁན་ཧུར་བརྩོན་པ་གསོ་སྐྱོང་ཧུར་ཐག་བྱས་ཏེ་ཏང་ལེགས་སྐྱོང་བྱེད་པར་བརྟེན་ནས་སྡེ་ཚོགས་ལེགས་སྐྱོང་བྱེད་རྒྱུར་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཞི་རིམ་མང་ཚོགས་ཚོགས་པའི་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་བཏང་ཐོག་དེས་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཞི་རིམ་གྱི་ཏང་ཡོན་ལ་སློབ་གསོ་སྦྱོང་བརྡར་སྤྲོས་པའི་འཆར་འགོད་ཚགས་ཚུད་དུ་གཏོང་དགོས་པ་དང་གཞི་རིམ་གྱི་ཏང་ཡོན་རེ་མོས་སྦྱོང་བརྡར་སྤྲོས་པའི་ལམ་ལུགས་བཟོ་དགོས། བསམ་བློ་དང་། ལས་ཀ འཚོ་བ་བཅས་ཀྱི་ཐད་ཏང་ཡོན་ལ་ཐུགས་ཁུར་སྔར་ལས་ལྷག་པ་བྱས་ནས་ཏང་ཡོན་གྱི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཐོག་ཏང་ནང་ཁུལ་གྱི་སྐུལ་ལྕག་དང་། ཐུགས་ཁུར། རོགས་སྐྱོར་བཅས་བྱེད་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཏང་ནང་ཁུལ་དུ་གཟེངས་བསྟོད་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཡོན་རྒན་གྲས་དང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་ལ་ཐུགས་ཁུར་དང་རོགས་སྐྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བ་ཡག་པོ་སྐྱེལ་དགོས་ཤིང་། ཏང་ཡོན་ལ་དམངས་གཙོའི་དཔྱད་གླེང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚད་གཞི་མ་ལོན་པའི་ཏང་ཡོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།

        17.གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་གྱུར་འཆར་འགོད་བྱེད་པའི་གཞི་རིམ་ཏང་འཛུགས་སྐྱོང་བྱེད་པའི་རྣམ་པ་གསར་པ་གཏོད་དགོས།

        རིམ་ཁག་ལས་ཁུངས་ཏང་རྩ་འཛུགས་དང་། ཏང་ཡོན་ཁག་སོ་སོར་ཤང་གྲོང (ཁྲོམ་གཞུང )དང་གྲོང་ཚོའི (སྡེ་ཁུལ )ཏང་རྩ་འཛུགས་དང་ཏང་ཡོན་དང་ག་སྦྱར་རོགས་སྐྱོར་བྱེད་པ་སོགས་བྱ་ཐབས་ཁྱབ་སྤེལ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཕན་ཚུན་སྐུལ་འདེད་ཡོང་བ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་སྒྲིལ་ཐོག་ཏང་ཡོན་སྐབས་བསྟུན་དོ་དམ་བྱེད་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་2010ལོའི་ལོ་མཇུག་གོང་དུ་ལྗོངས་ཡོངས་ཀྱི་ཏང་ཡོན་ཆ་འཕྲིན་ཡིག་ཚགས་བཟོས་ནས་ཏང་ཡོན་གྱི་ཆ་འཕྲིན་དཔྱད་ཡིག་དྲ་རྒྱ་ཅན་གྱི་དོ་དམ་བྱེད་རྒྱུ་རིམ་བཞིན་ལག་བསྟར་བྱེད་དགོས། ཕྱོགས་མི་ཏང་ཡོན་གྱི་དོ་དམ་བྱེད་ལམ་བཟོས་ཏེ 《ཕྱོགས་མི་ཏང་ཡོན་གྱི་བྱེད་སྒོའི་ལག་ཁྱེར 》ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཕྱོགས་མི་ཏང་ཡོན་གྱི་ཞབས་ཞུའི་ས་ཚུགས་བཙུགས་ཏེ་ཞབས་ཞུའི་ལས་དོན་ཧུར་ཐག་སྒྲུབ་དགོས། གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པར་དེང་རབས་ཀྱི་རྒྱང་ཁྲིད་སློབ་གསོ་སྤེལ་བའི་དྲ་རྒྱ་གཞི་གཅིག་ཏུ་འགྲིལ་ནས་འཛུགས་སྐྲུན་བྱེད་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།

