དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་སྐབས་གསུམ་པའི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        2001 ལོར་ལྗོངས་ཡོངས་ཀྱི་སྐབས་གཉིས་པའི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐོང་ཚོགས་བྱས་ཚུན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་འཁྲིད་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་དང་བྱེད་ཕྱོགས་དང་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། མཐུན་སྒྲིལ་འབད་འཐབ་དང་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་སྔར་བས་སྲ་བརྟན་དང་གོང་འཕེལ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱེད་པ་དང་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་བྱ་གཞག་ཀྱི་རྣམ་པ་གསར་པ་སྒོ་ཀུན་ནས་བཏོད་ཡོད། རླབས་ཆེའི་ལག་ལེན་དེའི་ཁྲོད་ལྗོངས་ཡོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ལ་ལངས་ཕྱོགས་བརྟན་པ་དང་ཀུན་སྤྱོད་བཟང་བ། དཀའ་སྤྱད་འབད་བརྩོན་དང་མཐུན་སྒྲིལ་འབད་འཐབ། གསར་འབྱེད་ཡར་བརྩོན་དང་གསར་གཏོད་བྱེད་ཕོད་པ། གྲུབ་འབྲས་མངོན་གསལ་དོད་པ་དང་ལེགས་སྐྱེས་མངོན་གསལ་དོད་པ་བཅས་ཀྱི་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་སྔོན་ཐོན་དཔེ་བཟང་མི་སྣ་ཁག་གཅིག་ཆུ་གཏེར་རྒྱས་པ་བཞིན་ཐོན་ཡོད། སྔོན་ཐོན་དཔེ་བཟང་མི་སྣས་ལྗོངས་ཡོངས་ཀྱི་བྱ་གཞག་ཁག་དང་མི་རིགས་ཁག་གི་མི་དམངས་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་གཟེངས་བསྟོད་བྱེད་པ་དང་། སྔོན་ཐོན་དཔེ་བཟང་མི་སྣའི་སྔོན་ཐོན་གྱི་བསམ་བློ་དང་དཔེ་བཟང་གི་བྱས་རྗེས་དར་སྤེལ་གཏོང་བ། ངལ་རྩོལ་གཟི་བརྗིད་དང་། ཤེས་བྱ་བླ་ན་མེད་པ། ཤེས་ལྡན་མི་སྣ་རྩ་ཆེན། རླབས་ཆེན་གྱི་སྤྱི་ཚོགས་ཀྱི་སྲོལ་བཟང་གཏོད་རྒྱུར་ཁྲིད་སྟོན་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྐུལ་མ་དང་སྣེ་འཁྲིད་ཀྱིས་སྔར་བས་བསམ་བློར་བཅིངས་འགྲོལ་དང་གསར་འབྱེད་གསར་གཏོད་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྔར་བས་གོང་འཕེལ་ཡག་པོ་དང་། གོང་འཕེལ་མགྱོགས་པོ། གོང་འཕེལ་ཆེན་པོ་བཅས་ཡོང་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་རྒྱས་དར་ཤང་ཡངས་ཡིད་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་དགྲ་ལྷ་སོགས་བློ་མཐུན་154 ལ “བོད་རང་སྐྱོང་ལྗོངས་ཀྱི་སྐབས་གསུམ་པའི་ངལ་རྩོལ་དཔེ་བཟང་བའི ”མཚན་སྙན་གནང་བ་དང་མངའ་རིས་ས་ཁུལ་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་བློ་བཟང་བསམ་གཏན་སོགས་བློ་མཐུན་82 ལ “བོད་རང་སྐྱོང་ལྗོངས་ཀྱི་སྐབས་གསུམ་པའི་སྔོན་ཐོན་ལས་དོན་པའི ”མཚན་སྙན་གནང་རྒྱུའི་གཏན་ཁེལ་བྱས་པ་རེད།

        ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་ནི་རང་ལྗོངས་ཀྱི་མི་རིགས་ཁག་གི་ངལ་རྩོལ་མང་ཚོགས་ཀྱི་ཕུལ་བྱུང་གི་མཚོན་བྱེད་ཅིག་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་མཁན་གྱི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན། གཟེངས་བསྟོད་ཐོབ་མཁན་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པས་མཚན་སྙན་དེར་གཅེས་སྤྲས་དང་ང་རྒྱལ་དང་འཚབ་འཚུབ་སྤང་སྟེ་ཡང་འབད་བསྐྱར་འབད་དང་བྱས་རྗེས་བཟང་པོ་སླར་ཡང་བཏོད་དེ་ཏང་དང་མེས་རྒྱལ་ལ་ལྷག་བསམ་རྣམ་དག་ཚད་མེད་བྱས་ཏེ་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་རྒྱུའི་སྙིང་སྟོབས་མུ་མཐུད་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བ་དང་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་རང་ཉིད་ཀྱི་དཔེ་བཟང་བྱ་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ལ་ཤུགས་རྐྱེན་བཟང་པོ་ཕོག་པ་དང་སྣེ་འཁྲིད་བྱེད་དགོས་པ་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་སྤེལ་མགྱོགས་པོ་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་རེ་བ་བཏོན་ཡོད།

        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ལས་རིགས་ཁག་དང་། འཐབ་ཕྱོགས་ཁག་གི་རྒྱ་ཆེའི་ལས་བྱེད་པ་དང་། བཟོ་པ། ཞིང་པ། ཤེས་ལྡན་པ། ངལ་རྩོལ་པ་ཡོངས་ལ་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་མིག་དཔེར་བྱས་ནས་མེས་རྒྱལ་ལ་བློ་དཀར་སེམས་དཀར་དང་བྱ་གཞག་ལ་སེམས་ཁུར་བྱེད་པའི་ཁོང་ཚོའི་བླ་ན་མེད་པའི་བསམ་བློར་སློབ་སྦྱོང་བྱེད་པ་དང་། སྤྱི་ཡོངས་སེམས་ལ་བཞག་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁོང་ཚོའི་བླ་ན་མེད་པའི་དོན་གཉེར་ལ་སློབ་སྦྱོང་བྱེད་པ། ལངས་ཕྱོགས་བརྟན་པ་དང་དར་ཆ་གསལ་སྟོན་གྱི་ཁོང་ཚོའི་བླ་ན་མེད་པའི་གཤིས་རྒྱུད་བཟང་པོར་སློབ་སྦྱོང་བྱེད་པ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་ལེགས་སྐྱེས་འབུལ་འདོད་པའི་ཁོང་ཚོའི་བསམ་པའི་ཉམས་གྱུར་ལ་སློབ་སྦྱོང་བྱེད་པ། ཧུར་བརྩོན་དང་རྩེ་གྲ་བཏོད་པའི་ཁོང་ཚོའི་གསར་གཏོད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། དུས་བསྟུན་འཕེལ་རྒྱས་དང་བདེན་འཚོལ་དངོས་སྒྲུབ་ཀྱི་ཁོང་ཚོའི་ཚན་རིག་དང་མཐུན་པའི་རྣམ་འགྱུར་ལ་སློབ་སྦྱོང་བྱེད་པ་བཅས་བྱས་ཏེ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟན་དོན་འཁྱོལ་བྱེད་པ། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱིས་སྲོག་ཤིང་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་། སྒྱུར་བཅོས་གསར་གཏོད་ཀྱིས་སྲོག་ཤིང་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དང་དཀའ་སྤྱད་འབད་འཐབ་ཀྱིས་སྲོག་ཤིང་བྱེད་པའི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”བཅས་དར་སྤེལ་ཤུགས་ཆེན་བཏང་ནས་དེ་བས་སྲ་ཞིང་བརྟན་པའི་ཕུགས་བསམ་གྱི་དད་སེམས་དང་རང་དོན་རྒྱབ་སྐྱུར་གྱི་ངལ་རྩོལ་སྤྲོ་སེམས་དང་། བདེན་འཚོལ་གྱི་ལས་ཀའི་སྤྱོད་ཚུལ་དང་བློ་བརྟན་འགྱུར་མེད་ཀྱི་འབད་འཐབ་སྙིང་སྟོབས་བཅས་ཀྱི་ཐོག་ནས་བློ་གཅིག་སེམས་གཅིག་དང་། སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། གསར་འབྱེད་གསར་གཏོད། ལས་ཀ་ཏན་ཏིག་བྱེད་པ་བཅས་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།