བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ཀྲང་ཕེ་ཀྲུང་གིས་གནང་བའི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་དེར་གྲོས་ཞིབ་གནང་བ་རེད།
ཚོགས་འདུས་ངོས་འཛིན་གནང་དོན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞུམ་པ་མེད་པའི་དབུ་ཁྲིད་འོག ལྗོངས་ཡོངས་ཀྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་སྤྱི་ཡོངས་ལས་དོན་ལ་དམ་པོར་དམིགས་པ་དང་ཞིབ་དཔྱོད་ཀྱི་འགན་ནུས་རྣམ་དག་སྒྲུབ་ཐོག་ཁྲིམས་བཞིན་ལྷ་སའི “གསུམ་པའི་བཅུ་བཞིའི ”རྡུང་གཅོག་འཕྲོག་བསྲེག་གི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ཞོད་འཇགས་སུ་གཏོང་རྒྱུ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་འཛིན་བྱེད་པའི་ལས་དོན་ནང་ནུས་ཤུགས་ཡོད་རྒུ་བཏོན་པ་དང་། ཞིབ་དཔྱོད་ལས་སྒོ་སྤེལ་རྒྱུ་དང་། ཞིབ་དཔྱོད་དཔུང་ཁག་ལེགས་སྐྱོང་། གཞི་རིམ་རྨང་གཞིའི་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཚོགས་འདུས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལོ་གཅིག་རིང་གི་ལས་དོན་ལ་ཡི་རངས་དང་སྙན་སྒྲོན་ནང་བཏོན་པའི་ད་ལོའི་ལས་དོན་བཀོད་སྒྲིག་བྱེད་ཕྱོགས་ལ་མོས་མཐུན་བྱས་ནས་སྙན་སྒྲོན་འདིར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།
ཚོགས་འདུས་རེ་བ་བཏོན་པར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལྟ་བ་བརྟན་པོ་བཙུགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལེགས་པར་བསྒྲུབ་པ་དང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། དྲང་བདེན་དྲང་བཞག་སྲུང་སྐྱོང་བྱེད་པ། ཁྲིམས་ལྟར་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་བ། དཔུང་ཁག་འཛུགས་སྐྱོང་དམ་འཛིན་བྱེད་པ། གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས་བཅས་སྐྲུན་རྒྱུར་དེ་བས་ནུས་པ་ལྡན་པའི་ཁྲིམས་འཛིན་གྱི་འགན་ལེན་ཐུབ་པ་བྱེད་དགོས།