        18.གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས།

        “ཧྲུའུ་ཅིས་དམ་འཛིན་བྱེད་པ་དང་ཧྲུའུ་ཅི་དམ་འཛིན་བྱེད་རྒྱུ ”མཐའ་འཁྱོངས་བྱེད་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཐོག་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་གལ་ཆེའི་ལས་ཁོངས་སུ་འཇུག་པ་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འབྲེལ་གཏུགས་བྱེད་གནས་ལམ་ལུགས་འཛུགས་དགོས་པ་དང་། ས་གནས (གྲོང་ཁྱེར )འགོ་ཁྲིད་ལས་བྱེད་པས་རྫོང་དང་འབྲེལ་གཏུགས་བྱེད་པ་དང་། རྫོང་རིམ་ལས་བྱེད་པས་ཤང་གྲོང (ཁྲོམ་གཞུང་)དང་འབྲེལ་གཏུགས་བྱེད་པ། ཤང་གྲོང་(ཁྲོམ་གཞུང་)ལས་བྱེད་པས་གྲོང་ཚོ (སྡེ་ཁུལ )དང་འབྲེལ་གཏུགས་བྱེད་པ། གྲོང་ཚོའི (སྡེ་ཁུལ )ལས་བྱེད་པས་གྲོང་ཚོ་ཡུལ་མི་ཚོགས་ཆུང་དང་ཏང་ཡོན་གྱིས་དུད་ཚང་དང་འབྲེལ་གཏུགས་བྱེད་པ་སོགས་ཀྱི་བྱ་ཐབས་བཟུང་ནས་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཏང་ཡོན་གྱི་ཁས་ལེན་ལམ་ལུགས་རྒྱ་ཁྱབ་ངང་ཁྱབ་སྤེལ་བཏང་སྟེ་དུས་བཀག་བཞིན་དཔྱད་གླེང་བྱེད་དགོས། གྲོང་ཚོ (སྡེ་ཁུལ )གཙོ་གནད་དུ་བཟུང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གང་མགྱོགས་སྐྲུན་ཏེ་ནོར་སྲིད་ཀྱི་མ་དངུལ་སྒྱུར་སྤྲོད་བྱེད་པ་སོགས་ལ་བརྟེན་ནས་གཞི་རིམ་རྩ་འཛུགས་ལས་ཀའི་གྲོན་དངུལ་འགན་སྲུང་ལམ་ལུགས་བརྟན་ཞིང་ཚད་ལྡན་བཟོ་དགོས། ཤང་གྲོང (ཁྲོམ་གཞུང )དང་གྲོང་ཚོའི (སྡེ་ཁུལ )ཏང་རྩ་འཛུགས་ཀྱིས་འཕྲལ་སྡོམ་བྱེད་སྲོལ་འཛུགས་རྒྱུར་མཛུབ་ཁྲིད་བྱས་ཏེ་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དང་མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་སོགས་སྔ་ཙམ་ནས་ཤེས་རྟོགས་ཐུབ་པ་དང་། སྔ་ཙམ་ནས་སྙན་སེང་ཞུ་བ། སྔ་ཙམ་ནས་ཐག་གཅོད་བྱེད་པ་བཅས་བྱེད་དགོས།

        ལྔ། དམངས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་པའི་གཞུང་དྲང་སྤྱོད་གཙང་གི་སྤྱོད་ཚུལ་དར་སྤེལ་བཏང་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་དམ་དུ་གཏོང་དགོས།

        19.ཁྱོན་ཡོངས་ལ་སྲུང་སྐྱོབ་བྱེད་པའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་དགོས།

        ཏང་ཡོན་དང་ལས་བྱེད་པར་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་དགོས་པའི་སློབ་གསོ་བརྒྱབ་སྟེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་བྱས་ཐོག་མེས་རྒྱལ་ཁ་ཕྲལ་གཏོང་མཁན་དང་། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་མཁན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁ་ཕྲལ་གཏོར་བཤིག་གི་བྱ་ངན་དང་གཏམ་སྤྱོད་བཅས་ལ་རང་རྟོགས་ངང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཐོག་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་བྱས་ཏེ་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

        སེམས་ཐག་གཙང་བཅད་ཀྱིས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། ཀྲུང་དབྱང་གི་གལ་ཆེའི་མཛད་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ཐོག ནང་མཁོ་རྒྱ་ཆེར་གཏོང་བ་དང་དཔལ་འབྱོར་འཕར་ཐབས་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་སྲིད་ཇུས་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་རྒྱབ་འགལ་བྱེད་རིགས་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཏེ་བཀོད་པ་ལུང་དུ་འགྲོ་ཐུབ་པའི་འགན་ལེན་བྱེད་དགོས། འགོ་ཁྲིད་ཚན་པས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་པོ་བྱེད་པ་དང་། རིམ་པ་གོང་འོག་བར་དང་ལས་བྱེད་པའི་དབར་ངོ་དགའ་སྤྲེལ་ལད་ཤོད་པ་དང་ཕན་ཚུན་འུད་བསྟོད་བྱེད་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཏང་ནང་གི་འཚོ་བ་ཐ་མལ་དུ་འགྱུར་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ཏང་གཤིས་དུས་བཀག་ནང་དབྱེ་ཞིབ་བྱེད་པའི་ལམ་ལུགས་བཙུགས་ནས་ཏང་སྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་ཐད་ཀྱི་མངོན་ཆེའི་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཏང་གཤིས་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་དོ་སྣང་། མིག་དཔེ་འདོན་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། ཆབ་སྲིད་སྒྲིག་ཁྲིམས་སྲུང་སྐྱོང་དང་ལག་བསྟར་བྱེད་པར་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བཀའ་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་། བཀག་བྱ་ཡོད་ཀྱང་མི་འགོག་པ། མངོན་བརྩི་ལྐོག་འགལ། རྟ་མགོ་རང་གྱེར་བཅས་བྱེད་རིགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཤུགས་རྐྱེན་ཚབས་ཆེན་ངན་པ་བཟོ་མཁན་རིགས་ལ་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས།

