《གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལག་ལེན་བསྟར་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར།
སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30འཁོར་བའི་སྐབས་སུ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས་བཟོས་ནས་གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་མཛུབ་ཁྲིད་ཀྱི་བསམ་བློ་དང་། དམིགས་ཚད་ལས་འགན། རྩ་དོན་གལ་ཆེན། བྱེད་ཕྱོགས་དང་སྲིད་ཇུས་རབ་དང་རིམ་པ་བཅས་སྔར་བས་གསལ་པོ་བཟོས་པ་དེ་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་མ་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་གྱུར་འཆར་འགོད་ཀྱི་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་བཅས་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱས་ནས་ཞིང་འབྲོག་ལས་དང་། གྲོང་གསེབ། ཞིང་འབྲོག་མང་ཚོགས་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་བཏང་ཐོག་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱ་རྒྱུ་དེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱ་རྒྱུར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་རྒྱང་རིང་གཏིང་ཟབ་ལྡན་ཡོད། ད་ལྟ་ལག་བསྟར་བསམ་འཆར་འདོན་རྒྱུ་གཤམ་གསལ།
གཅིག གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། ལས་ཀའི་བླང་བྱ་བཅས་ཀྱི་སྐོར།
1 མཛུབ་ཁྲིད་ཀྱི་བསམ་བློ། ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པའི་བཀོད་སྒྲིག་ནན་ཏན་དོན་འཁྱོལ་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱེད་པའི་ལས་འགན་ཨང་དང་པོ་དེར་དམིགས་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་འཐབ་ཇུས་དམིགས་ཚད་ཅིག་ཏུ་བརྩིས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་དེང་རབས་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་དེ་རྩ་བའི་ཁ་ཕྱོགས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཞི་གཅིག་ཅན་གྱི་རྣམ་པ་གསར་པ་གང་མྱུར་ཆགས་པ་བྱ་རྒྱུ་དེ་རྩ་བའི་བླང་བྱར་བརྩིས་ནས་ཀྲུང་དབྱང་གིས་ནུབ་རྒྱུད་ཐོན་འབྱེད་ཆེན་མོར་སྐུལ་མ་གཏིང་ཟབ་གཏོང་བ་དང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་རྩ་ཆེའི་གོ་སྐབས་དམ་འཛིན་བྱས་ནས་སྒྲིག་སྲོལ་དང་ཟུངས་ནུས་གསར་གཏོད་བྱེད་པ་དང་། ཞིང་འབྲོག་ལས་ཀྱི་རྨང་གཞིར་ཤུགས་སྣོན་རྒྱག་པ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཁེ་དབང་འགན་ལེན་བྱེད་པ། གྲོང་གསེབ་ཀྱི་མཐུན་སྦྱོར་དང་བརྟན་ལྷིང་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ནས་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས་པ་དེ་ཡིན།
2 དམིགས་ཚད་ལས་འགན། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་ལ་ཕབ་པའི་གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཚད་ལས་འགན་དང་ཀྲུང་དབྱང་གིས་རང་ལྗོངས་སུ་བཟོས་པའི་འབད་འཐབ་དམིགས་ཚད་ལ་གཞིགས་ན། 2010ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་རྒྱལ་ཡོངས་ཀྱི་ཆུ་ཚད་འབྲིང་གྲས་གྲལ་སྟར་དུ་སླེབས་པ་དང་། ཞིང་འབྲོག་མང་ཚོགས་80%ཡན་ཉེན་མེད་གོ་ཆོད་ཀྱི་སྡོད་ཁང་ནང་སྡོད་རྒྱུ་ཡོད་པ། སྲིད་འཛིན་གྲོང་ཚོ་གནས་སའི་ཆུ་དང་། གློག ལམ། འཕྲིན་གཏོང་། རྒྱང་བསྒྲགས་བཪྙན་འཕྲིན། སྦྲག་སྲིད་སོགས་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་པོ་ཡོང་བ་བྱེད་པའི་ལས་འགན་སྤྱིར་ན་ལེགས་སྒྲུབ་བྱ་རྒྱུ། སྲིད་འཛིན་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཕྱོགས་བསྡུས་བྱེད་སྒོ་སྤེལ་ཡུལ་སྤྱིར་ན་འཛུགས་རྒྱུ། ལོ་དགུའི་འོས་འགན་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་དུ་གཏོང་རྒྱུ། དར་གཞོན་ཡིག་རྨོངས་བ་ཁྱོན་ཡོངས་ནས་སེལ་བ་བཅས་བྱ་རྒྱུ་དེ་རེད། རྨང་གཞི་དེའི་ཐོག་2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་གཉེར་སྐྱོང་སྒྲིག་སྲོལ་དེ་བས་འཐུས་སྒོ་ཚང་བ་དང་གྲོང་གསེབ་དང་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཞི་གཅིག་ཅན་གྱི་སྒྲིག་སྲོལ་ཟུངས་ནུས་སྤྱིར་ན་འཛུགས་རྒྱུ་དང་། དེང་རབས་ཞིང་འབྲོག་ལས་འཛུགས་སྐྱོང་ཐད་འཕེལ་རིམ་མངོན་གསལ་དོད་པོ་ཐོན་པ་དང་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེས་ཆེར་མཐོ་རུ་འགྲོ་རྒྱུ་དང་འབྲུ་རིགས་ཀྱི་བདེ་འཇགས་དང་ལྷག་པར་དུ་ནས་ཀྱི་བདེ་འཇགས་འགན་ལེན་ནུས་ལྡན་བྱ་རྒྱུ། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་2008ལོ་ལས་ལྡབ་གཅིག་ཡན་འཕར་བ་བྱས་ཏེ་རྒྱལ་ཡོངས་ཀྱི་ཆུ་ཚད་འབྲིང་གྲས་གྲལ་སྟར་དུ་སླེབས་པ་མུ་མཐུད་མཐའ་འཁྱོངས་བྱས་ཏེ་དབུལ་པོ་དབུལ་རྐྱང་གི་སྣང་ཚུལ་སྤྱིར་ན་མེད་པ་བྱ་རྒྱུ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུ། གྲོང་གསེབ་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཕུགས་ཕན་གྱི་ལས་ཀའི་ཟུངས་ནུས་སྔར་བས་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་དེ་བས་མཐུན་སྦྱོར་དང་བརྟན་ལྷིང་ཡོང་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྩ་བའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་ལ་སྐུལ་མ་མངོན་གསལ་དོད་པོ་ཐེབས་པ་བྱས་ཏེ་གྲོང་གསེབ་ཀྱི་རིག་གནས་སྔར་བས་གྲ་རྒྱས་དང་གྲོང་གསེབ་ཀྱི་མི་ཚང་མར་སློབ་གསོ་ཡག་པོ་དང་ལེན་བྱེད་པའི་གོ་སྐབས་ཐོབ་པ་བྱས་ཏེ་གྲོང་གསེབ་ཀྱི་རྩ་བའི་འཚོ་བ་འགན་ལེན་དང་རྩ་བའི་སྨན་བཅོས་འཕྲོད་བསྟེན་གྱི་ལམ་ལུགས་དེ་བས་འཐུས་ཚང་ཡོང་བ་བྱ་རྒྱུ། ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཛའ་མཐུན་རྣམ་པའི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་མ་ལག་སྤྱིར་ན་ཆགས་པ་དང་གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བྱས་ཏེ་རྒྱུན་བསྲིང་གི་འཕེལ་རྒྱས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་བྱ་རྒྱུ་བཅས་རེད།
