དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པ་དེ་ཟླ་1ཚེས་12ཉིན་གྱི་སྔ་དྲོ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་སངས་དོན་གྲུབ་ཀྱིས་ཚོགས་ཆེན་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ།

        ཨུ་ཡོན་རྣམ་པ།

        ངས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར་ཚོགས་ཆེན་ལ་ལས་དོན་གྱི་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་ཞུ།

        གཅིག 2008ལོའི་ལས་དོན་ལ་ཕྱིར་མིག་བལྟ་བ།

        2008ལོ་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་སྤྱིར་ བཏང་མ་ཡིན་པའི་ལོ་ཞིག་རེད། ཪྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་དང་ཚབས་ཆེའི་རང་བྱུང་གནོད་འཚེའི་མདུན་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་ཞུམ་པ་མེད་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་གུང་་ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་ཐོག་ཀུན་སེམས་གཅིག་བསྒྲིལ་གྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་རྒྱལ་སྤྱིའི་ཐོག་གི་དགྲ་ཡའི་ཕྱོགས་གཏོགས་ཀྱིས་རང་རྒྱལ་དུ་པེ་ཅིན་ཨོ་རྩལ་འགྲན་ཚོགས་དང་། དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གཉེར་བའི་སྐབས་དང་བསྟུན་ནས་བསླངས་པའི་ཀྲུང་གོར་ངོ་རྒོལ་བྱེད་པའི་རླབས་རྒྱུན་ཕམ་ཉེས་བཏང་བ་དང་། ཕྱོགས་མཚུངས་རང་རྒྱལ་ལྷོ་ཕྱོགས་ས་ཁུལ་འགར་བྱུང་བའི་གྲང་ངད་ཆེ་བའི་གངས་འཁྱགས་ཀྱི་གནོད་འཚེ་འགོག་པའི་ལས་དོན་དང་། ཟི་ཁྲོན་དབུན་ཁྲོན་གྱི་ལྔ་པའི་བཅུ་གཉིས་ཀྱི་ས་ཡོམ་ཆེན་པོའི་གནོད་སྐྱོབ་གེགས་སེལ་གྱི་འཐབ་རྩོད་བཅས་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དང་། པེ་ཅིན་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གྲ་འགྲིག་པོ་གཉེར་བ། མི་ཞུགས་ལྷ་གྲུ་ཨང་བདུན་པ་གཏོང་རྒྱུ་ལམ་ལྷོངས་བྱུང་བ། ཨེ་ཤི་ཡ་དང་ཡོ་རོབ་གཙོ་འཛིན་གྲོས་ཚོགས་སྐབས་བདུན་པ་གཉེར་རྒྱུ་ལམ་ལྷོངས་བྱུང་བ། བློ་རྩ་བརྟན་པོའི་སྒོ་ནས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་བཅག་པ་བཅས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མི་སེམས་སྤྲོ་བ་འཕེལ་དགོས་པ་དང་སྤོབས་པ་སྐྱེ་དགོས་པའི་འོད་སྟོང་འཕྲོ་བའི་བྱ་བ་རླབས་པོ་ཆེ་རྩོམ་ཐུབ་པ་བྱུང་ཡོད།

        2008ལོ་ནི་རང་ལྗོངས་ཀྱི་ལོ་རྒྱུས་ཐོག་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་རེད། ཏཱ་ལ་ཁ་ཕྲལ་རུ་ཚོགས་ཀྱིས་ཁོ་ཚོར་རྒྱབ་སྐྱོར་བྱེད་མཁན་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་ངན་སྐུལ་འོག་བསླངས་པའི་ལྷ་སའི་གསུམ་པའི་བཅུ་བཞིའི་རྡུང་གཅོག་འཕྲོག་བསྲེག་གི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་དང་། གློ་བུར་དུ་བྱུང་བའི་འབྲོང་པ་དང་འདམ་གཞུང་གི་ས་ཡོམ་དང་། ལྷོ་ཁ་ས་ཁུལ་གྱི་གངས་སྐྱོན་སོགས་ཚབས་ཆེའི་རང་བྱུང་གནོད་འཚེའི་མདུན་དུ་ རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་སྐོར་གྱི་ཀྲུང་དབྱང་གི་གལ་ཆེའི་མཛད་ཕྱོགས་རབ་དང་རིམ་པའི་དགོངས་དོན་ལག་བསྟར་མཐར་ཕྱིན་པ་བྱས་ཐོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་གསུམ ”ལ་བྲལ་མེད་ཕྱོགས་ཏེ་ཕྱོགས་གཅིག་ནས་བརྟན་ལྷིང་དམ་འཛིན་ལྷོད་མེད་དང་ཕྱོགས་གཅིག་ནས་གོང་འཕེལ་དམ་འཛིན་ལྷོད་མེད་བྱས་ནས་ལྷ་སའི་གསུམ་པའི་བཅུ་བཞིའི་དོན་རྐྱེན་མགྱོགས་མྱུར་ཞོད་འཇགས་བཏང་ཐོག་སྤྱི་ཚོགས་ཀྱི་རྒྱུན་གཏན་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཐུབ་པ་བྱུང་བ་དང་། ནུས་ཤུགས་གང་ཡོད་ཀྱིས་གནོད་འགོག་གེགས་སྐྱོབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་འགན་སྲུང་བྱས་པར་བརྟེན་ལས་དོན་ཁག་དཀའ་ངལ་སེལ་བ་དང་ཆབས་ཅིག་ཏུ་གྲུབ་འབྲས་ཀྱང་གསར་པ་ཐོབ་ཡོད།

        2008ལོ་ནི་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པ་འགོ་ཚུགས་པའི་ལོ་ཞིག་རེད། ལོ་འདིའི་ནང་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་དེ་གཉིས་གཙིགས་ཆེར་བཟུང་ནས “རྒྱུན་འཁྱོངས་གསུམ ”དང་“ཐོག་མཐའ་བར་གསུམ་ལྔའི ”བླང་བྱ་གཞིར་བཟུང་སྲིད་གྲོས་ནང་ཐེ་ཞུགས་བྱེད་མཁན་ཚན་པ་དང་རྒྱ་ཆེའི་ཨུ་ཡོན་རྣམས་རྒྱ་ཁྱབ་ཏུ་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་ལྟེ་བ་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་རང་གི་ལས་འགན་དུ་བརྩིས་ནས་འགན་འཁྲི་སྒྲུབ་རྒྱུའི་འཁུར་སེམས་དང་ལས་སྐལ་སྒྲུབ་སེམས་ཤུགས་ཆེར་ཏན་ཏིག་བཏང་བ་དང་སྲིད་ཞུགས་སྲིད་གླེང་བྱེད་རྒྱུའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་བཏང་སྟེ་དཔལ་འབྱོར་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་གཞི་མཐུན་དང་བརྟན་ལྷིང་ཡོང་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

        (གཅིག )རིགས་པའི་གཞུང་ལུཌ་སློབ་སྦྱོང་བྱེད་རྒྱུ་དམ་འཛིན་བྱས་ནས་འགན་ནུས་སྒྲུབ་རྒྱུའི་བསམ་བློའི་རྨང་གཞི་སྲ་བརྟན་བཏང་བ།

        རྒྱུན་ལས་ཨུ་ལྷན་གྱིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས ་རྒྱུར་མཐོང་ཆེན་བྱས་ཏེ་སློབ་སྦྱོང་བྱས་ནས་ངོས་འཛིན་གོང་མཐོར་གཏོང་རྒྱུ་དང་བསམ་བློ་གཅིག་གྱུར་བྱེད་རྒྱུ་དེ་ལྟ་བ་གཅིག་མཐུན་ཡོང་རྒྱུ་དང་འགན་ནུས་སྒྲུབ་རྒྱུའི་སྔོན་འགྲོ་གལ་ཆེན་ཞིག་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གསར་གཏོད་དང་མདུན་སྐྱོད་བྱེད་རྒྱུའི་རྩ་བའི་འགན་ལེན་དུ་བརྩིས་ཤིང་། ལོ་གཅིག་ནང་རྒྱུན་ལས་ཨུ་ལྷན་གྱིས་རྣམ་ཀུན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་པ་དང་ཆབས་ཅིག་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་རྒྱུའི་བྱེད་སྒོ་སྤེལ་བའི་གོ་སྐབས་དང་བསྟུན་ནས “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུའི ”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོ མས་གྲོས་ཚོགས་ཐེངས་གསུམ་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ལྷན་འཛོམས་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པའི་ཐོག་རྒྱ་ཆེའི་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་བ་རྣམས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཐད་ཀྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བར་བརྟེན་སྔར་ལས་ལྷག་པའི་རང་རྟོགས་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས “རྒྱུན་འཁྱོངས་གསུམ ”དང་། “ཐོག་མཐའ་བར་གསུམ་ལྔ ”བྱེད་ཐུབ་པ་བྱུང་ཡོད། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱེད་སྒོའི་ནང་ང་ཚོས “ཏང་ཡོན་ལས་བྱེད་པ་རྣམས་ལ་སློབ་གསོ་ཐེབས་པ་བྱེད་རྒྱུ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ཆུ་ཚད་གོང་མཐོར་འགྲོ་བ་བྱེད་རྒྱུ། སྤྱི་ཚོགས་བརྟན་ལྷིང་ཐད་གྲུབ་འབྲས་ཐོན་པ་བྱེད་རྒྱུ། མི་དམངས་མང་ཚོགས་ལ་ཁེ་ཕན་ཐོབ་པ་བྱེད་རྒྱུ ”བཅས་ཀྱི་དམིགས་ཚད་བླང་བྱར་བྲལ་མེད་ཕྱོགས་ནས་གཙོ་གནད་སློབ་སྦྱོང་བྱེད་རྒྱུ་དམ་འཛིན་གྱིས་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་། བྱེད་སྒོའི་རྣམ་པ་གསར་གཏོད་བྱས་པ། ལག་ལེན་གྱི་ཁྱད་ཆོས་གཙིགས་ཆེར་འཛིན་པ། ཕན་འབྲས་ངོ་མ་དོན་གཉེར་བཅས་བྱས་ནས་ཏང་ཡོན་ལས་བྱེད་པ་ཡོངས་རྫོགས་འགོ་ནས་མཇུག་བར་ཞུགས་ཐུབ་པའི་འགན་ལེན་བྱས་པའི་ཐོག་ཏང་ཕྱིའི་ཨུ་ཡོན་དང་ལས་བྱེད་པ་རྒྱ་ཁྱབ་ཏུ་ཐེ་ཞུགས་བྱེད་བཅུག་ནས “ཟུང་འབྲེལ་དམ་ཟབ་ལྔ ”དང “སྔར་བས་སྲ་བརྟན་གཏོང་རྒྱུ་ལྔ ”དངོས་སུ་བྱེད་ཐུབ་པ་བྱུང་ཡོད། དེ་ཡང་ཧུའུ་ཅིན་ཐའོ་སོགས་ཀྲུང་དབྱང་གི་དབུ་ཁྲིད་བློ་མཐུན་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི་སོགས་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་བློ་མཐུན་བཅས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུའི་སྐོར་གྱི་མཛུབ་སྟོན་དང་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་གོ་དོན་རྟོགས་ཐུབ་པ་བྱེད་རྒྱུ་དེ་དང་ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་སློབ་སྦྱོང་གཏིང་ཟབ་བྱེད་རྒྱུ་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛད་ཇུས་བཀོད་སྒྲིག་དང་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་སྲོག་ཤིང་སྲུང་སྐྱོང་བྱེད་རྒྱུ་དང་། ལྟེ་བར་ཞབས་འདེགས་ཞུ་རྒྱུ། མི་དམངས་ཀྱི་བསམ་འདུན་མཚོན་རྒྱུ། མི་སེམས་གཅིག་སྒྲིལ་བྱེད་རྒྱུ་བཅས་ཀྱི་བསམ་བློའི་རྨང་གཞི་སྲ་བརྟན་གཏོང་རྒྱུ་དེ་དང་མར་ཁེ་སི་རིང་ལུགས་ཀྱི “ལྟ་བ་བཞི ”དང “སྨྲ་བ་གཉིས ”སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུའི་བསམ་བློའི་རྨང་གཞི་སྔར་ལས་ལྷག་པའི་སྲ་བརྟན་གཏོང་རྒྱུ་དེ་དང 《མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར 》དང་ལྗོངས་ཏང་ཨུད་ཀྱི 《ལག་བསྟར་བསམ་འཆར 》སློབ་སྦྱོང་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ། འགན་ནུས་སྒྲུབ་རྒྱུའི་བསམ་བློའི་རྨང་གཞི་སྔར་ལས་ལྷག་པའི་སྲ་བརྟན་གཏོང་རྒྱུ་དེ་དང་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ལྷན་འཛོམས་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ། རང་ལྗོངས་ཀྱི “ཞིང་གསུམ ”གྱི་གནད་དོན་ལ་ཞབས་འདེགས་ཞུ་རྒྱུའི་བསམ་བློའི་རྨང་གཞི་སྔར་ལས་ལྷག་པའི་སྲ་བརྟན་གཏོང་རྒྱུ་དེ་དང་མི་རྩ་བར་འཛིན་པ་དང་། བློ་སྟོབས་གཅིག་སྒྲིལ། དཀའ་ཉེན་ལ་མི་སྐྲག་པ། དཀའ་བ་སྤྱད་ནས་འཐབ་རྩོད་བྱེད་པ་བཅས་ཀྱི་ཡོམ་འགོག་གེགས་སེལ་དང་གངས་འགོག་གེགས་སེལ་གྱི་སྙིང་སྟོབས་སློབ་སྦྱོང་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་མཛའ་གྲོགས་དང་། ཐུན་མོང་ཐོག་དུས་ཀྱི་དཀའ་བ་ཁྱད་བསད་བྱེད་རྒྱུའི་བསམ་བློའི་རྨང་གཞི་སྔར་ལས་ལྷག་པའི་སྲ་བརྟན་གཏོང་རྒྱུ་བཅས་ཡིན། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ་སྤེལ་བ་བརྒྱུད་རང་འགུལ་གྱི་སྒོ་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་འགན་འཁྲི་སྒྲུབ་ནུས་ཇེ་ཆེར་གཏོང་རྒྱུའི་བསམ་བློ་མི་སེམས་ལ་སྔར་ལས་ལྷག་པ་ཟུག་པ་དང་། སེམས་ཐག་གཙང་བཅད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་བསམ་བློ་མི་སེམས་ལ་སྔར་ལས་ལྷག་པ་ཟུག་པ། མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་ཕྱོགས་ཡོངས་དང་མགོ་ལུས་མཚུངས་པོའི་སྒོ་ནས་རྒྱུན་བསྲིངས་ཏེ་གོང་འཕེལ་གཏོང་རྒྱུའི་བསམ་བློ་མི་སེམས་ལ་སྔར་ལས་ལྷག་པ་ཟུག་པ། རང་འགུལ་གྱི་སྒོ་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་སྤྱི་ཚོགས་གཞི་མཐུན་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུའི་བསམ་བློ་མི་སེམས་ལ་སྔར་ལས་ལྷག་པ་ཟུག་ཐུབ་པ་བཅས་བྱུང་ཡོད།