        20.མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་དགོས།

        གཞི་རིམ་དུ་སྐྱོད་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་ནན་ཏན་སྤེལ་ཏེ་ཏང་དང་མང་ཚོགས་དབར་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་བཟང་དུ་གཏོང་དགོས་ཤིང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་གཞི་རིམ་དུ་སྐྱོད་པ་དང་ལྷག་པར་དུ་དཀའ་ཚེགས་ཆེ་ལ་མཐའ་ཁུལ་ཡིན་པ་དང་། དཔལ་འབྱོར་རྗེས་ལུས་ཡིན་པ། གནད་དོན་ཅུང་མང་བ། འགལ་ཟླ་རུབ་སྡུད་ཡིན་པ་བཅས་ཀྱི་ས་གནས་སུ་བརྟག་དཔྱད་ཞིབ་འཇུག་བྱས་ཐོག་མང་ཚོགས་ཀྱི་དགོས་མཁོ་གང་ཡིན་ཤེས་རྟོགས་བྱས་ཏེ་ཁོང་ཚོའི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་དགོས་པ་དང་། ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་རྒྱུ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གལ་ཆེའི་ནང་དོན་དུ་བརྩིས་ནས་མང་ཚོགས་ཀྱིས་ཕན་པ་གང་དུ་ཡོད་པ་དང་ཕན་ཐོགས་གང་ནས་ཡོང་བ་ཤེས་རྟོགས་ཐུབ་པ་བྱེད་དགོས། གནས་སྡོད་བརྟག་ཞིབ་བྱེད་པའི་ལམ་ལུགས་དང་། བརྟག་ཞིབ་འབྲེལ་གཏུགས་བྱེད་གནས་ལམ་ལུགས། ཇུས་གཞི་བརྟག་ཞིབ་བྱེད་པའི་ལམ་ལུགས། སྐུལ་ལྕག་ཞིབ་བཤེར་ལམ་ལུགས། འབྲས་བུ་དངོས་སྒྱུར་ལམ་ལུགས་བཅས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས། བསྒྱུར་འཕེལ་བརྟན་གསུམ་དང་འབྲེལ་བ་ཡོད་པའི་ཁྱོན་ཡོངས་རང་བཞིན་གྱི་གནད་དོན་ཡིན་པ་དང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གལ་ཆེའི་གནད་དོན་དང་དེ་བཞིན་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་བཅས་ལ་བརྟག་དཔྱད་ཞིབ་འཇུག་ཞིབ་ཚགས་མ་བྱས་ན་ཇུས་ཐག་གཅོད་རྒྱུ་མེད་པ་དང་། ཏང་ཨུད་དང་སྲིད་གཞུང་ལ་འདོན་འབུལ་ཞུས་པའི་གལ་ཆེའི་ཇུས་གཞིར་ངེས་པར་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་རྨང་གཞིའི་ཐོག་རིགས་སྒྲུབ་ཁུངས་སྐྱེལ་གང་ལེགས་བྱེད་དགོས་པ་མ་ཟད། བརྟག་དཔྱད་བྱས་པའི་གནས་ཚུལ་རྣམས་ཚོགས་འདུའི་ཐོག་གི་གྲོས་གཞིར་ཞིབ་དཔྱད་གཏན་འབེབས་བྱེད་པའི་གཞི་འཛིན་ས་གལ་ཆེ་ཞིག་ཏུ་བརྩི་དགོས། ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་ལོ་རེར་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་དུས་ཚོད་ཟླ་གཅིག་ལས་མི་ཉུང་བ་བྱེད་རྒྱུ་དང་། ས་གནས (གྲོང་ཁྱེར )དང་རྫོང་གི་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ལོ་རེར་གཞི་རིམ་དུ་བརྟག་ཞིབ་བྱེད་པའི་དུས་ཚོད་ཟླ་གཉིས་ལས་མི་ཉུང་བ་བྱེད་རྒྱུ། ཤང་གྲོང་(ཁྲོམ་གཞུང་)ལས་བྱེད་པའི་ལས་ཀའི་དུས་ཚོད་མང་ཆེ་བ་མང་ཚོགས་ཀྱི་ལས་ཀ་སྒྲུབ་རྒྱུའི་ཐོག་སྤྱོད་དགོས། ས་གནས (གྲོང་ཁྱེར )ཁག་དང་སྡེ་ཚན་ཁག་གི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སོ་སོའི་ལས་ཀའི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་གནས་ཚུལ་ཡོད་པ་དང་། དབྱེ་ཞིབ་བྱས་ཡོད་པ། སོ་སོའི་ལྟ་ཚུལ་ཡོད་པ་བཅས་ཀྱི་བརྟག་ཞིབ་སྙན་ཞུ་ལོ་རེར་གཅིག་ནས་གཉིས་བར་འབྲི་དགོས། འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སྐྱོད་སྐབས་མི་ཉུང་སྟབས་བསྡུས་བྱེད་པའི་ཐོག་མང་ཚོགས་ལ་བརྡབ་གསིག་བཟོ་མི་ཆོག་པ་དང་། རིམ་པ་སྟར་ཆགས་ཀྱིས་ཕེབས་རོགས་མཉམ་སྐྱོད་བྱེད་མི་ཆོག་པ། མང་ཚོགས་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུ་རུ་འཇུག་རིགས་བྱེད་མི་ཆོག ཡིག་འབུལ་ཞུ་བཅར་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་ནང་ཁུལ་གྱི་འགལ་ཟླ་དང་རྩོད་ཪྙོག་རྩད་བཤེར་འདུམ་གཅོད་བྱེད་སྲོལ་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱིས་ཁྲིམས་ལུགས་ལྟར་ལུགས་མཐུན་གྱི་རེ་ཞུ་མཚོན་པ་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས།