3 ལས་ཀའི་བླང་བྱ། གོང་གསལ་གྱི་དམིགས་ཚད་ལས་འགན་མངོན་དུ་འགྱུར་བ་བྱེད་པར་གཤམ་གསལ་གྱི་ལས་ཀའི་བླང་བྱ་མཐའ་འཁྱོངས་བྱེད་དགོས་པ་སྟེ།
— ངེས་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་བདེ་སྡོད་ལས་བརྩོན་ཚད་བརྒལ་བྱེད་སར་བརྩི་བའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་མ་ཤུགས་ཆེན་བཏང་ཐོག་བདེ་སྡོད་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་ལས་བརྩོན་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་གསེབ་ཀྱི་དཔལ་འབྱོར་འཛུགས་སྐྱོང་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་བཅས་དང་དེ་བཞིན་སྣོད་བཅུད་འཛུགས་སྐྱོང་གཅིག་གྱུར་འཆར་འགོད་བྱས་ཏེ་དམངས་འཚོ་ལེགས་སུ་གང་ཐུབ་གཏོང་བ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱ་རྒྱུ་དེ་གྲོང་གསེབ་ཀྱི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་འབབ་སར་ཐོག་མཐའ་བར་གསུམ་དུ་བརྩི་དགོས།
— ངེས་པར་དུ་ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་རྒྱུར་སྐུལ་མ་གཏོང་རྒྱུ་དེ་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རང་བཞིན་གྱི་བྱ་ཐབས་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་དང་ཐོན་ལས་ཅན་གྱི་གཉེར་སྐྱོང་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་འབྲོག་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་་འབྲོག་ལས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་སྐྱོད་དགོས།
— ངེས་པར་དུ་གྲོང་གསེབ་ཀྱི་མཐུན་སྦྱོར་བརྟན་ལྷིང་ལ་སྐུལ་མ་གཏོང་རྒྱུ་དེ “ཞིང་གསུམ ”ལས་དོན་གྱི་ནང་དོན་གལ་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། གཞི་རིམ་གྱི་རྨང་གཞིར་ཤུགས་སྣོན་ཆེས་ཆེར་རྒྱག་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་གྲོང་གསེབ་དེ་ཉིད་དོ་དམ་གོ་རིམ་ལྡན་པ་དང་། ཞབས་ཞུ་འཐུས་སྒོ་ཚང་བ། ཡ་རབས་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་ཀྱི་ཐུན་མོང་སྒྲིག་གཞི་ཞིག་ཏུ་འགྱུར་རྒྱུར་སྐུལ་མ་གཏོང་དགོས།
— ངེས་པར་དུ་སྒྱུར་བཅོས་གསར་གཏོད་དེ་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་བསྟུན་འཕེལ་རྒྱས་ཀྱི་སྒོ་ནས་གྲོང་གསེབ་ཀྱི་སྒྱུར་བཅོས་དང་ལམ་ལུགས་གསར་གཏོད་ལ་སྐུལ་མ་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་བླང་བྱ་དང་མི་འཚམས་པའི་ཐོན་སྐྱེད་ཀྱི་འབྲེལ་བ་ལེགས་སྒྲིག་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་བླང་བྱ་དང་འཚམས་པའི་གྲོང་གསེབ་ཀྱི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕེལ་ཤུགས་ཀྱིས་ཁེངས་པ་བྱེད་དགོས།
— ངེས་པར་དུ “ཞིང་གསུམ ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རིམ་ཁག་ཏང་ཨུད་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཀྱི་ལས་དོན་ཐད་ཀྱི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུ་དེ་གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་ཏུ་བརྩིས་ཏེ་དུས་དང་རྣམ་པ་ཀུན་ཏུ་སྣང་ཆུང་བྱེད་མི་རུང་བ་དང་། དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་གཏོང་མི་རུང་བ། དུས་དང་རྣམ་པ་ཀུན་ཏུ་གཡོ་འགུལ་གཏོང་མི་རུང་བ་བཅས་རེད།
གཉིས། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གྲོང་གསེབ་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
4 གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་པོ་ཡོང་བ་དང་འཐུས་ཚང་དུ་གཏོང་དགོས། “ས་ཞིང་སྤྱོད་དབང་དུད་ཚང་ལ་བདག་པ་དང་། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ ”དང་། “ཕྱུགས་རིགས་དུད་ཚང་ལ་བདག་པ་དང་། སྒེར་བདག་སྒེར་གསོ། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ ”“རྩྭ་ར་སྤྱི་ལ་དབང་བ་དང་། དུད་ཚང་ལ་འགན་གཙང་སྤྲོད་པ། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ ”བཅས་ནི་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཁྱད་ཆོས་དང་འཚམས་པའི་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་དང་བོད་ཀྱི་གྲོང་གསེབ་ཏུ་འཛིན་པའི་ཏང་གི་སྲིད་ཇུས་ཀྱི་རྨང་རྡོ་ཡིན་པས་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་མཐའ་འཁྱོངས་བྱེད་དགོས།