        ན་ནིང་ང་ཚོས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་སུམ་ཅུ་འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ནས་རང་ལྗོངས་སུ་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེ་བྱས་པར་བརྟེན་རིམ་ཁག་སྲིད་གྲོས་དང་། ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ། ཧུར་བརྩོན་ཆེན་པོས་ཐབས་འདོན་ཇུས་འདོན་བཅས་བྱེད་རྒྱུའི་ཆབ་སྲིད་ཀྱི་སྤྲོ་སེམས་སྔར་ལས་ལྷག་པ་འཕེལ་བ་དང་། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་འགྲོ་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་དུ་འགྲོ་རྒྱུའི་སེམས་ཤུགས་དང་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད།

        དེ་བཞིན་རྒྱུན་ལས་ཨུ་ཡོན་གྱི་ཚོགས་འདུ་དང་། ཀྲུའུ་ཞིའི་ཚོགས་འདུ། ཚོགས་ཞུགས་ཨུ་ཡོན་གྱི་ཚོགས་འདུ་སོཌ་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་གལ་ཆེའི་མཛད་ཕྱོགས་སྲིད་ཇུས་ཁག་དང་། ལྗོངས་ཏང་ཨུད་ཀྱིས་དུས་རིམ་སོ་སོར་སྐོང་ཚོགས་གནང་བའི་གལ་ཆེའི་ཚོགས་འདུའི་དགོངས་དོན་དང་ལས་ཀའི་བཀོད་སྒྲིག་རྣམས་དུས་ཐོག་ཏུ་སློབ་སྦྱོང་དང་ལག་བསྟར་བྱས་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དགོངས་དོན་དང་རེ་འདུན་གཞིར་བཟུང་བསམ་བློ་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་ཐོག་ལྟ་སྟངས་གཅིག་གྱུར་ཡོང་རྒྱུ་ཤུགས་ཆེར་བཏང་བ་དང་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས་བཅས་སྐྲུན་རྒྱུའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་ཤུགས་ཆེར་བཏང་ཡོད།

        (གཉིས )“འཁྲི་འགན་ཨང་དང་པོར ”དམིཌ་ནས་དམིགས ་བསལ་ནུས་པ་འདོན་སྤེལ་བྱས་པ།

        རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱིས་རང་རྒྱལ་འདི “ནུབ་ཕྱོགས་ཅན་དང ”“ཁ་ཐོར་ཅན ”དུ་གཏོང་རྒྱུའི་འཐབ་ཇུས་ཀྱི་འཚང་ཁར་འཛིན་པའི་ཆབ་སྲིད་ཀྱི་ལྐོག་གཡོ་འགྱུར་ལྡོག་གཏོང་མི་སྲིད་པ་ནི་ཁོ་པ་ཚོའི་ལོག་སྤྱོད་ཀྱི་ངོ་བོ་རང་གིས་ཐག་ཆོད་པ་ཞིག་ཡིན་པས། ཏཱ་ལ་རུ་ཚོགས་ཀྱིས་ཀྱང་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་འོག་མེས་རྒྱལ་ཁ་ཕྲལ་གཏོང་བ་དང “བོད་རང་བཙན ”བྱེད་རྒྱུའི་ལོག་སྤྱོད་ཀྱི་ངོ་བོ་འགྱུར་ལྡོག་གཏོང་མི་སྲིད་ཅིང་། ལྷག་པར་དུ་ཉེ་ལམ་ལོ་ཤས་ནང་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་འགྱུར་ལྡོག་བྱུང་བའི་སྐབས་དང་བསྟུན་ནས་ཁོ་པ་ཚོས་སྨྱོ་ཧམ་ཇེ་ཆེར་བཏང་བ་དང་ཤི་ཁའི་འཕག་འཚག་བརྒྱབ་སྟེ་སིམ་འཛུལ་གཏོར་བཤིག་གི་བྱེད་སྒོ་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཐོག་སྨྱོ་ཧམ་ཆེན་པོས་ང་ཚོར་སླར་ཡང་ཚུར་རྒོལ་གསར་པ་བྱེད་ཀྱི་ཡོད་པས་རང་ལྗོངས་སུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་རྣོ་ངར་དང་ཪྙོག་འཛིང་གི་དུས་སྐབས་གསར་པ་ཞིག་ཏུ་སླེ བས་ཡོད། འཐབ་རྩོད་ཀྱི་དུས་བབ་ཛ་དྲག་ཆེ་བའི་མདུན་དུ་རྒྱུན ་ལས་ཨུ་ཡོན་ལྷན་ཁང་གིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུའི་འཐབ་རྩོད་དེ་ཐོག་མཐའ་བར་གསུམ་དུ་སྲིད་གྲོས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བཞག་ནས “དར་ཆ་གསལ་སྟོན་དང་། མདུང་རྩེ་ཁ་སྤྲོད། རང་འགུལ་བཅོས་སྐྱོང་། རྨང་རྩ་གཉིས་བརྟན ”དང “རྩ་ལག་མཉམ་བཅོས། རྩ་བཅོས་གཙོ་བཟུང ”གི་མཛད་ཕྱོགས་རྒྱུན་འཁྱོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་ནུས་ཤུགས་ཡོད་ཐང་སྤྱད་ནས་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་ལས་དོན་སྤེལ་ཡོད།

        ན་ནིང་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་འབྱོར་འབྲིང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་པའི་འགག་རྩའི་དུས་སྐབས་སུ་ཏཱ་ལ་རུ་ཚོགས་ཀྱིས་རྒྱལ་སྤྱིའི་ཐོག་གི་དགྲ་ཡའི་ཕྱོགས་གཏོགས་ཀྱི་ངན་སྐུལ་དང་རྒྱབ་སྐྱོར་འོག་སྒྲིག་འཛུགས་ཡོད་པ་དང་། ངན་ཇུས་ཡོད་པ། སེམས་ནུས་ཡོད་རྒུ་བཏོན་ནས་ཇུས་འགོད་བཅས་བྱས་ཏེ་ལྷ་སའི་གསུམ་པའི་བཅུ་བཞིའི་རྡུང་གཅོག་འཕྲོག་བསྲེག་གི་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་བཟོས་ནས་འཚུབ་ཆ་ཆེ་བའི་དུས་སྐབས་སུ་ཪྙོག་ཟིང་སློང་བ་དང་། ཆེད་མངགས་གནས་ཚུལ་ཆེ་རུ་གཏོང་བ། དེས་མ་ཚད་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་སོགས་བཟོ་རྒྱུའི་རེ་ངན་བཅངས་ཏེ་དེ་ཐོག་ནས་ང་ཚོར་གནོན་ཤུགས་སྤྲོད་པ་དང་། པེ་ཅིན་ཨོ་རྩལ་འགྲན་ཚོགས་ལ་འགོག་རྐྱེན་བཟོ་བ། རང་ལྗོངས་ཀྱི་བརྟན་ལྷིང་གཞི་མཐུན་གྱི་སྤྱི་ཚོགས་དང་ཆབ་སྲིད་རྣམ་པ་གཏོར་བཤིག་གཏོང་བ་སོགས་བྱས་ཏེ་མེས་རྒྱལ་ཁ་ཕྲལ་གཏོང་རྒྱུའི་ཁོ་པ་ཚོའི་སྡིག་ཉེས་ཆེ་བའི་དམིགས་ཡུལ་འགྲུབ་རེ་བྱས། དོན་རྐྱེན་བྱུང་རྗེས་རྒྱུན་ལས་ཨུ་ལྷན་གྱིས་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལག་བསྟར་བྱས་པ་དང་སེམས་ཐག་གཙང་བཅད་ཀྱིས་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་དང་གཅིག་གྱུར་བླང་བྱ་དང་ལེན་གྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་རྒྱུའི་དར་ཆ་མཐོན་པོར་བསྒྲེངས་ནས་འཕྲལ་མར་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་གང་མགྱོག ས་བྱ་སྤྱོད་སྤེལ་དགོས་པའི་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་མི ག་གསལ་པོ་འབྱིད་པ་དང་། ལངས་ཕྱོགས་བརྟན་པོ་ལངས་ན ས་ ཁྱད་ཡོན་འདོན་སྤེལ་ཐོག་སེམས་ཐག་གཙང་བཅད་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་ཏཱ་ལ་རུ་ཚོགས་ལ་ཕར་རྒོལ་བྱས་པ་དང་བློ་བརྟ ན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱས་ཡོད། དེ་ཡང་གཅིག་ནི་འཕྲལ་མར 《སྲིད་གྲོས་ཨུ་ཡོན་ཡོངས་ལ་གཏོང་རྒྱུའི་ སྤྱི་བསྒྲགས་ཡི་གེ 》འགྲེམས་སྤེལ་བྱས་ནས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་སྟེ་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་ལྷ་སའི་གསུམ་པའི་བཅུ་བཞིའི་དོན་རྐྱེན་འབྱུང་གཞི་དང་། དེའི་ངོ་བོ། ཚབས་ཆེའི་མཇུག་འབྲས་སོགས་སྐབས་འཕྲལ་དུ་རྟོགས་ཐུབ་པ་བྱུང་ནས། དུས་བབ་སྟངས་འཛིན་གནད་ལ་འཕིགས་པ་བྱུང་བ་དང་འཐབ་རྩོད་ཀྱི་བླང་བྱ་གསལ་པོ་བཟོས་ཡོད། གཉིས་ནི་ལྗོངས་ཡོངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་སྐོང་ཚོགས་བྱས་རྗེས་དུས་ཐོག་ཏུ་རྒྱུན་ལས་ཨུ་ལྷན་གྱི་ཆེད་དོན་ཚོགས་འདུ་ཚོགས་ནས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་འབྲེལ 《 ལྗོངས་ཡོངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་ཐང་སྤྱད་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་གྲོས་ཆོད 》འགྲེམས་སྤེལ་གྱིས་བསམ་བློའི་ངོས་འཛིན་སྔར་ལས་ལྷག་པའི་གཅིག་གྱུར་བྱས་ཐོག་སྲིད་གྲོས་ཁྱབ་ཁོངས་ནང་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ལས་དོན་ཁག་བཀོད་སྒྲིག་བྱས་ཡོད། གསུམ་ནི་རྒྱ་ཆེའི་ཨུ་ཡོན་རྣམས་སྒྲིག་འཛུགས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུའི་འཐབ་རྩོད་ནང་ཧུར་ཐག་ཞུགས་པ་དང་། བརྟག་དཔྱད་ཞིབ་འཇུག་གི་ལས་ཀ་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་མང་ཚོགས་ཀྱི་བསམ་འདུན་ཤེས་རྟོགས་བྱས་ཏེ་སྤྱི་ཚོགས་ཀྱི་འགལ་ཟླ་སེལ་ཐུབ་པ་བྱུང་ཡོད། བཞི་ནི་མི་རིགས་དང་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་དང་གྲགས་ཅན་མི་སྣའི་མིང་བཀོད་རྩོམ་ཡིག་འགྲེམས་སྤེལ་བྱེད་རྒྱུའི་སྐུལ་སློང་དང་སྒྲིག་འཛུགས་བྱས་པ་དང་ཁོ་ཚོས་རྒྱལ་ཁབ་ཕྱི་ནང་གི་མཚམས་སྦྱོར་ཚན་པའི་བཅར་འདྲི་དང་ལེན་བྱས་ཏེ་དོན་དངོས་འབོར་ཆེན་དང་རང་གི་མྱོང་བྱ་དངོས་ཀྱི་ཐོག་ནས་ཏཱ་ལ་རུ་ཚོགས་ཀྱི་སྡིག་ཉེས་ཐེར་འདོན་བྱས་པ་མ་ཟད། ལྷག་པར་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་ཏང་ཕྱིའི་རྒྱལ་གཅེས་མི་སྣ་བདུན་ཅུ་ལྷག་ཙམ་གྱིས་དངོས་སུ་དོན་ནས་ཏཱ་ལ་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པར་བརྟེན་དོན་དངོས་ཁ་གསལ་བཟོ་རྒྱུ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་པ་བྱེད་རྒྱུ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་བཅས་ཀྱི་ཐད་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་ཡོད། ལྔ་ནི་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཚོས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་ལ་དམ་བསྒྲགས་བྱེད་རྒྱུའི་རྩ་འཛུགས་འགོ་ཁྲིད་ནང་ཐེ་ཞུགས་ཧུར་ཐག་བྱས་པ་དང་། དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་ནང་དུའང་ཐེ་ཞུགས་ཧུར་ཐག་བྱས་ཏེ་གཞི་རིམ་དུ་བསྐྱོད་པ་དང་དགོན་སྡེ་ཁག་ལ་བསྐྱོད་ནས་མང་ཚོགས་ཀྱི་ལས་དོན་སྤེལ་བ། དེ་བཞིན་མཐའ་སྲུང་དཔུང་སྡེའི་དཔོན་དམག་རྣམས་ལ་འཚམས་འདྲི་བྱེད་པར་བསྐྱོད་ནས་ཏཱ་ལ་རུ་ཚོགས་ཀྱིས “ཞི་བའི་གོམ་བགྲོད ”དང “འགག་སྒོ་འཛུལ་རྒྱུའི ”རེ་ངན་གཏོར་བརླག་གཏོང་རྒྱུ་དང་། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བ་བྱེད་རྒྱུ། དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་ཆོས་ལུགས་བྱེད་སྒོའི་སྒྲིག་ལ མ་ཕྱོགས་ཡོངས་ནས་སྔར་རྒྱུན་བཞིན་སླར་གསོ་བྱེད་རྒྱུ་བཅས་ལ་ ལེགས་སྐྱེས་བཟང་པོ་ཕུལ་ཡོད། དྲུག་ནི་རྒྱ་ཆེའི་ཨུ་ཡོན་དང་ལས ་ཁུངས་ཀྱི་ལས་བྱེད་ལས་བཟོ་ཚོས་ལྷ་སའི་གསུམ་པའི་བཅུ་བཞིའི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ནང་གནོད་འཚེ་ཕོག་པའི་མི་རིགས་ཁག་གི་མང་ཚོགས་ལ་ཧུར་བརྩོན་ཆེན་པོས་དངུལ་གྱི་ཞལ་འདེབས་རྒྱག་པ་དང་སྐོར་གཡེང་བྱེད་མཁན་དཔོན་དམག་རྣམས་ལ་འཚམས་འདྲི་བྱས་ནས་ཁ་ཕྲལ་རིང་ལུགས་པ་ལས་རྣམ་པར་རྒྱལ་བ་བྱེད་རྒྱུ་དང་གནས་སྐབས་ཀྱི་དཀའ་ཚེགས་ལས་གྲོལ་བ་བྱེད་རྒྱུའི་ཐད་མང་ཚོགས་ཀྱི་སེམས་ཤུགས་དང་ཆོད་སེམས་ཆེ་རུ་སོང་བ་དང་འབྲེལ ་དྲག་ཆས་ཉེན་རྟོག་དཔོན་དམག་རྣམས་ཀྱིས་བསྟུད་མར་འཐབ་ རྩོད་བྱེད་རྒྱུའི་སྙིང་སྟོབས་རྒྱས་ཐུབ་པ་བྱུང་ཡོད།