        21.དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་དགོས།

        གདེང་འཇོག་དཔྱད་བསྡུར་གྱི་སྐུལ་ལྕག་བྱེད་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ་ཏང་ཡོན་ལས་བྱེད་པས་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཤུགས་ཆེར་གཏོང་རྒྱུའི་སྣེ་ཁྲིད་ཀྱིས་ཏང་ཡོན་དང་ལས་བྱེད་པས་བྱ་གཞག་སྒྲུབ་རྒྱུའི་ཐོག་བསམ་བློ་དངོས་གནས་གཏོང་ཐུབ་པ་དང་། གནས་ཚུལ་ངོ་མ་རྟོག་ཞིབ་དང་། འཇོན་ཐང་དངོས་འདོན་རྒྱུ། དོན་ངོ་མ་སྒྲུབ་རྒྱུ་བཅས་ཀྱི་ཐོག་ནུས་ཤུགས་གང་ཡོད་འདོན་ཐུབ་པ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་རྒྱུ་སོགས་ཀྱི་ཐད་ཟམ་མི་ཆད་པར་ཕན་ནུས་དངོས་ཐོན་ཐུབ་པ་བྱེད་དགོས། ཕྱོགས་ཡོངས་ནས་ལས་ཐོག་དམིགས་ཚད་འགན་འཁྲིའི་ལམ་ལུགས་ཁྱབ་སྤེལ་བཏང་སྟེ “གཏན་འཁེལ་གསུམ ”གྱི་ཇུས་གཞིའི་གཏན་འབེབས་ལྟར་ལས་ཁུངས་དང་སྡེ་ཚན་གྱི་འགན་འཁྲི་རྣམས་ལས་གནས་སོ་སོའི་ཐོག་བགོས་པ་དང་འགན་འཁྲི་རྣམས་མི་ཐོག་ཏུ་དོན་འཁྱོལ་གྱིས་མི་ཚང་མར་ལས་ཀ་བྱེད་རྒྱུ་ཡོད་པ་དང་བྱ་བ་ཚང་མར་དོ་དམ་བྱེད་མཁན་ཡོད་པ་འགན་ལེན་བྱས་ནས་དལ་བྲེལ་སྙོམས་པོ་མེད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་། ལྟ་སྐུལ། དོ་དམ་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ནུས་ཕྱོད་ཆེ་རུ་གཏོང་རྒྱུར་དམ་འཛིན་བྱེད་དགོས། དགོངས་ཞུ་དགོངས་ཐིམ་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་འགོ་ཁྲིད་ལས་བྱེད་པ་ཕྱི་ཕྱོགས་སུ་སྐྱོད་པ་དང་ཚུར་ལོག་རྗེས་རྒྱུན་གཏན་གྱི་དགོངས་ཞུ་དགོངས་ཐིམ་འགྲོ་ལུགས་བརྒྱུད་དགོས་པ་ཕུད། ངེས་པར་དུ་འོག་རིམ་གྱི་འགོ་ཁྲིད་གཙོ་བོས་གོང་རིམ་གྱི་འགོ་ཁྲིད་གཙོ་བོར་སྙན་སེང་ཞུ་དགོས་པ་དང་། སྡེ་ཚན་གྱི་འགན་འཁུར་བས་ལས་འགན་ཁག་བགོས་ཀྱི་འགོ་ཁྲིད་ལ་སྙན་སེང་ཞུ་དགོས། ཚན་ཁག་ཁོངས་མིས་གཙོ་བོའི་འགོ་ཁྲིད་ལ་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཚོགས་འདུ་དང་ཕྱོགས་ཐོན་གཞུང་དོན་སྒྲུབ་ཚར་རྗེས་ཚན་པའི་ནང་གང་མགྱོགས་ལོག་དགོས་པ་ལས། ཚོགས་འདུ་དང་། ཕྱོགས་ཐོན་གཞུང་དོན་སྒྲུབ་པ། རྟོག་ཞིབ་བཅས་ཀྱི་གོ་སྐབས་དང་བསྟུན་ནས་ཡུན་རིང་ལོག་མི་ཡོང་བའི་རིགས་གཏན་ནས་བྱེད་མི་ཆོག ཚོགས་འདུ་ཁུ་བསྡུས་པོ་དང་ཡིག་ཆ་ཉུང་དུ་བཏང་ནས་ཚོགས་འདུ་ཚོགས་དགོས་ལ་མི་དགོས་པའི་རིགས་གཏན་ནས་མི་ཚོགས་པ་དང་། གཤམ་སྤེལ་བྱེད་དགོས་ལ་མི་དགོས་པའི་ཡིག་ཆའི་རིགས་གཏན་ནས་འགྲེམས་སྤེལ་མི་བྱེད་པར་ཡིག་ཆ་དང་ཚོགས་འདུ་མང་བ་དང་། སྣེ་ལེན་ཕེབས་སྐྱེལ་གྱི་བྲེལ་བའི་ནང་ནས་སེམས་ཐག་གཙང་བཅད་ཀྱིས་དོན་ཐུབ་པ་བྱེད་དགོས། སྐད་ཆ་དྲང་པོ་ཤོད་པ་དང་། གནས་ཚུལ་ཇི་མ་ཇི་བཞིན་ཤོད་དགོས་ཤིང་། གཏམ་བཟང་ཡོད་ན་གཏམ་བཟང་ཤོད་པ་དང་། གཏམ་ངན་ཡོད་ན་གཏམ་ངན་ཤོད་དགོས་པ་ལས་སྦས་སྐུང་བྱས་ནས་སྙན་སེང་མི་ཞུ་བ་དང་སྐད་ཆ་རྫུས་མ་ཤོད་མཁན་ལ་ངོ་རྒོལ་བྱེད་དགོས། སྤྱོད་ཚུལ་དྲང་པོ་མེད་པ་དང་ཁྲལ་མངོན་སླ་བཅོས་བྱས་པ་ལས་ཐོན་པའི་ཚབས་ཆེའི་དོན་རྐྱེན་ནམ་ཡང་ན་གྱོང་གུན་ཚབས་ཆེ་བཟོ་མཁན་རིགས་དང་། མི་བདེན་རྫུན་སྒྲིག་དང་རྫུན་ཞུ་ཆེ་བསྟོད་བྱེད་མཁན་རིགས་ལ་ངེས་པར་དུ་འགན་འཁྲི་བདའ་འདེད་གཏོང་དགོས།