ཞིང་འབྲོག་མང་ཚོགས་ལ་དེ་བས་ལེགས་པ་དང་འགན་ལེན་ཡོད་པའི་ས་ཆ་དང་རྩྭ་ར་འགན་གཙང་གི་གཉེར་སྐྱོང་དབང་ཆ་སྤྲོད་སྐབས་ད་ལྟའི་ས་ཆ་དང་རྩྭ་རའི་འགན་གཙང་གི་འབྲེལ་བ་དེ་བརྟན་པོ་ཡོད་པ་བྱས་ཐོག་ཡུན་རིང་མི་འགྱུར་བ་བྱེད་དགོས། ཁྱིམ་ཚང་གི་འགན་གཙང་གཉེར་སྐྱོང་རྨང་གཞིར་བྱེད་པ་དང་གཅིག་གྱུར་དང་ལོགས་དབྱེ་ཟུང་དུ་འབྲེལ་བའི་རིམ་པ་གཉིས་ཀྱི་གཉེར་སྐྱོང་སྒྲིག་སྲོལ་མཐའ་འཁྱོངས་བྱེད་པ་དང་ཁྱིམ་ཚང་གི་གཉེར་སྐྱོང་ཐད་ཉེར་སྤྱོད་ཚན་རྩལ་དང་སྔོན་ཐོན་ཐོན་སྐྱེད་བྱ་ཐབས་ཕྱོགས་སུ་འགྱུར་བ་བྱས་ཏེ་ཚན་རྩལ་འདུས་ཚད་མང་དུ་གཏོང་བ་དང་ཐོན་སྐྱེད་ཀྱི་ནུས་པ་མཐོ་རུ་གང་ཐུབ་གཏོང་དགོས། གཅིག་གྱུར་གཉེར་སྐྱོང་བྱེད་སྐབས་ཞིང་འབྲོག་དུད་ཚང་མཉམ་འབྲེལ་དང་མཉམ་ལས་འཕེལ་རྒྱས་བཏང་སྟེ་རྒྱུ་མང་ཅན་དང་། རིམ་པ་མང་བ། རྣམ་པ་མང་བ་བཅས་ཀྱི་གཉེར་སྐྱོང་ཞབས་ཞུའི་མ་ལག་ཆགས་རྒྱུའི་ཕྱོགས་སུ་འགྱུར་བ་བྱས་ཏེ་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གང་ཐུབ་གཏོང་དགོས། རྩྭ་ར་འགན་གཙང་གི་གཉེར་སྐྱོང་འགན་འཁྲིའི་ལམ་ལུགས་ཧུར་བརྩོན་གི་གཟབ་ནན་གྱི་སྒོ་ནས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་སྟེ་རྩྭ་ཕྱུཌ་དོ་མཉམ་ལམ་ལུགས་ཀྱི་ཞིབ་ཕྲའི་སྲིད་ཇུས་བྱ་ཐབས་བཟོ་དགོས། མཉམ་སྡེབ་ནཌ་དབང་ལམ་ལུཌ་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་གཞུང་ཁོངས་ཞིང་རའི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས།
5.ཚད་ལྡན་ནན་པོ་ཡོད་པའི་གྲོང་གསེབ་ཀྱི་ས་ཆ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ས་ཆའི་ལམ་ལུགས་ནི་གྲོང་གསེབ་ཀྱི་རྨང་གཞིའི་ལམ་ལུགས་ཡིན། བདག་དབང་ཁ་གསལ་དང་། སྤྱོད་སྒོ་དོ་དམ། གྲོན་ཆུང་ཞིབ་གཉེར། དོ་དམ་ནན་པ་བཅས་ཀྱི་ རྩ་དོན་གཞིར་བཟུང་གྲོང་གསེབ་ཀྱི་ས་ཆའི་དོ་དམ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་པོས་མཐའ་འཁྱོངས་བྱས་ཏེ་འགན་འཁྲི་དེ་གཞི་རིམ་དུ་དོན་འཁྱོལ་བྱེད་དགོས། ཡུན་རིང་གི་གཞི་རྩའི་ས་ཞིང་དབྱེ་འབྱེད་གཏན་འབེབས་བྱས་ཏེ་སྲུང་སྐྱོང་དང་ཁ་གསབ་ཟུངས་ནུས་བཙུགས་ནས་གཞི་རྩའི་ས་ཞིང་གི་སྤྱི་འབོར་ཉུང་དུ་མི་འགྲོ་བ་དང་། སྤྱོད་སྒོ་འགྱུར་ལྡོག་མི་འགྲོ་བ། སྤུས་ཚད་མཐོ་རུ་འགྲོ་བ་བཅས་འགན་ལེན་བྱེད་དགོས། ས་ཞིང་ལེགས་སྒྲིག་ངང་བསྐྱར་འདེབས་གསར་སྤེལ་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་རྨོ་ཞིང་ཐད་སྔོན་གསབ་རྗེས་བཟུང་བྱེད་དགོས། གྲོང་གསེབ་ཀྱི་ས་ཞིང་གཏན་འཁེལ་དབང་ཆ་དང་། ཐོ་འགོད། ལག་འཁྱེར་སྤྲོད་པ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ས་ཆའི་འགན་གཙང་གཉེར་སྐྱོང་དབང་ཆའི་ནུས་པ་འཐུས་ཚང་དུ་བཏང་སྟེ་ཁྲིམས་ལྟར་ཞིང་པས་འགན་གཙང་བླངས་པའི་ས་ཆ་བཟུང་བ་དང་། སྤྱོད་པ། ཁེ་ཕན་ཐོབ་པ་སོགས་ཀྱི་དབང་ཆ་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་ས་ཆ་འགན་གཙང་གཉེར་སྐྱོང་དབང་ཆ་སྒྱུར་བཤུག་གི་ཁྲོམ་ར་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་ཁྲིམས་ལྟར་རང་མོས་དང་རིན་ཡོད་པའི་རྩ་དོན་གཞིར་བཟུང་ས་ཆའི་མཉམ་སྡེབ་ལ་དབང་བའི་ངོ་བོར་འགྱུར་ལྡོག་གཏོང་མི་ཆོག་པ་དང་། ས་ཆའི་སྤྱོད་སྒོར་འགྱུར་ལྡོག་མི་གཏོང་བ། ཞིང་པས་ས་ཆ་འགན་གཙང་ལེན་པའི་ཁེ་དབང་ལ་གནོད་འཚེ་མི་གཏོང་བ་བཅས་ཀྱི་རྨང་གཞིའི་ཐོག་ཞིང་པས་འགན་ལེན་གཞན་སྤྲོད་དང་། བོགས་གཏོང་། བརྗེ་རེས། ནང་བཤུག མ་རྐང་མཉམ་ལས་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་ས་ཆ་འགན་གཙང་གཉེར་སྐྱོང་བྱེད་དབང་སྒྱུར་བཤུག་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་གཞི་ཁྱོན་འོས་འཚམས་ལྡན་པའི་གཉེར་སྐྱོང་འཕེལ་རྒྱས་གཏོང་ཆོག ཆ་རྐྱེན་ཡོད་པའི་ས་ཆར་ཆེད་ལས་དུད་ཆེན་དང་། ཁྱིམ་ཚང་གི་ཞིང་ར། ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་གཙོ་གཟུགས་འཕེལ་རྒྱས་གཏོང་ཆོག གྲོང་གསེབ་ཀྱི་སྡོད་ཁང་རྟེན་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་སྡོད་ཁང་རྟེན་གཞིའི་དོ་དམ་ནན་དུ་བཏང་སྟེ་ཞིང་དུད་ ཀྱི་སྡོད་ཁང་རྟེན་གཞི་བེད་སྤྱོད་གཏོང་བའི་ཁེ་དབང་དང་བདག་དབང་ཁྲིམས་ལུགས་ལྟར་འགན་ལེན་བྱེད་དགོས། ས་བསྡུའི་ལམ་ལུགས་སྒྱུར་བཅོས་བྱས་ནས་སྤྱི་ཕན་རང་བཞིན་དང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་སྤྱོད་དབྱེ་འབྱེད་ནན་པོ་བྱེད་པ་དང་ས་ཆ་བསྡུ་བའི་ཁ་གསབ་ཟུངས་ནུས་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་ཀྱི་ས་ཆ་དང་ནགས་ས་ཁྲིམས་ལུགས་ལྟར་གཞུང་བསྡུ་བྱས་ནས་ས་ཆ་གཅིག་མཚུངས་དང་རིན་གོང་གཅིག་མཚུངས་ཀྱི་རྩ་དོན་ལྟར་གྲོང་གསེབ་ཀྱི་མཉམ་སྡེབ་རྩ་འཛུགས་དང་ཞིང་པར་དུས་ཐོག་དང་འདང་ངེས་ངང་ཁ་གསབ་ལུགས་མཐུན་བྱས་ཐོག་ས་ཆ་གཞུང་བསྡུ་བྱས་པའི་ཞིང་པའི་ལས་ཞུགས་དང་། སྡོད་ཁང་། སྤྱི་ཚོགས་འགན་ལེན་བཅས་ཐག་གཅོད་ཡག་པོ་བྱེད་དགོས།