        དཀའ་ཚེགས་ཆེ་བའི་འཐབ་རྩོད་ནང་སྲིད་གྲོས་ཀྱི་རིམ་ཁག་རྩ་ འཛུགས་དང་། ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན། ལས་ཁུངས་ཀྱི་ ལས་བྱེད་ལས་བཟོ་ཡོངས་བཅས་ནས་ཚད་མཐོའི་གཅིག་གྱུར་གྱི་བསམ་བློ་དང་། ཧ་ཅང་གཅིག་གྱུར་གྱི་གོམ་སྟབས། བློ་ཐག་ཆོད་པོའི་བྱ་སྤྱོད། ཕན་འབྲས་ཆེ་བའི་ལས་དོན་བཅས་ཀྱི་ཐོག་ནས་ཁྲག་དང་མེ་ལྕེའི་ཚོད་བགམ་ནན་པོ་ཐེགས་ཐུབ་པ་བྱུང་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་རྒྱུར་དམིགས་བསལ་གྱི་ནུས་པ་བཏོན་ཡོད།

        (གསུམ )“ལས་འགན་ཨང་དང་པོར ”བྲལ་མེད་ཕྱོགས་ནས་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་པ།

        ཧྲུའུ་ཅི་ཀྲང་ཆིང་ལིས། “རིམ་ཁག་སྲིད་གྲོས་ཀྱིས་ཐབས་འདོན་ཇུས་འདོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ་དེ་འགན་ནུས་སྒྲུབ་རྒྱུའི་ལས་འགན་ཨང་དང་པོར་བརྩིས་ཏེ་བརྟག་དཔྱད་ཞིབ་འཇུག་དང་། བློ་འདྲི་རིག་དཔྱད། ཐབས་འདོན་ཇུས་འདོན་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་ལྟ་བ་ལེགས་པོ་དང་རིན་ཐང་ཡོད་པའི་བསམ་འཆར་དང་གྲོས་འཆར་སྔར་ལས་མང་བ་ཏང་ཨུད་དང་སྲིད་གཞུང་གི་ཇུས་འདིངས་ནང་སླེབས་ཐུབ་པ་བྱེད་དགོས ”ཞེས་གསུངས་པ་ལྟར། རྒྱུན་ལས་ཨུ་ལྷན་གྱིས་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག འབྱུང་ཁམས་དཔལ་ཡོན་ལྡན་པ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་གཏོང་རྒྱུའི་ལམ་དུ་འགྲོ་རྒྱུ་རྒྱུན་འཁྱོངས་དང་། “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་གཞིར་བཟུང་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བའི་མཛུབ་ཁྲིད་འོག་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁྱད་ལྡན་ཐོན་ལས་སྐྱོང་སྤེལ་བྱས་ནས་གོང་འཕེལ་གཏོང་རྒྱུ་མི་དམངས་ཀྱི་དོན་དུ་ཡིན་པ་དང་། གོང་འཕེལ་གཏོང་རྒྱུ་མི་དམངས་ལ་བརྟེན་པ། གོང་འཕེལ་གྱི་འབྲས་བུ་མི ་དམངས་ཡོངས་ཀྱིས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་པའི་རེ་བ་འགྲུབ་ཆེད་སྲིད་གྲོས་འདི་བཞིན་ཤེས་ལྡན་པ་དང་རིག་སྟོབས་ཐད་ཀྱི་ཁྱད་ཡོན་ཆེ་བའི་དགེ་སྟོབས་འདོན་སྤེལ་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་ཐོག་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་མ་གཏོང་ཆེད་ནུས་པ་བཟང་པོ་བཏོན་ཡོ

        1.ཆེད་དོན་བརྟག་ཞིབ་བྱས་འབྲས་ཕུན་སུམ་ཚོགས་པོ་བྱུང་བ། ཆེད་དོན་བརྟག་ཞིབ་བྱེད་རྒྱུ་ནི་མི་དམངས་ སྲིད་གྲོས་ཀྱིས་སྲིད་ཞུགས་སྲིད་གླེང་བྱེད་པའི་གལ་ཆེའི་བྱེད་ཐབས་ཤིག་ཡིན། ལོ་གཅིག་རིང་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་ལས་ཀའི་གཙོ་གནད་དང་ད་ལོའི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གྲངས་གནས་གཉིས་འཕར་ཐུབ་པའི་འགན་ལེན་བྱེད་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་13%ཡན་འཕར་ཐུབ་པའི་འགན་ལེན་བྱེད་རྒྱུ། ལོ་འཁོར་གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་མན་ལ་ཚོད་འ ཛིན་ཐུབ་པའི་འགན་ལེན་བྱེད་རྒྱུ་བཅས་ཀྱི་དམིགས་ཚད་བླང་བྱ་མངོན་གྱུར་ཡོང་རྒྱུ་དམ་པོར་བཟུང་ཐོག་ད་ལོའི་དམིགས་བསལ་གནས་ཚུལ་དང་ཟུང་འབྲེལ་གྱིས་དུས་ཐོག་ཏུ་ལས་ཀའི་བསམ་གཞི་ལེགས་སྒྲིག་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་ལས་དོན་ཁག་གི་འཆར་གཞི་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པ་བྱས་ཡོད། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཀྲུའུ་ཞིའི་ཚོགས་འདུའི་འགོ་ཁྲིད་འོག་འགན་བགོས་ཀྲུའུ་ཞི་གཞོན་པས་སྣེ་ཁྲིད་དེ་ཐེ་ཞུགས་བྱེད་མཁན་ཚན་པ་ཁག་གི་གཞོགས་འདེགས་འོག་ས་གནས (གྲོང་ཁྱེར )དང་རྫོང་སྲིད་གྲོས་དང་མཉམ་འབྲེལ་ཐོག་བརྟག་ཞིབ་ཚོགས་ཆུང་བཙུགས་ཏེ་ལྗོངས་ཐད་གཏོགས་འབྲེལ་ཡོད་ སྡེ་ཚན་དང་། ས་གནས་གྲོང་ཁྱེར་ཁག རྫོང་། གྲོང་གསེབ། སློབ་གྲྭ སྨན་ཁང་། ཁེ་ལས། དགོན་སྡེ་སོགས་སུ་བསྐྱོད་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ནང་གི་གཙོ་གནད་གནད་དོན་དང་མང་ཚོགས་ཀྱིས་དོ་ཁུར་ བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ཁག ་གཅིག་ལ་ཆེད་དོན་བརྟག་ཞིབ་གཏིང་ཟབ་བྱས་ཏེ་ཁག་སོ་སོར 《གཞི་རིམ་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྟག་ཞིབ་སྙན་ཞུ 》དང་། 《གཞི་རིམ་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྟག་ཞིབ་སྙན་ཞུ 》 《ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་བརྟག་ཞིབ་སྙན་ཞུ 》 《གསུམ་པའི་བཅུ་བཞིའི་དོན་རྐྱེན་ནང་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་ཁག་ལ་གྱོང་གུན་ཕོག་ཚུལ་དང་སློབ་ཁྲིད་སླར་གསོ་བྱས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ 》 《ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་འགྲུལ་དང་གནས་ཁང་ཁག་ལ་དོ་དམ་བྱས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ 》 《རང་ལྗོངས་ཀྱི “གཞི་རྩའི་ཆ་གཉིས ”ཀྱི་སློབ་གསོའི་ལས་དོན་སྤེལ་ཚུལ་སྐོར་གྱི་བརྟག་ཞིབ་ སྙན་ཞུ 》 《རང་ལྗོངས་ཀྱི་བོད་སྨན་སྨན་རྒྱུའི་ཐོན་ཁུང ས་སྲུང་སྐྱོབ་དང་ཐོན་སྒོ་འབྱེད་རྒྱུའི་སྐོར་གྱི་བརྟག་ཞིབ་སྙན་ཞུ 》 《 བོད་ལྗོངས་རླུང་འཕྲིན་བཪྙན་འཕྲིན་ལས་དོན་ལ་ཤུགས་སྣོན་སྔར་ ལས་ལྷག་པ་བརྒྱབ་སྟེ་ཕྱི་ཕྱོགས་ཀྱི་སིམ་འཛུལ་བཀག་འགོག་ནུས་ལྡན་བྱེད་རྒྱུའི་སྐོར་གྱི་བརྟག་ཞིབ་སྙན་ཞུ 》 《ནག་ཆུའི་རྫོང་ཁག་གཉིས་དང་ཆབ་མདོའི་རྫོང་ཁག་བརྒྱད་ཀྱི་ཆོས་ལུགས་ལས་དོན་སྤེལ་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ 》སོགས་རྟོག་ཞིབ་དང་བརྟག་ཞིབ་སྙན་ཞུ་མང་པོ་ཞིག་བཟོས་ ཤིང་། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་། རྨང་གཞིའི་སློབ་གསོར་ཤུགས་སྣོན། གཞི་རིམ་ཏང་འཛུགས་ལས་དོན་ལ་ཤུགས་སྣོན། གཞི་རིམ་རྨང་གཞིའི་ལས་དོན་ལ་ཤུགས་སྣོན། བོད་སྨན་སྨན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་ཐོན་སྒོ་འབྱེད་རྒྱུ། ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུ་དང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ནང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་སོགས་ཐད་ཀྱི་ལས་དོན་ལ་དམིགས་ནས་དབྱེ་ཞིབ་དང་རིགས་སྒྲུབ་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ་ལེགས་བཅོས་བྱེད་རྒྱུའི་བསམ་འཆར་དང་གྲོས་འཆར་ཁག་53བཏོན་ཡོད། དེའི་ཁྲོད་ཀྱི་གལ་ཆེའི་བསམ་འཆར་དང་གྲོས་འགོ་འགའ་ཞིག་ལ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། དབུ་ཁྲིད་གཙོ་གྲས་ཀྱིས་འབྲེལ་ཡོད་གནད་དོན་ལ་གལ་ཆེའི་བཀའ་མཆན་གནང་བ་དང་འབྲེལ་ཡོད་ཚན་པར་དོན་འཁྱོལ་བྱེད་རྒྱུའི་འགན་དཀྲིས་ཡོད། ཕྱོགས་མཚུངས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ་སྤེལ་རིང་སློབ་སྦྱོང་དང་བརྟག་ཞིབ་བྱེད་རྒྱུའི་དུས་མཚམས་ཀྱི་བླང་བྱ་གཞིར་བཟུང་ང་ཚོས་ལག་ལེན་དངོས་ཀྱི་ཁྱད་ཆོས་མངོན་ཆེར་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྲིད་གྲོས་ཀྱི་ཁྱད་ཆོས་མངོན་ཆེར་འཛིན་རྒྱུ་རྒྱུན་འཁྱོངས། ཕན་འབྲས་དངོས་ཐོན་རྒྱུར་དོ་སྣང་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱེད་རྒྱུའི་རྩ་དོན་བཟུང་ནས་ཞིང་ཆེན་དང་ས་གནས་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་བདུན་གྱིས་སྣེ་ཁྲིད་དང་ལས་བྱ་43ལས་གྲུབ་པའི་བརྟག་ཞིབ་ཚོགས་ཆུང་བཙུགས་ནས་ཁག་སོ་སོར་ནག་ཆུ་དང་། གཞིས་རྩེ། ཉིང་ཁྲི། ལྷ་ས་བཅས་དང་། དེ་བཞིན་ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་སྲིད་གྲོས་ཀྱི་འགོ་ཁྲིད་རྒན་གྲས་དང་། ཨུ་ཡོན་རྒན་གྲས། ཏང་ཕྱིའི་འཐུས་མི་བཅས་ཀྱི་ཁྲོད་དུ་བསྐྱོད་དེ་མཉམ་དུ་བཞུགས་མོལ་ཚོགས་པ་དང་། ལོགས་སུ་བཅར་འདྲི་བྱེད་པ། བསམ་འཆར་བསྡུ་ལེན་བྱེད་པ། ཐུན་མོང་ཐོག་འཚོལ་ཞིབ་བྱེད་པ་སོགས་ཀྱི་བྱེད་སྟངས་ཐོག་ནས་བརྟག་ཞིབ་གཏིང་ཟབ་བྱས་ཏེ་བརྟག་ཞིབ་སྙན་ཞུ་9བཟོས་པ་མ་ཟད། ཞིང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུ་དང་། ཕྱོགས་འགྲུལ་དང་གནས་ཁང་ཁག་དོ་དམ་བྱེད་རྒྱུ། དེ་བཞིན་སྲིད་གྲོས་ལས་ཁུངས་ཀྱི་ལམ་སྲོལ་ལག་བསྟར་བྱེད་སྟངས་སོགས་ཐད་ཀྱི་གནད་དོན་ལ་དམིགས་ཏེ་བསམ་འཆར་དང་གྲོས་འཆར་ཁག་27བཏོན་ཏེ་ལས་ཀའི་བསམ་གཞི་གསར་གཏོད་དང་ལས་དོན་ལེགས་བཅོས་སྔར་ལས་ལྷག་པ་བྱེད་རྒྱུར་ནུས་པ་བཟང་པོ་ཐོན་ཡོད།

