དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བློ་མཐུན་དགྲ་ལྷར“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        དགྲ་ལྷ། ཕོ། བོད་རིགས། 1960 ལོའི་ཟླ་བ་གསུམ་པར་སྐྱེས། 1990 ལོའི་ཟླ་བ་བདུན་པར་ཏང་ནང་ཞུགས། 1992 ལོ་ནས་ད་བར་འདམ་གཞུང་རྫོང་རྒྱས་དར་ཤང་ཡངས་ཡིད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱས། ཁོང་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་སྔ་ཕྱི་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ་དང་སེམས་པ་རྒྱ་ཆེའི་མང་ཚོགས་ལ་བཅངས་ཤིང་། ལོ་མང་རིང་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ་དེ་ཨང་དང་པོར་བཞག་པ་དང་སྒུག་བརྟེན་བྱས་ནས་མི་སྡོད་པར་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལམ་བཟོ་བ་དང་ཟམ་པ་རྒྱག་པ་དང་། ཚོང་བརྒྱབ་ནས་བྱ་གཞག་བཏོད་པ། ཞིང་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གཞི་རིམ་གྱི་སློབ་གསོ་གཉེར་བ། སྤྲོ་སེམས་འཁོལ་པོས་མང་ཚོགས་ལ་དཀའ་ངལ་དང་སེམས་ཁྲལ་སེལ་རོགས་བྱེད་པ་བཅས་ལ་བརྟེན་ས་གནས་དེ་གའི་མང་ཚོགས་ཀྱིས་ཁོང་ལ་བྱམས་བརྩེའི་ངང “སྙིང་ཉེ་བ ”དང “སྲོག་ཤིང ”ཞེས་བརྗོད་ཀྱི་ཡོད་པ་རེད།

        2008 ལོའི་ཟླ་10 ཚེས་6 ཉིན་རང་ལྗོངས་ཀྱི་འདམ་གཞུང་རྫོང་དུ་ས་ཡོམ་ཆེན་པོ་རིམ་པ་6.6 བརྒྱབ་པ་དང་ཡོམ་ལྟེ་རྒྱས་དར་ཤང་ཡངས་ཡིད་གྲོང་ཚོ་ཡིན་པ་རེད། གནོད་འཚེ་ཐོན་རྗེས་ཀྱིས་དུས་ཚོད་དང་པོར་བློ་མཐུན་དགྲ་ལྷས་གནོད་འཚེ་ནི་བཀའ་རྒྱ་ལྟ་བུ་དང་དུས་ཚོད་ནི་ཚེ་སྲོག་ལྟ་བུར་བརྩིས་ཏེ་ཉེན་ཁར་མི་སྐྲག་པར་གདོང་མཆོང་བྱེད་པ། ཏང་ཀྲི་པུའི་ཚན་ཁག་གི་སྣེ་ཁྲིད་དེ་མདུན་དུ་སྐྱོད་ཅིང་། ཏང་ཡོན་དང་མང་ཚོགས་འཕྲལ་མར་སྒྲིག་འཛུགས་བྱས་ཏེ་རང་སྐྱོབ་བྱས་པ་དང་དེའི་རིང་ཞིག་རོའི་འོག་ཏུ་ཚུད་པའི་གྲོང་མི་23 སྔ་རྗེས་སུ་མྱུར་སྐྱོབ་བྱས་མོད། འོན་ཏེ་ཁོང་རང་ཉིད་ཀྱི་སྐྱེད་མ་དང་ཚ་མོ་གཉིས་ས་ཡོམ་དེའི་ཁྲོད་དུ་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར། ཡིན་ནའང་ཁོང་གིས་སེམས་སྡུག་ཆེན་པོ་བྱུང་ཡང་སྡུག་རུས་ཀྱིས་བློ་རྩ་བརྟན་པོའི་ངང་ཁྱིམ་ཚང་ཆུང་ངུ་དོར་ནས་ཁྱིམ་ཚང་ཆེན་པོར་ལྟ་རྟོག་བྱས་ནས་ཡོམ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བསྟུད་མར་བྱས་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕན་ཚུན་རོགས་རམ་ཧུར་ཐག་བྱས་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་དུས་ཚོད་དམ་འཛིན་གྱིས་སླར་གསོ་བསྐྱར་སྐྲུན་བྱེད་པའི་ལས་དོན་ནང་ནུས་ཤུགས་ཡོད་རྒུས་ཞུགས་ཏེ་རོགས་སྐྱོབ་མི་སྣར་གཞོགས་འདེགས་ཀྱིས་གེགས་སྐྱོབ་དངོས་རྫས་སྤྲོད་རོགས་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་བྱེད་རོགས་བྱས་ནས་གེགས་ཁུལ་གྱི་སྒྲིག་ལམ་རྒྱུན་གཏན་བཞིན་ཡོང་བ་དང་མང་ཚོགས་ཀྱི་སེམས་པ་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་དང་ཡོམ་འགོག་གེགས་སེལ་གྱི་རྒྱལ་ཁ་ལེན་ཕྱིར་རྩ་ཆེའི་དུས་ཚོད་བརྩོན་ལེན་དང་ནུས་པ་གལ་ཆེན་བཏོན་ཡོད་པས་ 2008 ལོའི་ཟླ་བ་བཅུ་གཅིག་པར་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས་བློ་མཐུན་དགྲ་ལྷར “ཡོམ་འགོག་གེགས་སེལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”གྱི་མཚན་སྙན་སྤྲད་པ་རེད།