        དྲུག རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་དགོས།

        22.རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས།

        རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་གཅོད་དང་འགོག་ཟོན་མཉམ་འཛིན། སྔོན་འགོག་གཙོ་བོར་འཛིན་པ་བཅས་ཀྱི་མཛད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་རྒྱུའི་མ་ལག་བཙུགས་ནས་ཚགས་ཚུད་དུ་གཏོང་རྒྱུའི་ཀྲུང་དབྱང་གི་2008ལོ་ནས་2012ལོ་བར་གྱི་ལས་དོན་འཆར་འགོད་དང་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། ཏང་སྲོལ་སྲིད་གཙང་དར་སྤེལ་གཏོང་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་སེམས་ཐག་གཙང་བཅད་ཀྱིས་རུལ་སུངས་ལ་ཆད་གཅོད་བྱེད་པ་དང་ཆབས་ཅིག་སློབ་གསོ་དང་། ལྟ་སྐུལ། བསྒྱུར་བཅོས། ལམ་ལུགས་གསར་གཏོད་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ཐོག་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་འཛུགས་སྐྱོང་བྱེད་པའི་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྤེལ་རྒྱུ་གཏིང་ཟབ་ཏུ་གཏོང་དགོས།

        23.སྤྱོད་གཙང་སྲིད་སྐྱོང་གི་སློབ་གསོ་དང་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་འདོམས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        དམངས་ཕན་དང་། དམ་པ་དོན་གཉེར། སྤྱོད་གཙང་བཅས་ཀྱི་བླང་བྱ་ལྟར་ཏང་ཡོན་དང་ལས་བྱེད་པར་ཕུགས་བསམ་གྱི་དད་སེམས་དང་། སྤྱོད་གཙང་སྲིད་སྐྱོང་། ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། དམིགས་བཀར་རང་བཞིན་ལྡན་པའི་དཔེ་སྟོན་སློབ་གསོ་དང་། དྲན་སྐུལ་སློབ་གསོ། ལས་ཐོག་སྤྱོད་གཙང་སློབ་གསོ་བཅས་སྤེལ་ཏེ་སློབ་གསོ་རྒྱག་ཐབས་ལེགས་བཅོས་བྱེད་དགོས་པ་དང་སློབ་གསོའི་ཕན་ནུས་གོང་མཐོར་གཏོང་དགོས། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ལས་བྱེད་པའི་གལ་ཆེའི་དོན་གནད་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་གལ་ཆེའི་དོན་གནད་སྙན་སེང་ཞུ་བའི་ནང་སྡོད་ཁང་དང་། མ་འཇོག བཟའ་ཟླ་བུ་ཕྲུག་གི་ལས་ཀའི་གནས་ཚུལ་སོགས་འཇུག་དགོས། རྒྱས་སྤྲོས་རྒྱས་གཤོམ་གྱིས་རྒྱུ་དངུལ་ཞུ་ལེན་བྱེད་པ་དང་རྒྱན་འཛུགས་ནང་ཞུགས་ནས་ཏང་སྲོལ་སྲིད་སྲོལ་ངན་སྒྱུར་ཉམས་དམས་སུ་གཏོང་བ་དང་། གཞུང་དངུལ་སྤྱད་དེ་ཟ་རྒྱག་སྤྱོད་གསུམ་བྱེད་པ་སོགས་མངོན་ཆེའི་གནད་དོན་མུ་མཐུད་བཅོས་སྐྱོང་གཏིང་ཟབ་བྱེད་དགོས། དཀའ་སྤྱད་འབད་འཐབ་བྱེད་རྒྱུ་ལྟེ་བར་བྱེད་པའི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་ཤུགས་ཆེ་བཏང་སྟེ་ཧུར་བརྩོན་བསྲི་ཚགས་ཀྱི་སྒོ་ནས་བྱ་བ་ཐམས་ཅད་བསྒྲུབས་ཏེ་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་བཟའ་ཟླ་དང་། བུ་ཕྲུག དེ་བཞིན་ཉེ་འཁོར་གྱི་ལས་བྱ་བཅས་ལ་དོ་དམ་ཡག་པོ་བྱེད་དགོས་པ་མ་ཟད། ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་ཚན་ཁག་དམ་འཛིན་ཡག་པོ་དང་དཔུང་ཁག་སྣེ་ཁྲིད་ཡག་པོ་བྱེད་དགོས། སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ་ཐག་གཅོད་ནན་པོ་བྱེད་དགོས།

        24.དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་སྲོལ་འཐུས་ཚང་དུ་གཏོང་དགོས།

        འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོར་ལྟ་སྐུལ་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་ཇུས་ཐག་གཅོད་དབང་དང་། ལག་བསྟར་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་ཕན་ཚུན་ཚོད་འཛིན་ཡོད་ལ་ཕན་ཚུན་མཐུན་སྦྱོར་ཡང་ལྡན་པའི་དབང་ཆ་གྲུབ་ཚུལ་དང་བེད་སྤྱོད་བྱེད་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་དབང་ཆ་སྤྱོད་རྒྱུ་གོ་རིམ་ཅན་དུ་སྒྱུར་བ་དང་ཡོངས་བསྒྲགས་གསལ་ཆ་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གལ་ཆེའི་ཇུས་གཞི་དང་གལ་ཆེའི་ལས་གྲྭའི་རྣམ་གྲངས་རིགས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས། འགོ་ཁྲིད་ལས་བྱེད་པས་འཁྲི་འགན་སྒྲུབ་ཚུལ་དང་སྤྱོད་གཙང་གནས་ཚུལ་གསལ་ཞུ་དང་། བསླབ་བྱ་སྐུལ་ལྕག་གི་གླེང་མོལ་བྱེད་པ། ཡིག་ཐོག་གི་འདྲི་རྩད་བྱེད་པ། དོགས་གཞི་འདྲི་རྩད་བྱེད་པ། གནས་དབྱུང་གཏོང་བམ་ཡང་ན་བརྗེ་འཐེན་བྱེད་པ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། རིམ་ཁག་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་སྤྱོད་གཙང་སྲི་ཞུ་དང་མི་སྣ་འདེམས་སྤྱོད་བྱེད་རྒྱུ་སོགས་ཐད་ཀྱི་ལས་དོན་རྣམས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ལ་སྙན་སེང་ཞུ་རྒྱུའི་ནང་དོན་གལ་ཆེན་ཞིག་ལ་བརྩི་དགོས། ཏང་གི་འགོ་ཁྲིད་ལས་བྱེད་པའི་འགན་འདེད་ལམ་ལུགས་དང་། སྲིད་གཙང་ཁས་ལེན་ཞུ་ལམ། སྲིད་འཛིན་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་བཅས་ལ་ཁྱབ་སྤེལ་གཏོང་དགོས། སྐོར་ཞིབ་ལས་དོན་སྲོལ་ཡིག་དོན་འཁྱོལ་བྱས་ནས་སྐོར་ཞིབ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་མངག་གཏོང་བཅའ་སྡོད་ལས་ཁུངས་ལ་གཅིག་གྱུར་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སྡེ་ཚན་དུ་བཅའ་སྡོད་བྱེད་མཁན་འགོ་ཁྲིད་ཚན་པ་དང་དེའི་ཁོངས་མིར་ལྟ་སྐུལ་བྱེད་རྒྱུའི་ལམ་ལུགས་ཚགས་ཚུད་དུ་གཏོང་དགོས། ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་དང་། གཞུང་ཁོངས་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་འགན་འཁུར་མི་སྣའི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་བྱེད་རྒྱུ་འཐུས་ཚང་དུ་བཏང་སྟེ་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་དང་མ་འཇོག་རྣམ་གྲངས་གལ་ཆེ་རིགས་ལ་རྩིས་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ཏང་ཕྱིའི་ལྟ་སྐུལ་དང་། ཆེད་དོན་ལས་ཁུངས་ཀྱི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ལྟ་སྐུལ་གྱི་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་གཏོང་དགོས།