        2. གྲོས་གཞིའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། ལོ་གཅིག་རིང་རྒྱུན་ལས་ཨུ་ལྷན་གྱིས “ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། སྤུས་ཚད་ལེགས་སུ་གཏོང་བ། ཕན་འབྲས་དངོས་དོན་གཉེར་བྱེད་པ ”བཅས་ཀྱི་གྲོས་གཞིའི་ལས་ཀའི་མཛད་ཕྱོགས་གཞིར་བཟུང་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་དོན་ཆེན་ལ་དམིགས་ཏེ་ཏང་སྲིད་སྡེ་ཚན་དང་གྲོས་མོལ་གྱིས་གྲོས་གཞིའི་དཔྱད་ཡིག་གི་ཁ་བྱང་འདོན་པ་དང་། སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་ཀྱིས་བརྟག་ཞིབ་གཏིང་ཟབ་བྱེད་པ། ས་གནས་དང་གྲོང་ཁྱེར་ཁག་གི་སྲིད་གྲོས་ལ་གྲོས་གཞིར་གྲོས་བསྡུར་དང་བཟོ་བཅོས་བྱེད་རྒྱུར་སྒྲིག་འཛུགས་ཁྲིད་སྟོན་བྱེད་པ། ཏང་སྲིད་ལས་ཁུངས་ཀྱིས་གྲོས་གཞི་གཉེར་སྒྲུབ་ཡག་པོ་བྱེད་རྒྱུར་གཞོགས་འདེགས་བྱེད་པ་བཅས་བྱས་ཏེ་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། སྤྱི་ཚོགས་གཞི་མཐུན་ཡོང་རྒྱུར་སྐུལ་འདེད་བཅས་གཏོང་བའི་ནང་གྲོས་གཞིའི་ནུས་པ་བཟང་པོ་འདོན་རྒྱུར་སྐུལ་སྤེལ་བཏང་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་དང་པོའི་རིང་དང་དེའི་རྗེས་སུ་གྲོས་གཞི་ཁག་ཁྱོན་བསྡོམས་373འབྱོར་ཞིང་། གྲོས་གཞི་ཁག་367གྲོས་ཁོངས་སུ་བཅུག་ནས་ཞིབ་བཤེར་བྱས་པ་དང་གྲོས་གཞི་ཁག་6ཨུ་ཡོན་གྱི་ཡིག་འབུལ་ཞུ་བཅར་ལ་བརྩིས་ཡོད། 2008ལོའི་ཟླ་10ཚེས་20ཉིན་བར་གྲོས་གཞི་ཚང་མར་ལན་འདེབས་བྱས་ཟིན་པ་དང་ལན་འདེབས་བྱེད་ཚད་100%ཟིན་ཡོད། གྲོས་གཞིའི་ནང་དོན་རྣམས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ། དེ་བཞིན་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གླེང་ཆ་དང་དཀའ་གནད་ཆེ་བའི་གནད་དོན་བཅས་དང་འབྲེལ་བ་ཡོད། གྲོས་གཞིའི་ནང་བཏོན་པའི་བསམ་འཆར་དང་གྲོས་འཆར་མང་ཆེ་བ་གཉེར་སྒྲུབ་ཚན་པས་དང་ལེན་བྱས་པར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཅུང་བཟང་པོ་ཐོན་ཐུབ་པ་བྱུང་ཡོད།

        3.སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་མཚོན་པར་བྱེད་པའི་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ། སྲིད་གྲོས་ཨུ་ཡོན་ཚོས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཞུ་བའི་ཧུར་སེམས་མངོན་གསལ་དོད་པོས་ཆེ་རུ་སོང་ནས་སྲིད་གྲོས་ཀྱི་ཆ་འཕྲིན་གྱི་སྤུས་འབོར་གཉིས་ཀ་ཡག་ཏུ་སོང་ཡོད། ལྷག་པར་དུ་ལྷ་སའི་གསུམ་པའི་བཅུ་བཞིའི་དོན་རྐྱེན་ཐོན་རྗེས་ང་ཚོས་ཆ་འཕྲིན་འཚོལ་བསྡུ་དང་སྙན་སེང་ཞུ་རྒྱུའི་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་སྟེ་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན་བཅས་ལ་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་དང་འདྲིས་ཟབ་ཏུ་བཏང་སྟེ་གནས་ཚུལ་སྣ་ཚོགས་ཤེས་རྟོགས་ཐུབ་པ་བྱས་ཏེ་ཏཱ་ལ་ཁ་ཕྲལ་རིང་ལུགས་རུ་ཚོགས་ཀྱི་འགུལ་སྐྱོད་བྱེད་ཚུལ་གྱི་གླེང་ཕྱོགས་ཆ་འཕྲིན་སྙན་སེང་ཧུར་ཐག་ཞུས་ཏེ་ཏང་ཨུད་དང་སྲིད་གཞུང་ལ་ཇུས་ཐག་གཅོད་རྒྱུར་གཞི་འཛིན་སའི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱེད་དགོས་པའི་རེ་བ་བཏོན་ཡོད། སྲིད་གྲོས་སྐབས ་དགུ་པའི་ཚོགས་འདུ་ཐེངས་དང་པོ་ཚོགས་ཚུན་སྲིད་གྲོས་ཀྱིས་ཆ་འཕྲིན་འདོན་ཐེངས་118བཏོན་ནས་ཏང་ཨུད་དང་སྲིད་གཞུང་གིས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་དང་སྤྱི་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་རྒྱུར་ང་ཚོས་ནུས་པ་ཅུང་ཡག་ཙམ་འདོན་སྤེལ་བྱས་ཡོད།

        4. རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་རྩོམ་སྒྲིག་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ། 《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་ཡིག་ཆ་བདམས་བསྒྲིགས 》བོད་ཡིག་དུས་དེབ་ཨང་27པ་དང་རྒྱ་ཡིག་དུས་དེབ་ཨང་23པ་དང་24པ་པར་སྐྲུན་འགྲེམས་སྤེལ་བྱས་པ་དང་། རྒྱ་ཡིག་དེབ་1ནས་22བར་ཕྱོགས་བསྒྲིགས་བྱས་པའི་སྤུས་ལྡན་དཔེ་དེབ་རྣམ་པ་གསར་རྐྱང་གི་ཐོག་ནས་པར་སྐྲུན་འགྲེམས་སྤེལ་བྱས་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་རེ་བ་སྐོང་ཐུབ་པ་བྱུང་བ་དང་ཚང་མའི་གདེང་འཇོག་ཡག་པོ་ཐོབ་ཡོད། རིག་གནས་ལོ་རྒྱུས་དཔྱད་ཡིག་གིས་ལོ་རྒྱུས་ཉར་ཚགས་དང་། ཆབ་སྲིད་ལ་ཞབས་འདེགས། མཐུན་སྒྲིལ། མི་སྣ་གསོ་སྐྱོང་བཅས་བྱེད་རྒྱུའི་སྤྱི་ཚོགས་ཀྱི་བྱེད་ནུས་འདོན་སྤེལ་ཡག་ཙམ་བྱུང་ཡོད།

        (བཞི ) མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྤྱི་ཚོགས་གཞི་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་བ།

        མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་གཞི་མཐུན་བོད་ལྗོངས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་སྲིད་གྲོས་ཀྱི་འགན་ནུས་ སྒྲུབ་རྒྱུའི་གལ་ཆེའི་ལས་འགན་ཞིག་ཡིན། རྒྱུན་ལས་ཨུ་ཡོན་ལྷན་ཁང ་གིས་ཐོག་མཐའ་བར་གསུམ་དུ “ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ ”གཏོང་རྒྱུའི་མི་རིགས་ལས་དོན་གྱི་བརྗོད་དོན་གཙོ་བོ་རྒྱུན་འཁྱོངས་ཐོག “གཅིག་སེམས་གཅིག་གཏད་དང་། ཁྲེལ་གྲགས་མཉམ་འཁུར། ཡུན་རིང་མཉམ་གནས། ཕན་ཚུན་ལྟ་སྐུལ ”བཅས་བྱེད་རྒྱུའི་མཛད་ཕྱོགས་ལག་བསྟར་ནན་ཏན་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཞི་མཐུན་ཡོང་བའི་འབད་བརྩོན་བྱས་ཡོད། དེའང་གཅིག་ནི་མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་རིགས་ཀྱི་འབྲེལ་བ་དང་། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། ཏང་ཕྱི་ནང་གི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་ཐག་གཅོད་ཡང་དག་པ་བྱས་ཏེ་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྔར་བས་སྲ་བརྟན་དང་སྟོབས་ཆེར་བཏང་ནས་མི་རིགས་ཁག་དང་། ཆོས་ལུགས་ཁག རིམ་གྲས་ཁག ཚོགས་པ་ཁག་བཅས་ཀྱི་དབར་གཞི་མཐུན་འཆམ་འགྲིག་གི་འབྲེལ་བ་འཛུགས་ཐུབ་པའི་འབད་བརྩོན་བྱས་ཡོད། གཉིས་ནི་ལྷ་སའི ‘གསུམ་པའི་བཅུ་བཞིའི ’ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་དེ་དོན་དངོས་ཀྱི་སློབ་གཞིར་བརྩིས་ནས་ཏཱ་ལ་རུ་ཚོགས་ཀྱིས་བོད་ཕུངས་ཆོས་དཀྲུག་བྱེད་པའི་ནམ་མཁར་མི་གཤོངས་བའི་སྡིག་ཉེས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ་དང་། རྒྱུན་བསྲིངས་ལྷོད་མེད་ཀྱི་སྒོ་ནས “ཁ་བྲལ་ཐབས་མེད་པ་གསུམ ”དང “ཕྱོགས་བཞི་མཚམས་བརྒྱད ”དང་བོད་ལྗོངས་འདི་གནའ་སྔ་མོ་ནས་ཀྲུང་གོའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་བཅས་ཀྱི་སློབ་གསོ་སྤེལ་ཏེ “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ ”ཡིན་པ འི་ངོས་འཛིན་ཤུགས་ཆེར་འགྲོ་བ་བྱས་ཡོད། གསུམ་ནི་ཏང་ཕྱིའི་རྒྱལ་གཅེས་མི་སྣ་དང་འབྲེལ་གཏུགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་། དད་མོས་ཐད་ཕན་ཚུན་བརྩི་འཇོག ལས་དོན་ཐད་སེམས་རྩ་འཁོལ་པོས་རྒྱབ་སྐྱོར། འཚོ་བའི་ཐད་སེམས་ཁུར་ལྟ་རྟོག་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མཐུན་སྒྲིལ་སྲུང་སྐྱོང་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཁོང་ཚོའི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། བཞི་ནི་མི་དམངས་ཀྱི་འདོད་བློར་ཚད་མཐོའི་མཐོང་ཆེན་དང་། མི་དམངས་ཀྱི་བློ་རིག་རྒྱ་ཁྱབ་ཏུ་བསྡུ་རུབ། མི་དམངས་ཀྱི་བསམ་འདུན་ཞུ་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ཏེ་ཡོངས་ཁྱབ་རང་བཞིན་དང་། རྐྱེན་རྩའི་རང་བཞིན། ཕྱོགས་ལྷུང་རང་བཞིན་བཅས་ཡོད་པའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་ཇི་མ་ཇི་བཞིན་སྙན་སེང་ཞུས་ནས་ཏང་ཨུད་དང་སྲིད་གཞུང་ལ་དམངས་གཙོའི་ཇུས་ཐག་གཅོད་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ལྔ་ནི་སྲིད་གྲོས་ཨུ་ཡོན་ལ་རྒྱབ་སྐྱོར་དང་སྐུལ་ལྕག་ཧུར་ཐག་བྱས་ཏེ་ལས་རིགས་ཁག་གི་མང་ཚོགས་དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་འགུལ་ཐོག་དོགས་གནས་གསེད་དཀྲོལ་དང་། སེམས་ཪྙོག་སེལ་བ། མི་སེམས་གཅིག་སྒྲིལ། མཐུན་སྒྲིལ་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀ་ཡག་པོ་བསྒྲུབས་ཏེ་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ཡོད།

        (ལྔ ) རང་ངོས་ལེགས་སྐྱོང་བྱེད་རྒྱུར་དོ་སྣང་བྱས་ཏེ་འཇོན་ཐང་དང་བྱང་ཚད་མཐོ་རུ་བཏང་བ།

        གཅིག་ནི་སྐབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་སྦྱོང་བརྡར་འཛིན་གྲྭ་གཉེར་བ། རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་དང་མི་དམངས་སྲིད་གྲོས་ཀྱི་གནས་བབ་དང་། ངོ་བོ། འགན་ནུས། ལས་འགན། དེ་བཞིན་སྲིད་གྲོས་ཨུ་ཡོན་གྱི་ཁེ་དབང་དང་། འོས་འགན། འགན་འཁྲི་བཅས་ལ་དམིགས་ནས་སྐབས་གསར་པའི་ཨུ་ཡོན་58ལ་སྦྱོང་བརྡར་སྤྲས་ཏེ་ཁོང་ཚོ་གང་མགྱོགས་ལས་ཀར་རྒྱུས་མངའ་ལོན་པ་དང་ལས་སྒོ་འཕེར་རྒྱུར་རྨང་གཞི་བཟང་པོ་གཏིང་ཡོད། གཉིས་ནི་ལམ་ལུགས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས “ཅན་གསུམ ”གྱི་ཆུ་ཚད་མཐོ་རུ་བཏང་བ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོའི་བླང་བྱ་གཞིར་བཟུང་ལམ་སྲོལ་འཐུས་ཚང་བཟོ་རྒྱུ་ནས་འགོ་བཙུགས་ཏེ 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བརྟག་ཞིབ་ལས་ཀའི་བྱ་ཐབས 》དང 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་འབྲེལ་བ་བྱེད་པའི་བྱ་ཐབས 》སོགས་ལས་ཀའི་སྒྲིག་སྲོལ་ཁག་4བཟོས་པ་དང་། ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ཡིག་འབུལ་ཞུ་བཅར་ལས་ཀ་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་6ཚགས་ཚུད་དུ་བཏང་ཡོད་པས་སྲིད་གྲོས་ལས་དོན་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་དུ་འགྱུར་རྒྱུའི་ཆུ་ཚད་སྔར་བས་མཐོ་རུ་སོང་ཡོད། གསུམ་ནི་རྒྱལ་ཡོངས་སྲིད་གྲོས་དང་ལས་ཀའི་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་འགུལ་ཐོག་རྒྱལ་ཡོངས་སྲིད་གྲོས་སུ་བསྐྱོད་ནས་ལས་དོན་སྙན་ཞུ་དང་འབྲེལ་མཐུད་བྱས་ཏེ་མཛུབ་ཁྲིད་དང་ལེན་བྱས་ཡོད། ས་གནས (གྲོང་ཁྱེར )དང་རྫོང་སྲིད་གྲོས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཡོད། ས་གནས (གྲོང་ཁྱེར ) དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གདན་ཞུས་ཀྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་ཚང་འཛོམས་ཀྱི་ཚོགས་འདུ་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ། དེ་བཞིན་གལ་ཆེའི་འབྲེལ་ཡོད་ཚོགས་འདུ་བཅས་ལ་ཟུར་ཞུགས་བྱས་ནས་ཁོང་ཚོས་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དུས་བབ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལས་ཀའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་ཡོད། ཕྱོགས་མཚུངས་ས་གནས (གྲོང་ཁྱེར )དང་རྫོང་སྲིད་གྲོས་དང་མཉམ་འབྲེལ་ཐོག་སྐོར་ཞིབ་དང་བརྟག་ཞིབ་བྱས་ཏེ་སྲིད་ཞུགས་སྲིད་གླེང་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ཡོད། བཞི་ནི་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་ལས་བྱེད་པར་སྦྱོང་བརྡར་སྤྲོས་རྒྱུ་དང་ལས་བྱེད་པ་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ཡོད། ལྔ་ནི 《བོད་ལྗོངས་སྲིད་གྲོས 》དུས་དེབ་ཡག་པོ་གཉེར་ནས་རིག་གཞུང་མཛུབ་ཁྲིད་དང་། ཉམས་མྱོང་ངོ་སྤྲོད། ཨུ་ཡོན་དྲིལ་བསྒྲགས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད། དྲུག་ནི་ཏང་ཨུད་དང་། སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་བཅས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་འོག་ལས་ཁུངས་ཀྱི་ལས་ཀ་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་བཅོས་ཐུབ་པ་བྱུང་ཡོད།

        ཨུ་ཡོན་རྣམ་པ། འདས་ཟིན་པའི་ལོ་གཅིག་རིང་ང་ཚོའི་ལས་དོན་ཁག་བདེ་བླག་ངང་སྤེལ་ཐུབ་པ་བྱུང་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་གོང་འཕེལ་འགྲོ་ཚུལ་ཡག་པོ་བྱུང་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་ལྗོངས་ཏང་ཨུད་ཀྱི་ཞུམ་པ་མེད་པའི་འགོ་ཁྲིད་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་གནང་བའི་འབྲས་བུ་ཡིན་པ་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་ཨུ་ཡོན་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ལ་ལས་ཁུངས་ཀྱི་ལས་བྱ་ཡོངས་ཀྱིས་སེམས་ནུས་གཅིག་ཏུ་བསྒྲིལ་ནས་བྱུང་བ་ཞིག་ཀྱང་ཡིན། དེ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ནུས་ལྡན་མཛུབ་ཁྲིད་འོག་དང་ས་གནས (གྲོང་ཁྱེར )དང་རྫོང་སྲིད་གྲོས་ཀྱིས་གཞོགས་འདེགས་ཧུར་ཐག་གནང་བ་དང་ཁ་བྲལ་ཐབས་མེད་ལ་ལྗོངས་ཡོངས་ཀྱི་སྡེ་ཚན་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་རོགས་རམ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པས་ངས་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་དཀའ་ངལ་ཁྱད་བསད་ཀྱིས་ལས་ཀ་བྱེད་མཁན་དང་སྲིད་གྲོས་ལས་ཀར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པར་བླ་ན་མེད་པའི་གུས་བཏུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཕྱི་མིག་བལྟ་སྐབས་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པར། སྲིད་གྲོས་ལས་དོན་དེ་དུས་བབ་གསར་པ་དང་། ལས་འགན་གསར་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་ཀྱི་བླང་བྱ་དང་བསྡུར་ན་ད་དུང་ཧེ་བག་དང་མི་འདེང་བའི་ཆ་འགའ་ཞིག་ཡོད་པས་ད་དུང་ཕྱོགས་མང་པོའི་ཐད་ཀྱི་ལས་དོན་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་དགོས་ཀྱི་ཡོད་པ་དཔེར་ན། གཅིག་ནི་སྤྱི་ཡོངས་ཀྱི་ལས་དོན་ནང་ཇི་ལྟར་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་དེ་སྲིད་གྲོས་ལས་དོན་གྱི་ཕྱོགས་གང་ཐད་དང་ལས་ཀའི་ལྷུ་ཚིགས་ཁག་ནང་ལག་བསྟར་ཐུབ་པ་བྱེད་རྒྱུ་དང་། གཉིས་ནི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་དང་རྒྱུན་ལས་ཨུ་ལྷན་ཚོགས་འདུ་གྲོལ་བའི་རིང་ཇི་ལྟར་བྱས་ཏེ་ཨུ་ཡོན་གྱི་གཙོ་རྐང་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་རྒྱུ། གསུམ་ནི་བརྟག་ཞིབ་ལས་ཀའི་ནང་ཇི་ལྟར་བྱས་ཏེ་འབྲེལ་ཡོད་ཚན་པ་དང་གཞོགས་འདེགས་དམ་ཟབ་ཀྱིས་ཐོན་ཁུངས་སྒྲིལ་སྤྱོད་བྱས་ནས་ཏང་ཨུད་དང་སྲིད་གཞུང་གིས་སེམས་ཁུར་བྱེད་པའི་གལ་ཆེའི་དཔྱོད་དོན་གནད་ལ་འཁེལ་པོ་བདམས་ཏེ་གྲོས་ཇུས་གཉིས་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། བཞི་ནི་དམངས་གཙོའི་ལྟ་སྐུལ་གྱི་འགན་ནུས་སྒྲུབ་པའི་ནང་ཇི་ལྟར་བྱས་ཏེ་ཆོས་ཉིད་འཚོལ་ཞིབ་དང་ཤེས་རྟོགས་བྱེད་རྒྱུ་དང་། ལྟ་སྐུལ ་བྱེད་སྟངས་ཚགས་ཚུད་དུ་གཏོང་རྒྱུ། ལྟ་སྐུལ་གྱི་ཕན་འབྲས་དངོས་ཐོན་པ་བྱེད་རྒྱུ། ལྔ་ནི་འགན་ནུས་སྒྲུབ་པའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པའི་རྨང་གཞིའི་ཐོག་ཇི་ལྟར་བྱས་ཏེ་ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་རྒྱུ་དང་། སྲིད་གྲོས་ཀྱི་རིམ་གྲས་ཁག་གི་དགེ་མཚན་དང་དམིགས་བསལ་ནུས་པ་མངོན་གསལ་དོད་པོ་ཐོན་པ་བྱེད་རྒྱུ། དྲུག་ནི་རང་ངོས་ལེགས་སྐྱོང་བྱེད་པའི་བརྒྱུད་རིམ་ནང་ཇི་ལྟར་བྱས་ཏེ་ས་གནས (གྲོང་ཁྱེར )དང་རྫོང་སྲིད་གྲོས་ཀྱི་ལས་ཀར་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུ་སོགས་ཡིན་པས་དེ་དག་ཐད་ང་ཚོས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ལེགས་བཅོས་བྱེད་དགོས་ཀྱི་ཡོད། རྒྱ་ཆེ འི་ཨུ་ཡོན་རྣམ་པས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀར་བསམ་འཆར་འདོན་པ་དང་སྐྱོན་བརྗོད་གནང་ནས་སྲིད་གྲོས་ཀྱི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་ཐུབ་པ་ཡོང་རྒྱུར་ང་ཚོས་ལྷག་བསམ་ཟོལ་མེད་ཀྱི་རེ་བ་ཞུ་རྒྱུ་ཡིན།