6.ཞིང་འབྲོག་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་འབྲོག་ལས་ཀྱི་གཏོང་ཆའི་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ནོར་སྲིད་ཀྱི་གཏོང་སྒོ་དང་། གཏན་འཇགས་མ་རྩའི་གཏོང་ཆ། དངུལ་བུན་གཏོང་བའི་གྲུབ་ཆ་བཅས་ལེགས་སྒྲིག་གིས་ཞིང་འབྲོག་ལས་ལ་གཏོང་ཆ་གཏོང་ཚད་འཕར་ཤུགས་དེ་རྒྱུན་གཏན་རང་བཞིན་གྱི་ཡོང་འབབ་འཕར་ཚད་ལས་མཐོ་བ་ཡོད་པ་བྱ་རྒྱུ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་གཏོང་བའི་གཏོང་ཆ་ཚད་གཞི་མཐོ་པོས་འཕར་བ་བྱ་རྒྱུ། སྲིད་གཞུང་གི་ས་ཆ་ནང་བཤུག་གི་ཕན་འབྲས་དང་རྨོ་ཞིང་བཟུང་སྤྱོད་ཀྱི་དཔྱ་ཁྲལ་གྱི་ཡོང་འབབ་དེ་ཞིང་འབྲོག་ལ་གཏོང་བའི་བསྡུར་ཚད་ཚད་གཞི་མཐོ་པོས་ཆེ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་འཛུགས་སྐྲུན་རྣམ་གྲངས་ལ་གཏོང་ཆ་གཏོང་ཤུགས་ཚད་གཞི་མཐོ་པོས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་རིམ་པ་ཁག་གི་ནོར་སྲིད་འགན་ལེན་བྱེད་དགོས། རྒྱལ་ཁབ་ཀྱིས་རང་ལྗོངས་ཀྱི་ཉེན་ཡོད་ཆུ་མཛོད་མེད་པ་བཟོ་རྒྱུ་དང་བརྟན་དུ་གཏོང་རྒྱུ་སོགས་སྤྱི་ཕན་རང་བཞིན་གྱི་འཛུགས་སྐྲུན་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་པ་དང་ས་ཁུལ་དང་གྲོང་ཁྱེར་དང་ས་ཁུལ་དང་གྲོང་ཁྱེར་མན་གྱི་ཆ་ལག་ཚང་བའི་མ་རྩའི་བཀོད་སྒྲིག་མེད་པ་བཟོས་དགོས། ཞིང་འབྲོག་ལས་ཀྱི་ཁ་གསབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁ་གསབ་བྱ་ཁོངས་རྒྱ་ཆེར་གཏོང་བ་དང་ཁ་གསབ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་པ་ཤིང་། ལྷག་པར་དུ་འབྲུ་རིགས་དང་ཡོང་འབབ་འཕར་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རྒྱུ་ཆའི་རིན་གོང་འཕར་བ་དང་འབྲེལ་བ་ཡོད་པའི་ཞིང་འབྲོག་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་བྱས་ཚུལ་ལེགས་སྒྲིག་བྱེད་པའི་ཟུངས་ནུས་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིང་ཞོར་ཐོན་ཟོག་གི་རིན་གོང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་འབྲུ་རིགས་བསྡུ་ཉོའི་རིན་གོང་དམའ་ཤོས་མཐོ་རུ་གཏོང་བ་དང་འབྲུ་རིགས་འདང་ངེས་ཡོད་པ་དང་ལྷག་པར་དུ་ནས་གསོག་འཇོག་ཡག་པོ་བྱེད་དགོས། ཞིང་འབྲོག་ལས་ཐོན་ཁུངས་ཁོར་ཡུག་གི་སྐྱིན་གསབ་སྤྲོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྨོ་ཞིང་དང་། ཆུ་ཁོངས། ནགས་ཚལ། རྩྭ་ཐང་སོགས་རང་བྱུང་ཐོན་ཁུངས་དང་ཞིང་འབྲོག་ལས་ཀྱི་དངོས་རིགས་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་པའི་སྐུལ་ལྕག་གི་ཟུངས་ནུས་ཤིག་ཆགས་པ་བྱེད་དགོས་པ་དང་བོད་སྐྱོར་གྱི་མ་དངུལ་དང་རྣམ་གྲངས་གནད་ཆེ་ས་གཤམ་དུ་སྤེལ་རྒྱུའི་ཁྲིད་སྟོན་བྱས་ཏེ་གཙོ་བོ་གྲོང་གསེབ་ཀྱི་གཞི་རིམ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱ་རྒྱུའི་ཐད་སྤྱོད་དགོས།
7.གྲོང་གསེབ་ཀྱི་དེང་རབས་ཀྱི་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་དངུལ་རྩ་ནི་དེང་རབས་ཀྱི་གྲོང་གསེབ་དཔལ་འབྱོར་གྱི་སྲོག་ཤིང་ཡིན་པས་གྲོང་གསེབ་ཀྱི་དོན་དངོས་དང་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་ཞིང་དུད་དང་ཁེ་ལས་ལ་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུ་ལེགས་བཅོས་བྱ་རྒྱུར་ཕན་ཐོགས་ཡོད་པ་བྱ་རྒྱུའི་བླང་བྱ་ལྟར་གྲོང་གསེབ་ཀྱི་དངུལ་རྩའི་སྒྲིག་གཞི་སྒྱུར་བཅོས་དང་གསར་གཏོད་བྱེད་མགྱོགས་སུ་གཏོང་དགོས་པ་དང་གྲོང་གསེབ་ཀྱི་ཞབས་ཞུར་འཛིན་པའི་དངུལ་རྩའི་སྒྲིག་གཞིའི་ཟུངས་ནུས་བཙུགས་ནས་རྫོང་ཁོངས་ནང་གི་དངུལ་རྩའི་སྒྲིག་གཞིས “ཞིང་གསུམ ”ལ་ཞབས་འདེགས་ཞུ་བའི་འོས་འགན་ཁ་གསལ་བཟོ་དགོས་པ་དང་དེས་གྲོང་གསེབ་ནས་བསྡུས་པའི་བཅོལ་དངུལ་ནང་ནས་བསྡུར་ཚད་འོས་འཚམ་ཞིག་ས་གནས་དེ་གར་དངུལ་བུན་གཏོང་རྒྱུར་སྤྱོད་དགོས། ཞིང་པར་ཞབས་འདེགས་ཞུ་བའི་ཞིང་ལས་དངུལ་ཁང་གི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་འགན་འཁྲི་དང་ནུས་པ་ཆེ་རུ་གཏོང་བ་དང་ཞབས་ཞུའི་དྲ་བ་བརྟན་པོ་དང་འཕེལ་རྒྱས་གཏོང་དགོས། ཞིང་ལས་དང་འབྲེལ་བའི་སྦྲག་སྲིད་དངུལ་བཅོལ་དངུལ་ཁང་གི་ལས་སྒོའི་ཁྱབ་ཁོངས་ཆེ་རུ་གཏོང་དགོས་པ་དང་གྲངས་འབོར་ཉུང་བའི་དངུལ་བུན་གཏོང་རྒྱུ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་དུད་ལ་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་གཏོང་རྒྱུ་དང་། དབུལ་སྐྱོར་དངུལ་བུན་གཏོང་རྒྱུ། ཞིང་དུད་ཁག་ཐེག་མཉམ་འབྲེལ་ཐོག་ནས་དངུལ་བུན་ལེན་རྒྱུ་བཅས་མུ་མཐུད་རྒྱ་ཆེར་གཏོང་དགོས་པ་དང་གྲོང་གསེབ་ཀྱི་འགན་བཅོལ་བྱ་གཞག་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་སྲིད་ཇུས་རང་བཞིན་གྱི་ཞིང་འབྲོག་ལས་ཀྱི་འགན་བཅོལ་ལམ་ལུགས་རིམ་བཞིན་འཛུགས་དགོས།
8.གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ལམ་ལུཌ་འཛུཌ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཅིག་གྱུར་བཀོད་སྒྲིག་བྱེད་པའི་སྒྲིག་གཞིའི་ཟུངས་ནུས་མགྱོགས་སུ་ཆགས་པ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་འཆར་འགོད་དང་། ཐོན་ལས་ཀྱི་བཀོད་སྒྲིག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ་བཅས་གཞི་གཅིག་ཅན་དུ་འགྱུར་བ་བྱེད་པའི་ཐད་གང་མགྱོགས་ཚད་བརྒལ་ཡོང་བ་བྱེད་དགོས་པ་དང་སྤྱི་སྤྱོད་ཐོན་ཁུངས་དེ་གྲོང་ཁྱེར་དང་གྲོང་གསེབ་དབར་བཀོད་སྒྲིག་དོ་སྙོམས་ཡོང་བ་དང་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་གྲོང་ཁྱེར་དང་གྲོང་གསེབ་དབར་རང་འདོད་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཐུན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། ས་ཆ་བེད་སྤྱོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་འཆར་འགོད་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་དང་རྫོང་ཁོངས་ཁྱབ་ཁོངས་ནང་གི་གྲོང་རྡལ་འཛུགས་སྐྲུན་དང་། ཞིང་ཁ་དང་རྩྭ་ར་སྲུང་སྐྱོང་། ཐོན་ལས་མཉམ་བསྡུས། གྲོང་ཚོ་ཁྱབ་ཚུལ། སྣོད་བཅུད་སྲུང་སྐྱོང་སོགས་བར་སྣང་གི་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱས་ཏེ་གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས་དང་ཤང་གྲོང་ཁེ་ལས་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་ལ་མ་རྩ་དང་། ལག་རྩལ། ཤེས་ལྡན་པ། དོ་དམ་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་གྲོང་གསེབ་ཏུ་འཁོར་རྒྱུག་བྱེད་དགོས་པའི་ཁྲིད་སྟོན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་ཐད་གཅིག་གྱུར་འཆར་འགོད་བྱས་ཏེ་གྲོང་གསེབ་ཀྱི་སྤྱི་པའི་བྱ་གཞག་ལ་འཛིན་པའི་ནོར་སྲིད་ཀྱི་འགན་ལེན་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་དགོས་པ་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་སྤྱི་པའི་ཞབས་ཞུའི་ལམ་ལུགས་རིམ་བཞིན་འཛུགས་དགོས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ལས་ཞུགས་གཅིག་གྱུར་འཆར་འགོད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་ར་གང་མགྱོགས་འཛུགས་པ་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་གོ་རིམ་ལྡན་པ་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་ཕྱིར་ལས་ཞུགས་སུ་བསྐྱོད་རྒྱུའི་ཁྲིད་སྟོན་བྱེད་པ་དང་ཞིང་འབྲོག་མང་ཚོགས་ལ་ས་གནས་དེ་ག་དང་ཉེ་བའི་སར་ལས་ཞུགས་བྱེད་པར་བསྒྱུར་རྒྱུའི་སྐུལ་ལྕག་དང་ཞིང་འབྲོག་གླ་པ་ཚོར་ཕ་ཡུལ་དུ་ལོག་ནས་ལས་ལམ་གསར་འབྱེད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཞིང་འབྲོག་གླ་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་གླ་པའི་ངལ་རྩོལ་གྱི་ཐོབ་ཆ་དང་། བུ་ཕྲུག་སློབ་གྲྭར་ཞུགས་རྒྱུ། སྤྱི་སྤྱོད་འཕྲོད་བསྟེན། སྡོད་ཁང་གི་ཁང་གླ་སྤྲོད་རྒྱུ་དང་སྡོད་ཁང་ཉོ་རྒྱུ་སོགས་གྲོང་རྡལ་གྱི་གྲོང་མི་དང་འདྲ་བའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་རིམ་བཞིན་བྱེད་དགོས་པ་དང་ཞིང་འབྲོག་གླ་པའི་རྒན་གསོ་དང་འགན་བཅོལ་བྱ་ཐབས་བཟོ་རྒྱུ་དམ་འཛིན་བྱེད་དགོས། ཞིང་འབྲོག་གླ་པའི་ལས་རྨས་དང་། སྨན་བཅོས། རྒན་གསོ་དང་རྒན་བཅོལ་བཅས་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་ཞིང་འབྲོག་གླ་པའི་རྒན་གསོ་དང་འགན་བཅོལ་གྱི་མཚམས་སྦྱོར་ཡི་གེ་སྤོ་བསྒྱུར་འབྲེལ་མཐུད་བྱ་ཐབས་བཟོ་རྒྱུ་དམ་འཛིན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་ཀྱི་ཞབས་ཞུ་དང་དོ་དམ་གཅིག་གྱུར་འཆར་འགོད་བྱས་ཏེ་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་གནས་ངེས་མེད་ཀྱི་མི་འབོར་ལ་ཞབས་འདེགས་ཞུ་རྒྱུ་དང་དོ་དམ་བྱེད་པའི་སྒྲིག་གཞི་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དོན་དངོས་དང་བསྟུན་ནས་གྲོང་རྡལ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བ་དང་གྲོང་གསེབ་ལ་འཛིན་པའི་གྲོང་རྡལ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་གྲོང་རྡལ་ཅན་དང་གྲོང་གསེབ་གསར་པའི་འཛུགས་སྐྲུན་ཕན་ཚུན་སྐུལ་འདེད་དང་མཉམ་དུ་མདུན་སྐྱོད་བྱེད་པའི་ཟུངས་ནུས་ཤིག་ཆགས་པ་བྱེད་དགོས།
གསུམ། ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས།
9.ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཞིང་ནང་ཆུ་བེད་གཙོ་གནད་དུ་བྱེད་པའི་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ནི་དེང་རབས་ཀྱི་ཞིང་འབྲོག་ལས་ཀྱི་གལ་ཆེའི་དངོས་པོའི་ཆ་རྐྱེན་ཞིག་ཡིན། འཆར་འགོད་ཡག་པོ་བཟོ་བ་དང་། གཅིག་གྱུར་འཆར་འགོད། ཡུག་གཅིག་སྐུལ་འདེད་ཡག་པོ་གཏོང་བ་བཅས་བྱས་ནས་ཐོན་དམའ་དང་ཐོན་འབྲིང་གི་ཞིང་ཁ་སྒྱུར་བཀོད་མགྱོགས་མྱུར་བྱེད་པ་དང་ཞིང་པར་ས་རྒྱུ་ལེགས་བཅོས་བྱེད་པ་དང་ས་ཆ་ཚད་ལེན་གྱིས་ལུད་སྡེབ་སྦྱོར་བྱ་རྒྱུ་ཁྱབ་གདལ་བཏང་ནས་ས་ཞིང་གི་སྤུས་ཚད་མཐོ་རུ་གཏོང་དགོས་པའི་སྐུལ་འདེད་གཏོང་དགོས། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཡག་པོ་བྱས་ཏེ་ཐོན་ཚད་མཐོ་བ་དང་ཐོན་འབབ་བརྟན་པའི་ཞིང་ཁའི་བསྡུར་གྲངས་ཚད་གཞི་མཐོ་པོས་མང་དུ་གཏོང་དགོས་པ་དང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱས་ཏེ་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ཞིང་ནང་ཆུ་བེད་འཛུགས་སྐྲུན་གྱི་འཆར་འགོད་ལེགས་སུ་བཏང་ནས་ཞིང་ནང་ཆུ་བེད་ལས་གྲྭ་འཛུགས་སྐྲུན་དང་དོ་དམ་ལ་ཕྱོགས་ཡོངས་ནས་སྐུལ་མ་གཏོང་དགོས། དམངས་གཉེར་གཞུང་རོགས་སོགས་ཀྱི་རྣམ་པ་སྤྱད་དེ་ཞིང་འབྲོག་པར་ཞིང་ནང་ཆུ་བེད་ཀྱི་སྒྲིག་ཆས་ཆུང་གྲས་དང་ཆུ་ཕྲན་རྒྱུག་སའི་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་འཛུགས་དགོས་པའི་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས། ཆུ་བེད་ལ་བརྟེན་ནས་དམངས་ཕྱུག་བྱེད་པའི་ལས་གྲྭ་ལག་བསྟར་མགྱོགས་མྱུར་བྱས་ནས་ཐན་འགོག་དང་ཆུའི་ཐོན་ཁུངས་ཀྱི་ལས་གྲྭ་འབྲིང་གྲས་དང་ཆུང་གྲས་གཉེར་དགོས་པ་དང་ཞིང་ཆུ་འདྲེན་ཡུལ་ཆེ་གྲས་དང་འབྲིང་གྲས་མཐུད་སྐྲུན་དང་ཆུ་གྲོན་ཆུང་གི་སྒྱུར་བཀོད་མུ་མཐུད་བྱ་རྒྱུ་དེ་ཞིང་འབྲོག་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པའི་གཙོ་གནད་དུ་བྱས་ཏེ་ཡར་ཀླུང་དང་ཡར་ཀླུང་གཙང་པོའི་བྱང་རྒྱུད་དང་དེ་བཞིན་ཞིང་ཆུ་འདྲེན་ཁུལ་འབྲིང་གྲས་དང་ཆུང་གྲས་ཀྱི་ལས་གྲྭའི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། ཉེན་ཡོད་ཆུ་མཛོད་ཀྱི་ཉེན་ཁ་མེད་པ་བཟོ་བ་དང་བརྟན་དུ་ཕྱོགས་ཡོངས་ནས་བཏང་སྟེ་2010 