        25.རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས།

        གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་འཚང་ཁར་བརྩིས་ཏེ་དབང་ཆར་སྟངས་འཛིན་དང་། མ་དངུལ་ལ་ལྟ་འདོམས། སྲིད་སྐྱོང་བྱ་སྤྱོད་ཚད་ལྡན་བཟོ་རྒྱུ་བཅས་གཏིང་ཟབ་ཏུ་གཏོང་རྒྱུར་དམ་པོར་དམིགས་ཏེ་རུལ་སུངས་འགོག་བཅོས་བྱེད་པའི་ལམ་སྲོལ་དང་བྱེད་སྲོལ་འཐུས་ཚང་བཟོས་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུ་ལམ་ལུགས་ཅན་དང་ཁྲིམས་ལུགས་ཅན་དུ་འགྱུར་རྒྱུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཏང་ཡོན་གྱིས་ཆབ་སྲིད་སྒྲིག་ལམ་ལས་འགལ་རིགས་ཐག་གཅོད་བྱེད་རྒྱུའི་གཏན་འབེབས་ལ་ཞིབ་འཇུག་ནན་པོ་བྱས་ཏེ་ཞིབ་ཚགས་སུ་གཏོང་དགོས། ནོར་སྲིད་རང་བཞིན་གྱི་མ་དངུལ་དང་སྤྱི་ཚོགས་ཀྱི་སྤྱི་པའི་མ་དངུལ་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས “དངུལ་སྦས་ཁུང ”གཙང་བཤེར་མཐར་ཕྱིན་པ་བྱེད་དགོས། འོས་སྐུལ་འོས་དཔོད་དང་། གཞུང་ལས་པའི་ལས་གཉེར་བྱ་སྤྱོད། སྲིད་འཛིན་ཁྲིམས་འཛིན། སྲིད་འཛིན་ཁྲིམས་འཛིན་ལ་ལྟ་སྐུལ། སྲིད་འཛིན་ནུས་ཕྱོད་ལ་ལྟ་སྐུལ། སྲིད་འཛིན་ནུས་ཕྱོད་ལ་ཞུ་གཏུགས་རྒྱག་པ་སོགས་ཚད་ལྡན་བཟོ་བའི་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་ཚང་འཛུགས་དགོས། རང་སྐྱོང་ལྗོངས་སྲིད་འཛིན་ཞབས་ཞུ་ལྟེ་གནས་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། སྲིད་གཞུང་གི་གལ་ཆེའི་མ་འཇོག་རྣམ་གྲངས་རིགས་ལ་ཡོངས་བསྒྲགས་ལམ་ལུགས་དང་འགན་འཁྲི་བདའ་འདེད་གཏོང་ལམ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞུང་ཁོངས་ཁེ་ལས་ཀྱི་དབང་ཆ་འཁོར་རྒྱུག་ཚོད་འཛིན་དོ་སྙོམས་བྱེད་ལམ་དང་། ཕོགས་ཐོབ་ཀྱི་ཐོག་ནས་སྐུལ་ལྕག་དང་གཅུན་འདོམས་བྱེད་ལམ་བཙུགས་ནས་འཐུས་ཚང་དུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགོ་ཁྲིད་ལམ་སྲོལ་དང་ལས་ཀའི་སྒྲིག་སྲོལ་གྱི་ཞིབ་ཕྲའི་ལམ་ལུགས་ཚགས་ཚུད་དུ་བཏང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་ལུགས་ཀྱི་དབང་གྲགས་རང་བཞིན་སྲུང་སྐྱོང་བྱེད་དགོས།

        26.མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།

        མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་གཙོ་གནད་དུ་བཟུང་སྟེ་ཆེད་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། བཟའ་བཅའ་དང་སྨན་རྫས་སྐྱོན་མེད་དང་། ཉེན་མེད་ཐོན་སྐྱེད། ཁོར་ཡུག་སྲུང་སྐྱོང་། ས་ཆ་བསྡུ་སྤྱོད་དང་བཤིག་སྤོ་སོགས་ཀྱི་ཐད་མང་ཚོགས་ཀྱི་བསམ་འཆར་ཤུགས་ཆེན་ཡོད་པའི་མངོན་ཆེའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱེད་དགོས་པ་དང་། སྤྱི་ཚོགས་འགན་སྲུང་ཐེབས་རྩ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལ་དོ་དམ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་བཤིག་སྤོ། ཁེ་ལས་བསྐྱར་སྒྲིག་ལུགས་སྒྱུར་དང་བུན་སྟོངས་སུ་གཏོང་བ། དབུལ་སྐྱོར་རོགས་སྐྱོབ་ཀྱི་དངུལ་དངོས། ཞིང་འབྲོག་མང་ཚོགས་དང་འབྲེལ་བ་ཡོད་པའི་ཁུར་པོ། ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ། རྫུན་ལྷད་སྤུས་ཞན་གྱི་ཞིང་སྤྱོད་རྒྱུ་ཆ་བཟོ་ཚོང་དང་ཞིང་སྤྱོད་རྒྱུ་ཆའི་རིན་གོང་ཧམ་སྤོར་བྱེད་པ་སོགས་ཀྱི་ཐད་མང་ཚོགས་ཀྱི་ཁེ་ཕན་ལ་བཙན་གནོད་བྱེད་པའི་གནད་དོན་རིགས་ཐག་གཅོད་ནན་ཏན་བྱེད་དགོས། ཞིང་འབྲོག་མང་ཚོགས་དང་གྲོང་ཁྱེར་དུ་སྐྱོད་མཁན་ལས་མིའི་ཁེ་ཕན་ལ་བཙན་གནོད་བྱེད་པའི་གནད་དོན་མུ་མཐུད་ཞིབ་བཤེར་ཐག་གཅོད་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་བདེ་སྡུག་སྣང་མེད་དུ་གཏོང་བ་དང་མང་ཚོགས་དང་ཁེ་ཕན་ཧབ་རྩོད་རྒྱག་པའི་བྱེད་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་མང་ཚོགས་ལ་སྣེ་ལེན་དང་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཐག་གཅོད་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་ཡོན་ལས་བྱེད་པ་ཆེས་ཉུང་ཤས་ཀྱིས་བཅའ་ཁྲིམས་དང་སྲིད་ཇུས་ལྟར་བྱ་བ་ནན་པོ་མི་སྒྲུབ་པ་དང་ལས་ཀ་བྱེད་སྟངས་ཧར་ཧུར་རྩུབ་སྤྱོད་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནན་ཏན་བྱེད་དགོས།