        གཉིས། 2009ལོའི་ལས་དོན་གཙོ་བོ།

        2009ལོ་ནི་ང་ཚོས་ཀྲུང་གུང་ཀྲུང་དབྱང་གི་ནང་མཁོ་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱིས་དཔལ་འབྱོར་བརྟན་པོ་དང་རྒྱུན་མཐུད། མགྱོགས་མྱུར་བཅས་ཀྱི་སྒོ་ནས་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཀྲུང་གུང་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས “ལྔ་ཚན་བཅུ་གཅིག་གི ”འཆར་གཞི་ལག་བསྟར་བྱ་རྒྱུ་མགྱོགས་སུ་གཏོང་རྒྱུའི་འགག་རྩའི་ལོ་ཞིག་ཡིན་པས་ཁྱོན་ཡོངས་ལ་སྲུང་སྐྱོབ་དང་ལྟེ་བར་ཞབས་འདེགས་ཞུ་བའི་ལས་འགན་ཧ་ཅང་ལྕི་པོ་ཡོད། དེར་བརྟེན་སྲིད་གྲོས་རིམ་ཁག་རྩ་འཛུགས་དང་། ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན་རྣམ་པ་བཅས་ཀྱིས་ངེས་པར་དུ་ལྗོངས་ཏང་ཨུད་ཀྱི་ཞུམ་པ་མེད་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་གུང་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་དང་མཛད་ཕྱོགས་སྲིད་ཇུས་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་གཙིགས་ཆེར་བཟུང་ཞིང་། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་པོ་བསྒྲུབས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལེགས་ཤིང་མྱུར་བའི་ངང་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་ཕྱིར་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས།

        (གཅིག )ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་སྒོ་འགོ་ནས་ མཇུག་བར་དམ་འཛིན་གང་ལེགས་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་བསམ་བློའི་ངོས་འཛིན་གོང་མཐོར་གཏོང་གང་ཐུབ་བྱེད་དགོས།

        ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ་དེ་དུས་རིམ་གསུམ་པ་སླེབས་ཤིང་། དུས་རིམ་དེ་ནི་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོར་ཕན་འབྲས་དངོས་ཐོབ་མིན་གྱི་འགག་རྩའི་ལྷུ་ཚིགས་ཤིག་ཡིན། སྲིད་གྲོས་ཀྱི་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོ་དེ་དུས་རིམ་སྔོན་མ་གཉིས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་རྨང་གཞིའི་ཐོག་འགོ་ཁྲིད་ལ་ཤུགས་སྣོན་དང་། སྒྲིག་འཛུགས་ཚགས་ཚུད། དོན་འཁྱོལ་ཤུགས་ཆེ། དངོས་ཕན་དོན་གཉེར་བཅས་བྱེད་དགོས། གཞན་ཡང་མུ་མཐུད་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་དང་། ངོས་འཛིན་གཏིང་ཟབ་ཏུ་གཏོང་རྒྱུ། བསམ་བློ་གཏོང་ཕྱོགས་ལ་སྒྱུར་བ་གཏོང་རྒྱུ་བཅས་ལ་ཤུགས་སྣོན་གང་ཆེ་རྒྱག་དགོས། ལྷག་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བའི་ཚན་རིག་གི་ནང་དོན་དང་། དགོངས་དོན་གྱི་ངོ་བོ། རྩ་བའི་བླང་བྱ་བཅས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ་དང་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་ཐོག་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་། བསམ་བློ་དང་ཐབས་ཤེས་ཁོང་དུ་ཆུད་པ་བྱེད་པའི་ནུས་པ་ཆེ་རུ་གང་ཐུབ་བཏང་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་གཏོང་རྒྱུའི་འགྱུར་བ་མེད་པའི་བློ་སྟོབས་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་ཐབས་བྱེད་པའི་ཡང་དག་བསམ་གཞི། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་འགོ་ཁྲིད་པའི་འཇོན་ཐང་དངོས། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་བྱ་ཐབས། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ཆུ་ཚད་གོང་མཐོར་གཏོང་བའི་རང་རྟོགས་ཀྱི་བྱ་སྤྱོད་བཅས་སུ་སྒྱུར་ཐབས་བྱེད་དགོས། མུ་མཐུད་ལག་ལེན་གྱི་ཁྱད་ཡོན་གཙིགས་ཆེར་འཛིན་རྒྱུ་དང་། འགག་གནད་འཚོལ་ཐུབ་རྒྱུ། གནད་དོན་དངོས་ཐག་གཅོད་བྱེད་རྒྱུ་བཅས་ཀྱི་ཐོག་ཤུགས་གང་ཆེ་རྒྱག་དགོས། “ལག་བསྟར་གཅིག་དང་། རྒྱུན་འཁྱོངས་གསུམ། སྐུལ་སྤེལ་གཉིས་བཅས ”ཀྱི་སྤྱིའི་བླང་བྱ་ལྟར་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་དབྱེ་ཞིབ་དང་ཞིབ་བཤེར་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་ལས་དོན་སྒྲུབ་རྒྱུའི་བསམ་གཞི་སྔར་བས་ཁ་གསལ་བཟོ་བ་དང་དམིགས་ས་ཡོད་པའི་སྒོ་ནས་བསྒྱུར་བཅོས་ཀྱི་ཇུས་གཞི་བཟོ་འགོད་ཀྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་མི་དམངས་སྲིད་གྲོས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཕན་པའི་ལམ་སྲོལ་ཞིག་ཧུར་ཐག་སྐྲུན་དགོས། མུ་མཐུད་བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་དང་། ལམ་བཤངས་གསར་གཏོད་བྱེད་རྒྱུ། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་བཅས་ཀྱི་ཐོག་ཤུགས་གང་ཆེ་རྒྱག་དགོས། སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ལས་ཁུངས་ནང་གི་གུང་ཁྲན་ཏང་ཡོན་དང་། ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་བསམ་བློར་བཅིངས་འགྲོལ་གང་ཆེ་གཏོང་བ་དང་། དངོས་ཐོག་བདེན་འཚོལ། བསྒྱུར་བཅོས་གསར་གཏོད་བཅས་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་བླང་བྱ་དང་མི་འཚམ་མི་མཐུན་པའི་བསམ་བློའི་འདུ་ཤེས་ལ་ཁ་ཙམ་མིན་པའི་འགྱུར་ལྡོག་བཏང་ཐོག་འགན་ནུས་སྒྲུབ་པའི་ནང་ལྷག་པའི་གནད་དོན་མངོན་གསལ་དོད་རིགས་དང་། དེ་བཞིན་ཏང་ཡོན་ལས་བྱེད་པའི་ཁྲོད་ཀྱི་ཏང་གཤིས་ཏང་སྲོལ་ཏང་ཁྲིམས་བཅས་ཀྱི་ཐད་མང་ཚོགས་ཀྱི་བསམ་འཆར་ཆེ་ཤོས་ཀྱི་གནད་དོན་རིགས་གཙོ་གནད་དུ་བཞག་སྟེ་ཐག་གཅོད་བྱས་ནས་སློབ་སྦྱོང་བྱེད་མཁས་པ་དང་ལམ་བཤངས་གསར་གཏོད་བྱེད་པའི་ནུས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ། ཚན་རིག་དང་མཐུན་པའི་འགན་འཁྲི་སྒྲུབ་རྒྱུ་དང་ཞབས་ཞུ་གོང་འཕེལ་གཏོང་བའི་ནུས་པ། འགལ་ཟླ་ཐག་གཅོད་དང་གཞི་མཐུན་ཡོང་བ་བྱེད་པའི་ནུས་པ། མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཆེ་རུ་གཏོང་བའི་ནུས་པ་བཅས་ཆེ་རུ་ཧུར་ཐག་བཏང་ནས་སྲིད་གྲོས་ཀྱི་བྱ་གཞག་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

        (གཉིས )དུས་བབ་གསལ་རྟོགས་དང་རང་འགུལ་བཅོས་སྐྱོང་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ཐད་གྲུབ་འབྲས་གསར་པ་ཐོབ་གང་ཐུབ་བྱེད་དགོས།

        འདི་ལོ་ནི་རང་ལྗོངས་སུ་གོང་འཕེལ་གྱི་ལས་འགན་ཤིན་ཏུ་ལྕི་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དུས་བབ་ཤིན་ཏུ་ཛ་དྲག་པོ་ཡོད། ཏཱ་ལས་མེས་རྒྱལ་ལ་རྒྱབ་གཏོད་ཀྱིས་བྲོས་བྱོལ་དུ་ཕྱིན་ནས་ལོ་50སོང་བའི་རིང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་གཏན་ནས་མཚམས་འཇོག་བྱས་མེད་པ་དང་། ཏཱ་ལ་རུ་ཚོགས་ཀྱིས་ངན་སེམས་མཁྲེགས་འཛིན་དང་སྨྱོ་ཧམ་ཆེན་པོས་འདི་ལོའི་འཚུབ་ཆ་ཆེ་བའི་དུས་སྐབས་ལ་བརྟེན་ནས་མུ་མཐུད་དོན་རྐྱེན་བཟོ་གི་ཡིན་ཟེར་འུད་སྒྲོག་བྱས་ཏེ་རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་དུས་བབ་བཟང་པོར་གཏོར་བཤིག་གཏོང་རྩིས་བྱེད་ཀྱི་ཡོད་པ་རེད། དེས་ན་འདི་ལོ་རང་ལྗོངས་འདི་སྔར་བཞིན་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཚུབ་ཆ་ཆེ་ཤོས་ཀྱི་དུས་སུ་གནས་ཡོད་པས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ནི་སྔར་བཞིན་ཛ་དྲག་དང་ཪྙོག་འཛིང་ཆེ་བས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ལས་འགན་ནི་སྔར་བཞིན་དཀའ་ཚེགས་ཆེ་ལ་ཧ་ཅང་ལྕི་པོའང་ཡོད།