ལོའི་ལོ་མཇུག་ཏུ་སླེབས་སྐབས་ཉེན་ཁ་ཡོད་པའི་ཆུ་མཛོད་ཆེ་གྲས་དང་འབྲིང་གྲས་དང་གཙོ་གནད་ཆུང་གྲས་བརྟན་དུ་གཏོང་བའི་ལས་འགན་ལེགས་སྒྲུབ་ཐུབ་པ་བྱེད་དགོས། ཞིང་ལས་དངོས་པོའི་ལག་རྩལ་སྒྲིག་ཆས་ལ་ཤུགས་སྣོན་རྒྱག་པ་དང་ས་ཞིང་གི་ཐོན་ཚད་དང་། ཐོན་ཁུངས་སྤྱོད་ཚད། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་བཅས་མཐོ་རུ་བཏང་ནས་ཞིང་འཕྲུལ་སྒྲིག་ཆས་ལེགས་སུ་གཏོང་བ་དང་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་འཕྲུལ་ཡོ་ཆས་དཔེ་སྟོན་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ལས་འཕྲུལ་ཆས་ཅན་གྱིས་ལས་ཀ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས།
10.ཞིང་འབྲོག་ལས་ཀྱི་གྲུབ་ཆ་སྔར་བས་བཟང་སྒྲིག་བྱེད་དགོས། ཁྲོམ་རའི་དགོས་མཁོ་ཁྲིད་སྟོན་དུ་བྱེད་པ་དང་། ཉེར་སྤྱོད་ཚན་རྩལ་ཁྱབ་གདལ་གཏོང་རྒྱུ་བྱ་ཐབས་སུ་བྱེད་པ། སྤུས་ཚད་ཀྱི་ཕན་འབྲས་དམིགས་ཚད་དུ་བྱེད་པ་བཅས་བྱས་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་གོང་འཕེལ་བཏང་སྟེ་ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཀྱི་མ་ལག་ཅིག་འཛུགས་དགོས། ལེགས་ཆ་ལྡན་པའི་ས་ཁོངས་དང་། ལེགས་ཆ་ལྡན་པའི་ཐོན་ཁུངས། ལེགས་ཆ་ལྡན་པའི་ཐོན་ལས། སྔོན་ལ་གོང་འཕེལ་གཏོང་བ་བཅས་ཀྱི་སྤྱིའི་བསམ་ཕྱོགས་དང་ས་ཁོངས་གཅིག་སྡུད་དང་། གཞི་ཁྱོན་ཆེར་གཏོང་། སྤུས་ཚད་མཐོར་གཏོང་། ཕན་འབྲས་མཐོར་གཏོང་བཅས་ཀྱི་དམིགས་ཚད་ཀྱི་བླང་བྱ་གཞིར་བཟུང་ཞིང་ཕྱུགས་ཐོན་ཟོག་གི་ལེགས་ཆ་ལྡན་པའི་ས་ཁོངས་བཀོད་སྒྲིག་འཆར་འགོད་དང་འཛུགས་སྐྲུན་མུ་མཐུད་ཡག་པོ་བྱས་ནས་སྤུས་ལེགས་ཞིང་ཕྱུགས་ཐོན་ཟོག་ཐོན་སྐྱེད་དང་ཁྱད་ལྡན་་ཞིང་འབྲོག་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ལེགས་ཆ་མངོན་གསལ་དོད་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་བོད་ནུབ་བྱང་གི་ར་ལུག་དང་། བོད་བྱང་ཤར་གྱི་འབྲི་གཡག བོད་ཤར་ལྷོའི་ནགས་འོག་གི་ཐོན་ཁུངས། བོད་སྨན་རྒྱུ་ཆ། བདག་ཏུ་མ་བཟུང་བའི་སྲོག་ཆགས་འདུལ་གསོ་དང་གསོ་སྤེལ། བོད་དབུས་ཀྱི་སྤུས་ལེགས་འབྲུ་སྣུམ། གྲོང་འདབས་ཀྱི་སྤྱི་གནོད་མེད་པའི་སྔོ་ཚལ། བོད་ཕག་དང་བོད་བྱ་གསར་སྤེལ་དང་མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་འབྲོག་ལས་སོགས་སྤུས་ལེགས་ཐོན་ལས་ཁུལ་གྲུབ་པ་བྱེད་དགོས། ཞིང་ཕྱུགས་ཐོན་ཟོག་ལས་སྣོན་ལས་རིགས་གོང་འཕེལ་ཤུགས་ཆེན་བཏང་ནས་ཐོན་ལས་མུ་སྦྲེལ་ཆགས་པ་དང་ཟུར་སྣོན་རིན་ཐང་འཕར་བ་བྱེད་དགོས། ཞིང་འབྲོག་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས “གཙང་པོ་གཅིག་དང་ཆུ་བོ་གསུམ ”རྒྱུགས་ཁུལ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་གཙོ་གནད་སྐྲུན་ཏེ་ནས་དང་། གྲོ པད་ཁ། ཞོག་ཁོག་སོགས་ཐོན་འབོར་ཆེ་བའི་ཚོང་ཟོག་གཅིག་སྡུད་ཐོག་གོང་འཕེལ་གཏོང་བ་དང་སྔོ་ཚལ་དང་། ཤིང་འབྲས། རྩྭ་དང་མེ་ཏོག་སོགས་ལྡུམ་རའི་ཐོན་ཟོག་ལེགས་བསྡུས་ཞིབ་གཉེར་ཅན་དང་སྒྲིག་བཀོད་ཅན་དུ་འགྱུར་རྒྱུའི་ཐོན་སྐྱེད་ལ་སྐུལ་སྤེལ་གཏོང་བ་བཅས་བྱས་ནས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་དང་གྲོང་ཚོ་གཅིག་ལ་ཐོན་ཟོག་སྣ་ཁ་གཅིག་གོང་འཕེལ་གཏོང་དགོས། འབྲོག་ལས་གོང་འཕེལ་ཤུགས་ཆེན་བཏང་ནས་ཞིང་ཁུལ་གྱི་འབྲོག་ལས་དེ་གྲངས་ཚད་མང་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་ཤུགས་སྣོན་རྒྱག་པ་དང་། ཕན་འབྲས་སྔོན་ལ་ཐོན་པ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ། བཞོན་མ་དང་། ཕག་པ། བྱ་རིགས་བཅས་གསོ་ཚགས་ལས་རིགས་གོང་འཕེལ་མགྱོགས་པོ་གཏོང་བ། ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་བཅོས་བྱ་རྒྱུ་དམ་འཛིན་ནན་པོ་བྱེད་པ། རྩྭ་འདེབས་ཕྱུགས་གསོ་རྒྱ་ཁྱབ་ངང་སྤེལ་བ། གཟན་ཆགས་ལ་བརྟེན་ནས་གསོ་སྤེལ་བྱེད་པའི་ཚད་ལྡན་ཁུལ་ཆུང་གྲས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་སྔོན་ལ་ཐོན་ལས་ཅན་གྱི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་དགོས་པ་དང་། རྩྭ་རའི་འབྲོག་ལས་དེ་ལག་ཡོད་ཕྱུགས་གྲངས་ཚོད་འཛིན་དང་བཤས་གཏོང་རྒྱུའི་ཐོག་གཙོ་བོར་བཞག་ནས་སྣོད་བཅུད་སྲུང་སྐྱོང་མཐའ་འཁྱོངས་བྱེད་པ་དང་། ཕྱུགས་རིགས་བཤས་གཏོང་ཤུགས་ཆེ་རུ་གཏོང་བ། ཕྱུགས་རྒྱུད་ལེགས་བཅོས་དང་ཕྱུགས་ཁྱུ་འཁོར་རྒྱུག་བྱེད་མགྱོགས་སུ་གཏོང་བ། རྩྭ་ར་དང་ཕྱུགས་རིགས་དོ་སྙོམས་ཡོང་བའི་ཟུངས་ནུས་གཏོད་པ། སྲོལ་རྒྱུན་གྱི་གསོ་ཚགས་བྱེད་ཐབས་ལ་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ་ཕྱུགས་རིགས་བཤས་གཏོང་ཚད་དང་ཚོང་ཟོག་ཏུ་འགྱུར་ཚད་ཚད་གཞི་མཐོ་པོས་མང་དུ་གཏོང་དགོས། ཆ་རྐྱེན་ཡོད་པའི་ས་གནས་སུ་ཆུ་ཐོན་གསོ་སྤེལ་དང་དེ་བཞིན་ཉ་སོགས་འཛིན་རྒྱུའི་ལས་རིགས་གོང་འཕེལ་མགྱོགས་པོ་གཏོང་དགོས། ནགས་འོག་ཐོན་ལས་གོང་འཕེལ་བཏང་ནས་རི་ཁུལ་གྱི་དཔལ་འབྱོར་དར་རྒྱས་གཏོང་དགོས།