        27.སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས།

        ཏང་ཡོན་ལས་བྱེད་པས་ཏཱ་ལའི་རུ་ཚོགས་ཀྱི་རྗེས་སུ་འབྲངས་བ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་སོགས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཚབས་ཆེ་འགལ་བའི་བྱེད་སྤྱོད་ལ་ནན་ཞིང་མྱུར་བའི་སྒོ་ནས་ཞིབ་བཤེར་ཐག་གཅོད་བྱེད་དགོས། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པའི་ཁྲོད་ཐོན་པའི་འགན་དབང་གང་བྱུང་དུ་སྤྱོད་པ་དང་། ལྐོག་ཟ་ལྐོག་རྔན་ལེན་པ། རུལ་སུངས་ཐ་མལ་དུ་གྱུར་བ། འགན་བསྐྱུར་འགན་འཛོལ་བཅས་བྱེད་པའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ་གཙོ་གནད་དུ་བཟུང་ཐོག་དཔོན་ཚོང་ངན་སྦྲེལ་བྱེད་པ་དང་། དབང་ཆ་དང་རྒྱུ་དངུལ་བརྗེ་ཚོང་བྱེད་པ། དབང་ཆ་དང་ཆགས་སྲེད་བརྗེ་ཚོང་བྱེད་པ། དེ་བཞིན་མི་དོན་དབང་ཆ་དང་། ཁྲིམས་འཛིན་དབང་ཆ། སྲིད་འཛིན་ཁྲིམས་འཛིན་དབང་ཆ། སྲིད་འཛིན་ཞིབ་མཆན་དབང་ཆ་བཅས་བེད་སྤྱད་དེ་ལྐོག་རྔན་སྤྲོད་ལེན་དང་ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། ལས་གྲྭ་འཛུགས་སྐྲུན་དང་། ས་ཆ་དོ་དམ་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ། གཞུང་ཁོངས་རྒྱུ་ནོར་དོ་དམ། སྲིད་གཞུང་གི་མཁོ་སྒྲུབ་སོགས་ཁྱབ་ཁོངས་ཀྱི་ཚོང་ལས་ལྐོག་རྔན་སྤྲོད་ལེན་གྱི་གྱོད་གཞི་དང་མང་ཚོགས་ཀྱི་ཁེ་ཕན་ལ་བཙན་གནོད་ཚབས་ཆེ་བཟོ་བའི་གྱོད་གཞིའི་རིགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་དང་ཚབས་ཆེའི་འགན་འཁྲིའི་ལས་འཛོལ་རྒྱབ་ཕྱོགས་ཀྱི་རུལ་སུངས་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་བྱེད་ལམ་འཐུས་ཚང་བཙུགས་ཐོག་གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་སྒྲིག་འཛུགས་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་སྤྱི་ཡོངས་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་དྲ་ཐོག་གི་ཐེར་འདོན་དང་བདག་སྤྲོད་བྱེད་སྲོལ་དང་། དྲ་ཐོག་གི་གླེང་ཕྱོགས་བསྡུ་རུབ་དང་ཐག་གཅོད་བྱེད་སྲོལ་བཅས་འཐུས་ཚང་འཛུགས་དགོས། ཐེར་འདོན་བྱེད་མཁན་དང་དཔང་མིར་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ཚགས་ཚུད་པོ་བཟོས་ཏེ་བརྟག་དཔྱད་བྱ་ཡུལ་མི་སྣའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས་པ་དང་། བསྙོན་འཛུགས་གནོད་འཚེ་གཏོང་བའི་བྱ་སྤྱོད་རིགས་ཁྲིམས་ལུགས་ལྟར་རྩད་གཅོད་བྱེད་དགོས། གལ་གནད་ཆེ་བའི་གྱོད་གཞི་དབྱེ་ཞིབ་བྱེད་པའི་ལམ་ལུགས་དང་བརྡ་ཁྱབ་གཏོང་བའི་ལམ་ལུགས་འཐུས་ཚང་བཟོས་ཏེ་གྱོད་གཞི་གཉེར་སྒྲུབ་ཐག་གཅོད་བྱེད་པའི་ཆབ་སྲིད་དང་། ཁྲིམས་སྒྲིག སྤྱི་ཚོགས་བཅས་ཀྱི་ནུས་འབྲས་གཅིག་ཏུ་ཐོན་པ་བྱེད་དགོས།

        ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དམ་པ་དོན་གཉེར་དང་ལམ་བཤངས་གསར་གཏོད་ཀྱིས་དུས་བབ་གསར་པའི་ནང་ཏང་འཛུགས་སྐྱོང་བྱེད་རྒྱུའི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་སྐྲུན་རྒྱུར་ཞུམ་མེད་སྟོབས་ལྡན་གྱི་ཆབ་སྲིད་འགན་ལེན་དང་། བསམ་བློའི་འགན་ལེན། རྩ་འཛུགས་འགན་ལེན་བཅས་བྱེད་དགོས།

        (བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར་བ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།