དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་སྐོང་ཚོགས་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་26ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་ལྷ་སར་སྐོང་ཚོགས་བྱས་པ་རེད།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལེགས་མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་དང་། ཀྲང་གཡོད་ཕིང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཀརྨ། ཀྲོའུ་ཁྲུན་ལའེ། སུང་ཧྲན་ལི། ཀྲོའོ་ཀྲེང་ཤིའུ། ཨ་བསྟན། མ་རུའུ་ལུང་བཅས་ཚོགས་འདུར་ཕེབས་པ་རེད།

        ཚོགས་འདུའི་ཐོག་དང་ཐོག་ཐེངས་འདིའི་ཚོགས་འདུའི་གྲོས་རིམ་གྲོས་འཆམ་བྱས་པ་དང་། འབྲེལ་ཡོད་མི་དོན་བསྐོ་འཐེན་བྱ་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཐང་མིང་དབྱིང་གིས་གནང་བའི་གསལ་བཤད་གསན་པ། ཚོགས་འདུའི་ཐོག་2009ལོའི་ཟླ་1ཚེས་14ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པ་སྐོང་ཚོགས་བྱ་རྒྱུའི་གཏན་འབེབས་བྱས་པ། ཚོགས་འདུའི་ཐོག་《བོད་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག (འཆར་ཟིན )》གྱི་གྲོས་གཞིའི་སྐོར་གྱི་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལེན་ཏ་ལའེ་ཡིས་གནང་བའི་གསལ་བཤད་གསན་པ། 《བོད་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག (འཆར་ཟིན )》སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཝང་ཏ་ཧའེ་ཡིས་གནང་བའི་གྲོས་ཞིབ་བསམ་འཆར་གསན་པ། 2008ལོར་ཀྲུང་ཧྭ་ཡི་ཁོར་ཡུག་སྲུང་སྐྱོང་དུས་རབས་བྱ་སྤྱོད — བོད་ཀྱི་བྱ་སྤྱོད་དྲིལ་བསྒྲགས་བྱེད་སྒོའི་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀརྨ་ཡིས་གནང་བའི་སྙན་ཞུ་གསན་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས 》དང་། 《བོད་རང་སྐྱོང་ལྗོངས་ཀྱི 〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས 〉ལག་བསྟར་གྱི་བབ་བསྟུན་སྲོལ་ཡིག 》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མི་བབ་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས 》《བོད་རང་སྐྱོང་ལྗོངས་ཀྱི 〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མི་བབ་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས 〉ལག་བསྟར་བྱ་ཐབས 》བཅས་ལག་བསྟར་བྱས་ཚུལ་ཞིབ་བཤེར་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲིམས་སྐྱོང་ཞིབ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་སུང་ཧྲན་ལིས་གནང་བའི་སྙན་ཞུ་གསན་པ། ལྗོངས་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན (རྫོང་དུ་ཤར་གཏོང་ཐུབ་པའི་སྣུམ་ནག་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན )བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་ཐིང་ཀྲང་ཀྲའོ་ཧྲི་ཅུན་གྱིས་གནང་བའི་སྙན་ཞུ་གསན་པ། ལྗོངས་ཡོངས་ཀྱི་གཏེར་ཐོན་ཐོན་ཁུངས་དོ་དམ་ལས་ཀ་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་ཐིང་ཀྲང་ཝང་ཅུན་གྱིས་གནང་བའི་སྙན་ཞུ་གསན་པ་བཅས་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་ཐོགས་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོའན་ཀྲང་ནོར་བུ་དོན་གྲུབ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཕེ་ཀྲུང་བཅས་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་དང་། ལྗོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཨུ་ལྷན་དང་ས་ཁུལ་ལས་དོན་ཨུ་ལྷན་གྱི་འགན་འཁུར་བ། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འགའ་ཤས་བཅས་དང་དེ་བཞིན་ཐེངས་འདིའི་ཚོགས་འདུའི་གྲོས་དོན་དང་འབྲེལ་བ་ཡོད་པའི་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།