        བློ་མཐུན་དགྲ་ལྷར་བླ་ན་མེད་པའི་ཕུགས་བསམ་དང་། སྲ་ཞིང་བརྟན་པའི་ཡིད་ཆེས་ཀྱི་བསམ་པ། ཤིན་ཏུ་ཆེ་བའི་གསར་བརྗེའི་བྱ་གཞག་སྒྲུབ་སེམས་དང་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་བཅས་ཡོད། ཁོང་གིས་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་འབུངས་ཀྱིས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཡོད་པ་དང་ཁོང་གིས་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། དྲང་པོ་དྲང་བཞག་བྱེད་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་པར་བརྟེན་གྲོང་མི་ཚོའི་བརྩི་འཇོག་དང་ཡིད་ཆེས་ཐོབ་པ་དང་ལྷག་པར་དུ་མི་དམངས་ཀྱི་ལུས་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པའི་འགག་རྩའི་དུས་སུ་མང་ཚོགས་ཀྱི་སྣེ་ཁྲིད་པ་དང་། མང་ཚོགས་ལ་སྐུལ་མ་གཏོང་བ། མང་ཚོགས་ལ་རོགས་རམ་བྱེད་པ་བཅས་ཀྱི་ཏང་ཀྲི་པུའི་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱས་ནས་གཞི་རིམ་རྩ་འཛུགས་ཀྱི “སྣེ་འདྲེན་པའི ”ཉམས་འགྱུར་མངོན་པར་བྱས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་སྐབས་གསར་པའི་གུང་ཁྲན་ཏང་མིའི་འོད་སྟོང་འབར་བའི་གཟུགས་བཪྙན་བཏོད་ཡོད་པ་རེད།

        རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོས་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ཁག་ནང་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་སྐུལ་མ་གཏོང་ཆེད་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་དགྲ་ལྷར “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”གྱི་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