11.ཞིང་འབྲོག་ལས་ཀྱི་ཚན་རྩལ་ཞབས་ཞུ་ཆེ་རུ་གཏོང་དགོས། ཞིང་འབྲོག་ལས་གོང་འཕེལ་གཏོང་བའི་གཞི་རྩའི་ཐབས་ལམ་དེ་ཚན་རྩལ་ཡར་རྒྱས་ལ་ཐུག་ཡོད་པས་དེང་རབས་ཀྱི་ཞིང་འབྲོག་ལས་འཛུགས་སྐྲུན་བྱ་རྒྱུར་གཙོ་གནད་དུ་དམིགས་ཏེ་ཁྲིད་སྟོན་དང་གསར་གཏོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ལས་ཚན་རྩལ་ཞིབ་འཇུག་དང་གསར་སྤེལ་དང་། གཞན་སྒྱུར། བཀོལ་སྤྱོད། ཁྱབ་གདལ་གཏོང་ཤུགས་བཅས་ཆེ་རུ་གཏོང་དགོས། ཞིང་འབྲོག་ལས་ཚན་རྩལ་གྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་རང་བཞིན་གྱི་ཚན་རིག་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་དགོས། འགན་འཁྲི་གསལ་བཟོ་དང་། སྒྲིག་གཞི་མཐུན་འགྱུར། བཀོད་སྒྲིག་ལེགས་གཏོང་། སྐྲུན་ཤུགས་ཆེར་གཏོང་། འཐབ་ས་དང་པོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཟུངས་ནུས་གསར་གཏོད་བཅས་ཀྱི་བླང་བྱ་གཞིར་བཟུང་ཞིང་འབྲོག་ལས་ཀྱི་ཚན་ཞིབ་དང་ཚན་རྩལ་ཁྱབ་གདལ་གཏོང་བའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་སྒྱུར་བཅོས་ལ་སྐུལ་སྤེལ་གཏོང་དགོས། ཞིང་འབྲོག་ལས་ཀྱི་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་2010 ལོར་སླེབས་སྐབས་སྲིད་འཛིན་གྲོང་ཚོ་ཚང་མར་ཞིང་འབྲོག་པའི་ཆེད་ལས་ཚན་རྩལ་མི་སྣ་གཅིག་རེ་ཡོད་པ་བྱ་རྒྱུའི་བརྩོན་ལེན་བྱེད་དགོས། ཚན་རྩལ་མི་སྣ་གཞི་རིམ་དུ་གཞི་ཚུགས་རྒྱུ་དང “ཞིང་གསུམ ”ལ་ཞབས་འདེགས་ཞུ་བའི་གཟིགས་སྐྱོང་སྲིད་ཇུས་ཀྱི་ཡིད་དབང་འགུག་ཤུགས་ཆེ་བའི་མ་ལག་གང་མགྱོགས་བཙུགས་ནས་ཡུན་རིང་གཞི་རིམ་དུ་ལས་ཀ་བྱེད་མཁན་ཞིང་འབྲོག་ལས་ཀྱི་ཚན་རྩལ་མི་སྣའི་གོ་མིང་དཔྱད་བསྡུར་གཏན་འབེབས་དང་། གླ་ཕོགས་དང་ཐོབ་ཐང་། བུ་ཕྲུག་སློབ་གྲྭར་གཏོང་རྒྱུ་སོགས་ཐད་དམིགས་བསལ་གྱི་ལྟ་རྟོག་བྱེད་དགོས། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ཚན་རྩལ་གྱི་རིན་ལྡན་ཞབས་ཞུ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་མི་སྣའི་ཁེ་ཕན་དེ་ཚན་རྩལ་གྲུབ་འབྲས་དང་ཟུང་འབྲེལ་བྱེད་པའི་ལྕག་སྐུལ་གཏོང་བའི་ཟུངས་ནུས་ལག་བསྟར་བྱེད་དགོས། མ་དངུལ་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གཅིག་སྡུད་ཐོག་མ་དངུལ་གཏོང་བ་དང་། གཞི་ཁྱོན་ལྡན་པའི་གཉེར་སྐྱོང་བྱེད་པ། ཆ་རྐྱེན་འཚམ་པའི་ས་གནས་སུ “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པའི ”དཔེ་སྟོན་རྫོང་དང་དཔེ་སྟོན་ཤང་གྲོང་ཁག་གཅིག་གསོ་སྐྱོང་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་འདེབས་འཛུགས་དང་གསོ་སྤེལ་བྱེད་པའི་དཔེ་སྟོན་དུད་ཚང་ཁག་གཅིག་གསོ་སྐྱོང་བྱེད་དགོས། ཚན་རྩལ་གྱི་ཆེད་དམིགས་མི་སྣའི་ལས་དོན་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ནས་ཚན་རྩལ་དུད་ཚང་དུ་སྤེལ་བའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚན་རྩལ་མཛུབ་ཁྲིད་ཐད་ཀར་དུད་ཚང་དུ་སྤེལ་རྒྱུ་དང་། སོན་བཟང་དང་བྱ་ཐབས་བཟང་པོ་ཐད་ཀར་ཞིང་ནང་དུ་འབྱོར་བ་བྱ་རྒྱུ། ལག་རྩལ་གྱི་འགག་རྩ་ཐད་ཀར་མི་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་བཅས་ཀྱི་ཚན་རྩལ་ཁྱབ་གདལ་གཏོང་བའི་ཟུངས་ནུས་ཆེ་རུ་བཏང་ནས་ལྗོངས་ཕྱི་ནང་གི་ཞིང་ལས་སློབ་གླིང་དང་། ཚན་ཞིབ་ཁང་། ཚན་རྩལ་ཁེ་ལས་དང་འཇོན་ཐང་ཅན་བཅས་ལ་ཚན་རྩལ་འགན་གཙང་ལེན་རྒྱུར་ལྕག་སྐུལ་དང་སྐུལ་སྤེལ་བཏང་ནས་ཚན་རྩལ་ཡར་རྒྱས་ཀྱིས་ཞིང་འབྲོག་ལས་ཀྱི་ཐོན་འཕར་ལ་ལེགས་སྐྱེས་འབུལ་ཚད་40%ཡན་ཟིན་རྒྱུ་དང་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་ཚད་80%ཟིན་པ་བྱེད་དགོས། ཞིང་འབྲོག་ལས་ཀྱི་རྩལ་ནུས་དང་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་བྱ་ཡོད་པ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་བྱེད་ཤེས་པ་བཅས་ཀྱི་ཞིང་འབྲོག་པ་གསར་པ་གསོ་སྐྱོང་ཤུགས་ཆེན་བྱེད་དགོས།
12.ཞིང་འབྲོག་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ཕྱོགས་བསྡུས་སྒྲིག་སྦྱོར། སྟབས་བདེ་ལ་ནུས་པ་ཆེ་བ་བཅས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་རྒྱུ་ནི་ཁྱིམ་ཚང་གི་གཉེར་སྐྱོང་རྨང་གཞིའི་ཐོག་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པས་སྤྱི་པའི་ཞབས་ཞུའི་སྒྲིག་གཞིར་བརྟེན་པ་དང་། མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་རྨང་གཞི་བྱེད་པ། སྣེ་འདྲེན་ཁེ་ལས་ཀྱིས་རྐང་འཛིན་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་གྱིས་ཁ་སྣོན་བྱེད་པ་བཅས་ཀྱི་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་དང་གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུ་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་ཆེད་དོན་ཞབས་ཞུ་དང་ཕྱོགས་བསྡུས་ཞབས་ཞུ་ཕན་ཚུན་མཐུན་སྦྱོར་བྱེད་པའི་ཞིང་འབྲོག་ལས་གསར་པའི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་དགོས།
ཞིང་འབྲོག་ལས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། དོ་དམ་སྒྲིག་གཞི་གསར་གཏོད། མི་སྣའི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ལོ་ལྔ་ཡི་ནང་རྫོང་དང་ཤང (གྲོང་རྡལ )ངམ་ཡང་ན་ས་ཁོངས་རང་བཞིན་གྱི་ཞིང་འབྲོག་ལས་ལག་རྩལ་ཁྱབ་གདལ་དང་། སྲོག་ཆགས་དང་སྐྱེ་དངོས་ཀྱི་ནད་ཡམས་འགོག་བཅོས། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་འཐུས་ཚང་དུ་གཏོང་ཐུབ་པའི་བརྩོན་ལེན་བྱེད་དགོས། ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང་། ལས་རིགས་མཐུན་ཚོགས། ཞིང་འབྲོག་པའི་བར་ཁེ་བ། སྣེ་འདྲེན་ཁེ་ལས་སོགས་ལ་རྒྱབ་སྐྱོར་བྱ་རྒྱུར་རྣམ་པ་སྣ་ཚོགས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་ཞབས་ཞུ་མཁོ་འདོན་བྱེད་པ་དང་གྲོང་གསེབ་ལ་དེང་རབས་ཅན་འགྲོ་རྒྱུག་བྱ་རྒྱུར་སྐུལ་མ་གཏོང་བ་དང་། ཞིང་ཕྱུགས་ཐོན་ཟོག་ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་བ། ཞིང་འབྲོག་ལས་ཀྱི་ཆ་འཕྲིན་འཚོལ་བསྡུ་དང་ཁྱབ་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།