        ང་ཚོས་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་མུ་མཐུད “སྲུང་སྐྱོང་གསུམ ”གྱི་དར་ཆ་མཐོན་པོར་བསྒྲེངས་ནས་བསམ་བློའི་ངོས་འཛིན་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་ལྗོངས་ཏང་ཨུད་ཀྱིས་ཚན་རིག་དང་མཐུན་པའི་ཚོད་དཔག་གནང་བའི་ཐོག་ཁ་ཙམ་མིན་པའི་སྒོ་ནས་གཅིག་གྱུར་ཐུབ་པ་བྱས་ཐོག་སྔར་ལས་ལྷག་པའི་ཧུར་བརྩོན་དང་རང་འགུལ་གྱི་སྒོ་ནས་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་ཡག་པོ་སྒྲུབ་ཐུབ་པ་བྱས་ནས་ཁ་ཕྲལ་གཏོང་རྒྱུར་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུའི་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་འདིའི་ཐད་ཐོག་མཐའ་བར་གསུམ་དུ་ངོས་འཛིན་གསལ་ལ་མ་གསལ་མིན་པ་དང་། རྣམ་འགྱུར་ཟ་རི་ཟི་རི་མིན་པ། བྱ་སྤྱོད་གྱ་རི་གྱུར་རི་མིན་པ་བཅས་དང་ཐོག་མཐའ་བར་གསུམ་དུ་དར་ཆ་ཧ་ཅང་གསལ་སྟོན་དང་། ལངས་ཕྱོགས་ཧ་ཅང་བརྟན་པོ། བྱ་སྤྱོད་ཧ་ཅང་བློ་ཐག་ཆོད་པོ་བཅས་ཡོང་ཐུབ་པ་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། ཪྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ཐོག་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ལས་ཀ་དེ་དེ་བས་གལ་ཆེའི་གནས་བབ་ཐོག་བཞག་ནས་ཡུན་རིང་འཐབ་རྩོད་བྱེད་པའི་བསམ་བློ་བརྟན་པོར་འཛུགས་པ་དང་། དུས་རྟག་ཏུ་ཁ་གཏད་གཅོག་ཆོག་ཆོག་ཏུ་བསྡད་དེ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ལས དོན་ཁག་དམ་འཛིན་གང་ལེགས་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གདིང་གཞིའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་རྒྱུར་དོ་སྣང་ཆེར་སྐྱེད་ཀྱིས་ཏཱ་ལ་རུ་ཚོགས་ཀྱི་འགུལ་ཕྱོགས་གསར་པར་ལྡིར་ནས་བསྡད་ཐོག་འཐབ་རྩོད་ཀྱི་ཐབས་ཇུས་ལ་ཞིབ་འཇུག་སྔར་ལས་ལྷག་པ་བྱེད་པ་དང་། ལས་ཀའི་ཐབས་ཤེས་ལ་དོ་སྣང་སྔར་ལས་ལྷག་པ་བྱས་ཏེ་ལས་ཀའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས། རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། ཐེ་ཞུགས་ཚན་པ་ཁག་རྒྱ་ཆེའི་ཨུ་ཡོན་རྣམ་པ་བཅས་ཀྱིས་མང་ཚོགས་ཁག་གཅིག་ཏཱ་ལའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་མེད་པ་དང་། དགོན་སྡེའི་གྲྭ་བཙུན་ཉུང་ཤས་ཤིག་གིས་ཏཱ་ལར་སྟོང་བསམ་འཆང་བ། གཞོན་ནུ་ལོ་ཆུང་ཉུང་ཤས་ཀྱི་བསམ་བློ་ཟང་ཟིང་ཡིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་གཞི་རིམ་དང་མང་ཚོགས་ཁྲོད་དུ་སྐྱོད་ནས་ཁོང་ཚོར་ཏཱ་ལའི་ལོག་སྤྱོད་ཀྱི་ངོ་བོ་དང་བོད་ཕུང་ཆོས་གནོད་ཀྱི་ནག་ཉེས་དངོས་འབྲེལ་གསལ་རྟོགས་ཐུབ་པའི་སློབ་གསོ་བརྒྱབ་ཐོག “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་ཁ་ཕྲལ་ཟིང་སློང་ནི་ཆག་སྒོ་ཡིན་པའི ”བསམ་བློ་བརྟན་པོ་བཙུགས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སེམས་ནུས་གཙོ་བོ་དེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་རྒྱུའི་ཐོག་ཁྲིད་སྟོན་གང་ཐུབ་བྱེད་དགོས། མི་རིགས་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་འབྲེལ་གཏུགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མི་རིགས་དང་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོའི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ཐོག་དོགས་གནད་གསེད་བཀྲོལ་བྱེད་རྒྱུ་དང་མི་སེམས་འགུག་པའི་ལས་ཀ་གང་ལེགས་བསྒྲུབས་ནས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་གང་ཐུབ་བྱེད་པ་དང་། ཧུར་བརྩོན་གྱི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་གང་ཐུབ་བྱེད་པ། གཞི་མཐུན་གྱི་མཐུན་རྐྱེན་ཆེ་རུ་གཏོང་གང་ཐུབ་བྱེད་པ། གཞི་མཐུན་མིན་པའི་རྒྱུ་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་པ་བཅས་བྱས་ཐོག་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་སྟོབས་ཆེར་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་ལྟ་བུའི་སྲུང་འགག་བརྟན་དུ་གཏོང་དགོས། ཏང་གི་ཆོས་དད་རང་མོས་སྲིད་ཇུས་དང་། 《ཆོས་ལུགས་བྱ་བའི་སྲོལ་ཡིག 》རང་སྐྱོང་ལྗོངས་ཀྱི 《ལག་བསྟར་བྱ་ཐབས 》སོགས་དྲིལ་བསྒྲགས་དང་ལག་བསྟར་ཤུགས་ཆེ་བྱེད་དགོས་པ་དང་། ཁྲིམས་ལུགས་ལྟར་ཆོས་ལུགས་ཀྱི་བྱ་བ་འཛིན་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་དགོས་པ། ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་དགོན་སྡེར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་དོ་དམ་བྱེད་རྒྱུའི་ལས་ཀ་ཡག་པོ་བསྒྲུབས་ཐོག་གྲྭ་བཙུན་རྣམས་ཀྱི་མེས་རྒྱལ་གྱི་འདུ་ཤེས་དང་། ཁྲིམས་ལུགས་ཀྱི་འདུ་ཤེས། སྲིད་གཞུང་གི་འདུ་ཤེས། སྤྱི་དམངས་ཀྱི་བསམ་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་ཁྲིད་སྟོན་ཧུར་ཐག་བྱེད་དགོས། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་འཚོལ་བསྡུ་ལེགས་སྒྲིག་གིས་སྙན་སེང་ཞུ་རྒྱུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཤུགས་སྣོན་གང་ཆེ་བརྒྱབ་ནས་ཏང་ཨུད་དང་སྲིད་གཞུང་གིས་ཇུས་ཐག་གཅོད་རྒྱུར་དཔྱད་གཞི་མཁོ་འདོན་བྱེད་དགོས།

        (གསུམ )གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོགས་བྱེད་པ་དང་གཙོ་གནད་དམ་འཛིན་བྱས་ནས་ལྟེ་བར་ཞབས་ འདེགས་ཞུ་རྒྱུའི་ཐོག་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས།

        ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་རྒྱུའི་བླང་བྱ་གཞིར་བཟུང་རང་ལྗོངས་ཀྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ཁྱོན་ཡོངས་ཀྱི་ལས་དོན་ལ་དམིགས་ནས་གོང་འཕེལ་གཏོང་ཕྱོགས་ཀྱི་འདུ་ཤེས་ལ་འགྱུར་བ་གཏོང་བ་དང་། གོང་འཕེལ་གཏོང་ཐབས་གསར་གཏོད་བྱེད་པ། གོང་འཕེལ་གྱི་སྤུས་ཚད་ཡག་ཏུ་གཏོང་བ་བཅས་ལ་དམིགས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག་དཔལ་འབྱོར་བརྟན་པོ་དང་ཅུང་མགྱོགས་པོའི་སྒོ་ནས་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུའི་ལས་འགན་ཨང་དང་པོ་དེར་བྲལ་མེད་ཕྱོགས་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་འགོད། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ། ཡུན་རིང་བདེ་འཁོད་ཡོང་རྒྱུ་གཙོ་གནད་དུ་བྱེད་པ་བཅས་བྱས་ནས་སྲིད་གྲོས་ཀྱི་གྲོས་གཞི་དང་། ཚོགས་ཆེན་གྱི་གཏམ་བཤད། ཨུ་ཡོན་གྱི་རྟོག་ཞིབ། ཆེད་དོན་བརྟག་ཞིབ། བློ་འདྲི་བྱས་ནས་རིག་པས་ཁུངས་སྐྱེལ། མཁས་དབང་གི་གླེང་སྟེགས་སོགས་ཕན་ནུས་ལྡན་པའི་ཐབས་རྣམ་བེད་སྤྱོད་གང་ལེགས་བྱས་ཏེ་ཐབས་འདོན་ཇུས་འདོན་ཧུར་ཐག་བྱེད་དགོས། “དམིགས་ས་གནད་ལ་འཁེལ་བ་དང་། ནུས་པར་དཔགས་ཏེ་བྱ་བ་སྒྲུབ་པ། གོང་འོག་མཉམ་འགུལ་བྱེད་པ། ཕན་འབྲས་དངོས་ལ་ལྟ་བ་བཅས ”ཀྱི་རྩ་དོན་གཞིར་བཟུང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན། དགེ་སྟོབས་ལྡན་པའི་ཁྱད་ལྡན་ཐོན་ལས་གོང་འཕེལ་དང་སྟོབས་ཆེར་གཏོང་རྒྱུ། ཡུལ་སྐོར་བྱ་གཞག་གོང་འཕེལ་དང་སླར་གསོ་ཡོང་རྒྱུར་ཤུགས་གང་ཆེ་རྒྱག་རྒྱུ། འབྱུང་ཁམས་དཔལ་ཡོན་དར་སྤེལ་གཏོང་རྒྱུ་དམ་འཛིན་ཡག་པོ་བྱེད་རྒྱུ། ཁ་ཙམ་མིན་པའི་སྒོ་ནས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ། ཉེན་མེད་ཐོན་སྐྱེད་ལ་སྐུལ་སྤེལ་གཏོང་རྒྱུ་སོགས་ཀྱི་གལ་ཆེའི་གནད་དོན་ལ་ཤུགས་སྣོན་རྒྱག་རྒྱུར་དམ་འཛིན་བྱས་ཏེ་གོ་ཆོད་ཨམ་ཐང་རིགས་ཀྱི་མི་སྣ་སྒྲིག་འཛུགས་ཀྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ཏང་ཨུད་དང་སྲིད་གཞུང་གིས་ཇུས་ཐག་གཅོད་རྒྱུར་རིན་ཐང་ལྡན་པའི་གཞི་འཛིན་དཔྱད་གཞི་དེ་བས་མང་བ་མཁོ་འདོན་ཐུབ་པ་བྱེད་དགོས། ཨུ་ཡོན་རྣམས་སྒྲིག་འཛུགས་ཀྱིས་ཕྱོགས་བསྡུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། སྔོན་མཐོང་རང་བཞིན་བཅས་ཀྱི་གནད་དོན་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་འཁུར་བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་དམིགས་ནས་གྲོས་གཞི་འདོན་དུ་འཇུག་རྒྱུའི་ཁྲིད་སྟོན་བྱེད་དགོས། ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་མཛད་ཇུས་ཁག་དང་། རང་ལྗོངས་ཀྱི་གོང་འཕེལ་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ལྕགས་ལམ་དང་ཆུ་བེད་སོགས་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས། དེ་བཞིན་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་འཁུར་བྱེད་པའི་གནད་དོན་བཅས་ལ་དམིགས་ནས་རྟོག་ཞིབ་ཡག་པོ་བྱས་ཏེ་ལས་དོན་ཁག་སྔར་བས་དོན་འཁྱོལ་ཐུབ་པའི་སྐུལ་སྤེལ་གཏོང་དགོས། གཞན་ཡང་རྒྱལ་སྤྱི་རྒྱལ་ནང་གི་དངུལ་རྩ་ཉམས་ཉེན་འགྲོ་ཕྱོགས་ལ་དོ་སྣང་ཆེན་པོ་བྱས་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་བཅས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་བྱེད་རྒྱུར་དམིགས་ཏེ་འབྲེལ་ཡོད་ལས་རིགས་ཁག་གི་ཨུ་ཡོན་སྒྲིག་འཛུགས་ཀྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། ནང་མཁོ་རྒྱ་ཆེར་གཏོང་རྒྱུ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་ངང་གོང་འཕེལ་གཏོང་རྒྱུ་བཅས་ཀྱི་ཐད་བློ་འདྲི་དང་རིག་པས་ཁུངས་སྐྱེལ་བྱས་ཏེ་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་གྱིས་གོང་འཕེལ་གྱི་བསམ་གཞི་ཆ་ཚང་དུ་གཏོང་རྒྱུ་དང་། གོང་འཕེལ་གཏོང་ཐབས་གསར་གཏོད་བྱེད་རྒྱུ། ཁ་གཏད་གཅོག་ཐབས་ཤུགས་ཆེར་གཏོང་རྒྱུ། གོང་འཕེལ་གྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ། གོང་འཕེལ་གྱི་སྙུགས་ཤེད་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་ཐབས་འདོན་ཇུས་འདོན་ཧུར་ཐག་བྱེད་དགོས།

        (བཞི )གལ་ཆེའི་ཆབ་སྲིད་ཀྱི་དྲན་གསོའི་བྱེད་སྒོ་ཁག་གོ ་སྐབས་སུ་བརྩིས་ནས་སྲིད་གྲོས་ཀྱི་ལས་དོན་ལ་གོང་འཕེལ་གསར ་པ་ཡོང་བའི་སྐུལ་འདེད་ཧུར་ཐག་གཏོང་དགོས།