        བློ་མཐུན་དགྲ་ལྷ་ནི་རང་ལྗོངས་ཀྱི་དུས་སྐབས་གསར་པར་འབུར་དུ་ཐོན་པའི་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་གྱི་ཕུལ་དུ་བྱུང་བའི་མཚོན་བྱེད་དང་། གཞི་རིམ་ཞིང་འབྲོག་པའི་ཏང་ཡོན་ལས་བྱེད་པའི་དཔེ་བཟང་། གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་པའི་མིག་དཔེ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་སློབ་སྦྱོང་བྱེད་པའི་མིག་དཔེ་བཟང་པོ་བཅས་རེད། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོས་བློ་མཐུན་དགྲ་ལྷར་སློབ་སྦྱོང་བྱེད་དགོས་པ་དང་འགྱུར་བ་མེད་པའི་ཁོང་གི་ཕུགས་བསམ་དང་དད་སེམས་ལ་སློབ་སྦྱོང་བྱས་ཏེ་ཁོང་དང་འདྲ་བར “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་རང་རྟོགས་ངང་ལག་ལེན་བསྟར་བ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པ་བཅས་ཀྱི་ཐོག་ནས་ཧུར་བརྩོན་ཆེན་པོས་མི་སྒེར་གྱི་མདུན་ལམ་དང་ལས་དབང་གཉིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་འཛུགས་སྐྲུན་བྱེད་པའི་ནང་འདྲེས་པ་བྱེད་དགོས་པ་དང་། སྲ་ཞིང་བརྟན་པའི་ཁོང་གི་ཆབ་སྲིད་ལངས་ཕྱོགས་ལ་སློབ་སྦྱོང་བྱས་ཏེ་ཁོང་དང་འདྲ་བར་ཆབ་སྲིད་ཐད་ལངས་ཕྱོགས་བརྟན་པོ་དང་བྱ་སྤྱོད་ཐད་རང་རྟོགས་རང་བཞིན་ཆེ་བ་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཡིན་མིན་ཆེན་པོའི་གནད་དོན་ཐད་ངོས་འཛིན་གསལ་པོ་དང་། རྣམ་འགྱུར་གསལ་པོ། བྱ་སྤྱོད་བརྟན་པོ་བཅས་ཡོང་བ་བྱེད་དགོས་པ། ཐོག་མཐའ་བར་གསུམ་དུ་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། མང་ཚོགས་སེམས་ནང་འཇོག་པ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ལ་བསམ་བློ་གཏོང་བ་བཅས་ཀྱི་ཁོང་གི་སྤྱི་ཞབས་པའི་བསམ་པར་སློབ་སྦྱོང་བྱས་ནས་ཁོང་དང་འདྲ་བར་མང་ཚོགས་ཀྱི་ཁེ་ཕན་དེ་སེམས་ནང་བཞག་སྟེ་སེམས་རྩ་འཁོལ་པོས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་རོགས་དང་། དཀའ་ངལ་སེལ་རོགས། བྱ་བ་བཟང་པོ་སྒྲུབ་རོགས་བཅས་བྱེད་དགོས་པ། སྒེར་སེམས་མེད་པའི་ཁོང་གི་གཤིས་བཟང་ལ་སློབ་སྦྱོང་བྱས་ཏེ་ཁོང་དང་འདྲ་བར་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་འཛུགས་པ་དང་བསམ་པ་རྣམ་དག་གིས་རང་འགན་འཁུར་བ་དང་། ངལ་བ་དང་འཁང་ར་གཉིས་བཟོད་བྱེད་པ། དཀའ་ཉེན་ལ་མི་སྐྲག་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་ཐོག་ནས་སྤྱིར་བཏང་གི་ལས་གནས་ཐོག་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལས་ཀའི་བྱས་རྗེས་འཇོག་དགོས་པ། ཞུམ་པ་མེད་པའི་ཁོང་གི་གསར་བརྗེའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་ཁོང་དང་འདྲ་བར་དཀའ་ཉེན་འཕྲད་པའི་འགག་རྩའི་དུས་སུ་འཆི་གསོན་ལ་མ་བལྟོས་པར་རྣམ་ཀུན་ནས་མཐོང་ཐུབ་པ་དང་། འགག་རྩའི་དུས་སུ་དོན་ཕོད་པ། དཀའ་ཉེན་འཕྲད་སྐབས་མདུན་དུ་སྐྱོད་ཕོད་པ་བཅས་ཀྱི་དུས་རབས་ཀྱི་གདོང་ལེན་པ་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས་པ་བཅས་ཀྱི་འབོད་སྐུལ་བྱ་རྒྱུ་ཡིན།

        བློ་མཐུན་དགྲ་ལྷའི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་དྲིལ་བསྒྲགས་ཤུགས་ཆེན་བྱེད་རྒྱུ་དང་། རླབས་ཆེན་གྱི་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་རྒྱུ། རྟ་དབྱངས་གཙོ་བོ་སྔར་བས་ལེན་རྒྱུ། མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུ་བཅས་ནི་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱ་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་པ་ཞིག་ཡིན་པས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ཚན་པ་དེ་རང་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བློ་མཐུན་དགྲ་ལྷའི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་ནན་ཏན་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པའི་ཐོག་ནས་རྒྱ་ཆེའི་ཏང་ཡོན་ལ་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རླབས་ཆེན་གྱི་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཏང་གི་དམིགས་ཡུལ་སེམས་སུ་བརྟན་པོར་ངེས་པ་དང་བརྩེ་སེམས་མང་ཚོགས་ལ་འཆང་བ། སྙིང་སྟོབས་ཆེར་བསྐྱེད་དང་འབད་འབུངས་ཡར་བརྩོན་བྱེད་པ་བཅས་བྱ་རྒྱུར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་ཕྱིར་ལེགས་སྐྱེས་གསར་པ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།