        འདི་ལོ་ང་ཚོས་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60 འཁོར་བ་དང་། རྒྱལ་ཡོངས་སྲིད་གྲོས་དབུ་བཪྙེས་ནས་ལོ་60འཁོར་བ། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་50འཁོར་བ། རང་སྐྱོང་ལྗོངས་སྲིད་གྲོས་དབུ་བཪྙེས་ནས་ལོ་50འཁོར་བ་བཅས་ལ་བསུ་བ་ཞུ་རྒྱུ་དེ་ནི་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་རེད། ང་ཚོས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོགས་བྱེད་པ་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དྲན་གསོ་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཁག་སྒྲིག་འཛུགས་གང་ལེགས་བྱེད་དགོས། གལ་ཆེའི་ཆབ་སྲིད་ཀྱི་དྲན་གསོའི་བྱེད་སྒོ་ཁག་གོ་སྐབས་སུ་བརྩིས་ཏེ་ཕྱོགས་ཡོངས་ནས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བསྐྱོད་པའི་འོད་སྟོང་ལྡན་བའི་ལམ་བུར་ཕྱི་མིག་ལྟ་བ་དང་། ཐུན་མོང་ཐོག་སྔར་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པའི་མ་འོངས་པར་རྒྱང་ལྟ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གོང་འཕེལ་འགྲོ་ལམ་ཐོག་སྐྱོད་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་སྒོ་དབྱེ་མུ་མཐུད་བྱེད་རྒྱུ། བློ་བརྟན་འགྱུར་མེད་ངང་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་བྱེད་རྒྱུ། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་དང་། གཞན་ཡང་ཏང་གི་ཚོགས་ཆེན་བཅུ་བདུན་པའི་ཐོག་གཏན་འཁེལ་གནང་བའི་བརྗིད་ཆེའི་འཆར་གཞི་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པའི་ཐོག་གཏན་འཁེལ་གནང་བའི་དམིགས་ཚད་དང་ལས་འགན་ཁག་ཕྱོགས་ཡོངས་ནས་མངོན་གྱུར་ཡོང་རྒྱུ་བཅས་ཀྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་། ཐེ་ཞུགས་ཚན་པ་ཁག་རྒྱ་ཆེའི་ཨུ་ཡོན་རྣམ་པ་བཅས་ཀྱིས་དྲན་གསོའི་བྱེད་སྒོ་ཁག་དང་འབྲེལ་བ་དམ་ཟབ་བྱས་ནས་དྲན་གསོའི་ཚོགས་ཆེན་ཚོགས་པ་དང་། དྲན་གསོའི་རྩོམ་ཡིག་འབྲི་བ། དྲན་གསོའི་ཆེད་བསྒྲིགས་དུས་དེབ་རྩོམ་འབྲི་བྱེད་པ། དྲན་གསོའི་པར་རིས་དཔེ་སྐྲུན་བྱེད་པ། དྲན་གསོའི་ཆེད་བསྒྲིགས་འོད་སྡེར་བཟོ་བ། དྲིལ་བསྒྲགས་ཀྱི་ཆེད་བསྒྲིགས་ལེ་ཚན་གཉེར་བ་སོགས་ཀྱི་ཐབས་རྣམ་སྤྱད་དེ་གུང་ཁྲན་ཏང་ལེགས། སྤྱི་ཚོགས་རིང་ལུགས་ལེགས། བསྒྱུར་བཅོས་སྒོ་དབྱེ་ལེགས། མི་དམངས་དམག་དཔུང་ལེགས། མི་དམངས་མང་ཚོགས་ལེགས། རླབས་ཆེན་མེས་རྒྱལ་ལེགས་པ་བཅས་ཀྱི་བརྗོད་གཞི་གཙོ་བོ་དྲིལ་བསྒྲགས་ཤུགས་ཆེ་བྱེད་དགོས། ཕྱོགས་ཡོངས་ནས་རང་ལྗོངས་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་ལ་ཐོབ་པའི་འོད་སྟོང་འབར་པའི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་བྱེད་རྒྱུ་དང་འབྲེལ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་དང་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ་དང་། ཏང་གི་མི་རབས་གསུམ་གྱི་ཀྲུང་དབྱང་གི་མཉམ་སྡེབ་འགོ་ཁྲིད་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་གལ་ཆེའི་དོན་སྙིང་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་བྱུང་བའི་གྲུབ་འབྲས་རླབས་པོ་ཆེ་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་དུས་བབ་བཟང་པོ་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་ཁྲིམས་ལུགས་གཞིར་བཟུང་དམངས་གཙོའི་དབང་ཆ་དང་ཆོས་དད་རང་མོས་ཀྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་50སོང་རིང་བོད་ཀྱི་མི་རིགས་རིག་གནས་སྲུང་སྐྱོབ་དང་གོང་འཕེལ་སོང་བའི་འབྲས་བུ་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ལག་ལེན་ཡག་པོ་བྱུང་བ་དང་རླབས་ཆེན་གྱི་གྲུབ་འབྲས་ཐོབ་པ་རྣམས་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ་བཅས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་སྔར་བས་ཤུགས་ཆེར་གཏོང་དགོས། དེ་བཞིན་མི་དམངས་སྲིད་གྲོས་ཀྱིས་བོད་ཀྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ནང་ཕུལ་བའི་གཟེངས་སུ་ཐོན་པའི་ལེགས་སྐྱེས་དང་གལ་ཆེའི་ནུས་པར་ཕྱོགས་ཡོངས་ནས་ཕྱི་མིག་བལྟ་བ་དང་ཕྱོགས་བསྡོམས་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་གནས་བབ་དང་། ངོ་བོ། ནུས་པ་བཅས་དྲིལ་བསྒྲགས་ཤུགས་ཆེ་བྱས་ཐོག་རྒྱ་ཆེའི་ཨུ་ཡོན་རྣམས་ཆོད་སེམས་བརྟན་པོ་དང་། སྙིང་སྟོབས་རབ་འཕེལ། གསར་གཏོད་ཡར་བརྩོན་བཅས་ཡོང་རྒྱུར་སྐུལ་ལྕག་ཤུགས་ཆེ་བཏང་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་མུ་མཐུད་གོང་འཕེལ་ཤུགས་ཆེ་གཏོང་དགོས། དུས་བབ་གསར་པའི་ནང་མི་དམངས་སྲིད་གྲོས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་ཀྱིས་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ལས་དོན་གསར་གཏོད་བཅས་ཤུགས་ཆེ་བྱས་ཐོག་ཆབ་སྲིད་གྲོས་མོལ་གྱི་ཁྱབ་ཁོངས་གསར་པ་ཟམ་མི་ཆད་པར་རྒྱ་ཆེར་གཏོད་པ་དང་། དམངས་གཙོའི་ལྟ་སྐུལ་གྱི་བྱེད་ཐབས་གསར་པ་འཚོལ་ཞིབ། སྲིད་ཞུགས་སྲིད་གླེང་གི་ཐབས་ལམ་གསར་པ་གསར་གཏོད། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་ཐབས་གསར་པར་ཞིབ་འཇུག བསྒྱུར་བཅོས་གོང་འཕེལ་གྱི་བྱ་ཐབས་གསར་པ་བཟོ་འགོད་བཅས་བྱས་ཏེ་མི་དམངས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་དགོས།

        (ལྔ )རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞབས་ཞུ་བྱེད་ཐབས་ལེགས་བཅོས་དང་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་རྒྱུའི་ཐད་ཡར་རྒྱས་གསར་པ་ཡོང་གང་ཐུབ་བྱེད་དགོས།

        ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱ་ལྟར་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་པ་དང་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་སྟེ་འགན་ནུས་སྒྲུབ་རྒྱུའི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་དེ་སྲིད་གྲོས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་བྱ་སྤྱོད་ཁྲོད་དུ་ཁྱབ་ཐུབ་པ་དང་སྲིད་གྲོས་ལས་དོན་ཁག་ཚང་མའི་ནང་ཁྱབ་ཐུབ་པ་བྱས་ནས་སྲིད་གྲོས་ཀྱི་ལས་དོན་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ཡོང་ཐབས་བྱེད་དགོས། སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོའི་བླང་བྱ་ལྟར་ལམ་སྲོལ་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དང་ནུས་པ་རྒྱུན་ཐོན་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་འཇོག་པ་དང་། རིགས་ཁུངས་སོ་སོའི་ནུས་པ་འདོན་སྤེལ་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཐོག་ཆེད་དོན་ཨུ་ལྷན་གྱིས་ལས་དོན་སྤེལ་རྒྱུའི་ཐབས་ལམ་གསར་པ་སྔར་བས་རྒྱ་ཆེར་གཏོད་དེ “ཅན་གསུམ ”འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། མུ་མཐུད་སྲིད་གཞུང་ཚན་པ་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་གྱིས་ཚན་པའི་འགོ་ཁྲིད་སྒྲིག་འཛུགས་བྱས་ནས་དུས་ཐོག་ཏུ་ཨུ་ཡོན་ལ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ནས་སྲིད་གྲོས་ཨུ་ཡོན་གྱིས་གནས་ཚུལ་ཤེས་རྟོགས་དང་། སྲིད་ཇུས་རྒྱུས་མངའ་ཡོང་རྒྱུར་ཆ་རྐྱེན་བསྐྲུན་དགོས། ཧྲུའུ་ཅི་ཀྲང་ཆིང་ལིས་གནང་བའི 《ལས་ཀའི་སྤྱོད་ཚུལ་བསྒྱུར་བཅོས་གཏོང་བ་དང་དཔུང་ཁག་གི་བྱང་ཚད་མཐོ་རུ་བཏང་ནས་ཏང་སྲིད་ལས་ཁུངས་ཀྱི་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས 》ཞེས་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་བླང་བྱ་གཞིར་བཟུང་བསམ་བློ་དང་། རྩ་འཛུགས། ལམ་ལུགས། སྤྱོད་ཚུལ། སྤྱོད་གཙང་དར་སྤེལ་བཅས་ལ་ཤུགས་སྣོ ན་རྒྱག་རྒྱུ་གཙོ་གནད་དུ་བཟུང་ནས་མུ་མཐུད་སློབ་སྦྱོང་གི་རྣམ་པ་ལྡན་པ་དང་། ཞབས་ཞུའི་རྣམ་པ་ལྡན་པ། གསར་གཏོད་ཀྱི་རྣམ་པ་ལྡན་པ། གཞི་མཐུན་གྱི་རྣམ་པ་ལྡན་པ་བཅས་ཀྱི་སྲིད་གྲོས་ལས་ཁུངས་ཤིག་འཛུགས་སྐྱོང་བྱས་ཏེ་ལས་ཁུངས་ཀྱི་ཞབས་ཞུའི་འདུ་ཤེས་དང་། ཞབས་ཞུའི་སྤུས་ཚད། ཞབས་ཞུའི་ཆུ་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་འགན་ལེན་གྱི་ནུས་པ་ཆེ་རུ་བཏང་ནས་སྲིད་གྲོས་ལས་ཁུངས་འཛུགས་སྐྱོང་བྱེད་རྒྱུ་དེ་སླར་ཡང་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་གང་ཐུབ་བྱེད་དགོས། སྲིད་གྲོས་ཀྱི་ཨུ་ཡོན་གསར་པར་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་སྐབས་འདིའི་རིང་གི་ཨུ་ཡོན་གསར་པར་རེས་སྐོར་སྦྱོང་བརྡར་ཐེངས་གཅིག་སྤྲོས་དགོས་པ་མ་ཟད་ས་གནས་དང (གྲོང་ཁྱེར )སྲིད་གྲོས་ཁག་གིས་ཨུ་ཡོན་རྣམས་ལ་སྦྱོང་བརྡར་སྤྲོས་རྒྱུའི་ལས་དོན་ཡག་པོ་སྒྲུབ་རྒྱུར་མཛུབ་ཁྲིད་ཀྱང་བྱེད་དགོས། ཨུ་ཡོན་གྱི་མཐུན་འབྲེལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཨུ་ཡོན་གྱི་བྱེད་སྒོའི་དུས་ཚིགས་སྒྲིག་འཛུགས་ཡག་པོ་བྱས་ཏེ་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། བྱེད་སྒོའི་ཐབས་རྣམ་གསར་གཏོད་བྱེད་པ། བྱེད་སྒོའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཡོངས་སྲིད་གྲོས་དང་སྤུན་ཟླའི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་སྲིད་གྲོས་དང་འབྲེལ་ལམ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་ཀྱིས་ནང་སར་ལྟ་སྐོར་རྟོག་ཞིབ་ཏུ་བསྐྱོད་ནས་རྒྱལ་ཡོངས་སྲིད་གྲོས་དང་སྤུན་ཟླའི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་འགན་ནུས་སྒྲུབ་སྟངས་ཀྱི་སྔོན་ཐོན་ཉ མས་མྱོང་སློབ་སྦྱོང་བྱས་ཐོག་ས་གནས (གྲོང་ཁྱེར )དང་རྫོང་སྲིད་གྲོས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་སྲིད་གྲོས་བྱ་གཞག་ཚན་རིག་དང་མཐུན་པའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        ཨུ་ཡོན་རྣམ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས་བཅས་སྐྲུན་རྒྱུའི་རླབས་ཆེན་བྱ་གཞག་ནི་བྱེད་རིན་ཆེན་པོ་ཡོད་པའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཞིག་རེད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ལྗོངས་ཏང་ཨུད་ཀྱི་ཞུམ་པ་མེད་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བསམ་སྤྱོད་གཅིག་མཐུན་དང་། ཇུས་ཤུགས་མཉམ་འདོན། ལམ་བཤངས་གསར་གཏོད། ལས་དོན་ཏན་ཏིག གྲུབ་འབྲས་གཟེངས་སུ་ཐོན་པ་བཅས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བ་དང་། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་50འཁོར་བ། རྒྱལ་ཡོངས་སྲིད་གྲོས་དབུ་བཪྙེས་ནས་ལོ་60འཁོར་བ། རང་སྐྱོང་ལྗོངས་སྲིད་གྲོས་དབུ་བཪྙེས་ནས་ལོ་50འཁོར་བ་བཅས་ལ་ལེགས་སྐྱེས་འབུལ་དགོས།

        (སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པར་གཞིར་བཟུང་། )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།