13.ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས། ཞིང་འབྲོག་པར་ཞབས་འདེགས་ཞུ་བ་དང་། ཞུགས་འཐེན་རང་མོས། ཁེ་དབང་འདྲ་མཉམ། དམངས་གཙོའི་དོ་དམ་བཅས་ཀྱི་བླང་བྱར་གཞིགས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུར་རོགས་སྐྱོར་བྱས་ཏེ་ཞིང་འབྲོག་པར་ཡོང་འབབ་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་རྒྱུར་སྣེ་ཁྲིད་བྱེད་པའི་དེང་རབས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་རྩ་འཛུགས་ཤིག་ལ་འགྱུར་བ་བྱེད་པ་དང་དུད་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་དང་འགྱུར་ལྡོག་མང་པོ་འགྲོ་བའི་ཁྲོམ་རར་ཕན་ནུས་ལྡན་པ་ཡོང་བ་བྱས་ཏེ་ཞིང་འབྲོག་པ་ཁྲོམ་རའི་ནང་ཞུགས་པའི་རྩ་འཛུགས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་དགོས། རྣམ་པ་དང་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་ཞིང་འབྲོག་པའི་མཉམ་ལས་རྩ་འཛུགས་གསར་པ་སྐྱེད་བསྲིང་བྱེད་པ་དང་། ཞིང་འབྲོག་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་སྣ་ཚོགས་འཕེལ་རྒྱས་གཏོང་བ། སྣེ་འདྲེན་ཁེ་ལས་ལ་ཞིང་འབྲོག་མང་ཚོགས་དང་ཁེ་ཕན་ཟུང་དུ་དམ་ཟབ་འབྲེལ་བའི་ཟུངས་ནུས་འཛུགས་རྒྱུའི་སྐུལ་མ་གཏོང་བ། ཞིང་ཕྱུགས་ཐོན་རྫས་གཉེར་སྐྱོང་བྱེད་མཁན་དུད་ཚང་ཆེན་པོ་འཕེལ་རྒྱས་མགྱོགས་མྱུར་གཏོང་བ། ཞིང་འབྲོག་པའི་བར་ཁེ་བའི་དཔུང་ཁག་དང་གཉེར་སྐྱོང་དང་བྲིན་འཚོང་དཔུང་ཁག་སྟོབས་ཆེ་ཞིག་སྐྱེད་བསྲིང་བྱེད་པ་བཅས་བྱེད་དགོས། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཐོན་སྐྱེད་རྒྱུ་ཆ་ཉོ་སྒྲུབ་དང་ཞིང་ཕྱུགས་ཐོན་ཟོག་བྲིན་འཚོང་དང་། ལས་སྣོན། སྐྱེལ་འདྲེན། གསོག་འཇོག་བཅས་བྱེད་པ་དང་དེ་བཞིན་ཞིང་འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་གི་འབྲེལ་ཡོད་ལག་རྩལ་དང་ཆ་འཕྲིན་ཞབས་ཞུ་བྱེད་པའི་དབར་གྱི་དེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དངུལ་རྩའི་སྒྲིག་གཞིར་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་དང་ཞིང་འབྲོག་པའི་བར་ཁེ་བར་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་སྐུལ་མ་གཏོང་དགོས།
14. ཞིང་ཕྱུགས་ཐོན་ཟོག་གི་སྤུས་ཚད་དང་བདེ་འཇགས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། ཞིང་འབྲོག་ལས་ཚད་ལྡན་ཅན་དང་ཞིང་ཕྱུགས་ཐོན་ཟོག་གི་སྤུས་ཚད་ཀྱི་བདེ་འཇགས་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ཐོན་ཡུལ་གྱི་ཁོར་ཡུག་དང་། ཐོན་རྫས་བེད་སྤྱོད། ཐོན་སྐྱེད་ཀྱི་བརྒྱུད་རིམ། ཐོན་ཟོག་གི་སྤུས་ཚད་བཅས་བརྒྱུད་རིམ་ཚང་མར་ལྟ་སྐུལ་ཚོད་འཛིན་ནན་པོ་བྱས་ཏེ་ཞིང་ལས་ཐོན་ཟོག་ཐོན་སྐྱེད་དང་། ཉོ་སྒྲུབ། གསོག་འདྲེན། ལས་སྣོན། བྲིན་འཚོང་བཅས་བྱེད་པའི་ལྷུ་ཚིགས་ཚང་མའི་སྤུས་ཚད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ནས་ཚད་དང་མི་མཐུན་པའི་ཐོན་ཟོག་ཁྲོམ་རའི་ནང་ཐོན་རྒྱུ་སྔོན་འགོག་བྱེད་དགོས། སྐྱེ་དངོས་ཀྱི་ནད་ཡམས་དང་ཕྱི་ནས་ཡོང་བའི་སྐྱེ་དངོས་དང་ཕྱུགས་རིགས་ནང་འཛུལ་གནོད་སྐྱེལ་བྱ་རྒྱུར་ལྟ་སྐུལ་ཚོད་འཛིན་དང་འགོག་བཅོས་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་དགོས། སྲོག་ཆགས་ཀྱི་རིམས་འགོག་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ས་ཁོངས་ཀྱི་སྲོག་ཆགས་ཀྱི་རིམས་འགོག་འཕྲལ་སྡོམ་འགོག་བཅོས་འདུ་འགོད་ལག་ལེན་བསྟར་བ་དང་སྲོག་ཆགས་ཀྱི་ནད་ཡམས་འགོག་བཅོས་བྱེད་པའི་རྨང་གཞིའི་ལས་ཀར་ཤུགས་སྣོན་རྒྱག་དགོས། སྲོག་ཆགས་ཀྱི་ནད་ཡམས་ཆེ་རིགས་ལ་སྨན་རིན་མི་དགོས་པར་བཙན་ཤེད་ཀྱིས་རིམས་འགོག་བྱས་ནས་སྲོག་ཆགས་ཀྱི་རིམས་ནད་ཆེ་རིགས་ཐོན་སྐབས་གསོད་པ་དང་རིན་སྐྱིན་གསབ་པའི་ཟུངས་ནུས་འཐུས་ཚང་དུ་གཏོང་བ་དང་ཁྲིམས་གཏན་འཁེལ་བའི་ཞིབ་བཤེར་དང་ཚོང་ལས་ཞིབ་བཤེར་སོ་སོར་དབྱེ་བའི་ལམ་ལུགས་མགྱོགས་མྱུར་ལག་བསྟར་བྱས་ནས་ཁྲིམས་གཏན་འཁེལ་བའི་ཞིབ་བཤེར་བྱེད་པར་རྣམ་གྲངས་ཉུང་དུ་གཏོང་བ་དང་སྦྲགས་ནོར་སྲིད་ཀྱི་ཁ་གསབ་ཀྱང་སྤྲོད་དགོས་པ་དང་ཚོང་ལས་ཀྱི་ཞིབ་བཤེར་བྱེད་པར་འགྲོ་གྲོན་བསྡུ་བའི་ཚད་གཞི་ཚོད་འཛིན་བྱེད་པ་དང་སྦྲགས་ལྟ་སྐུལ་དོ་དམ་ཡང་བྱེད་དགོས།
15.འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ལྷོད་མེད་བྱེད་དགོས། འབྲུ་རིགས་དང་ལྷག་པར་དུ་ནས་ཀྱི་བདེ་འཇགས་ནི་ག་དུས་ཡིན་ནའང་ལྷོད་གཡེང་གཏོང་མི་རུང་བ་ཞིག་ཡིན་པས་མཁོ་སྤྲོད་འཚམ་པོ་བྱེད་པ་དང་། གསོག་འཇོག་འདང་ངེས་བྱེད་པ། ཚོད་འཛིན་ནན་པོ་བྱེད་པ། འཁོར་སྐྱོད་ནུས་ལྡན་ཡོང་བ་བཅས་བྱེད་པའི་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་མ་ལག་མགྱོགས་མྱུར་འཛུགས་དགོས། འབྲུ་རིགས་དང་པད་ཁ་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བ་དང་། འདེབས་འཛུགས་ཀྱི་རྒྱ་ཁྱོན་བརྟན་པོ་ཡོང་བ། སྣ་ཁའི་གྲུབ་ཆ་ལེགས་འགྱུར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ས་ཞིང་འདེབས་པ་བཅས་མུ་མཐུད་ལག་བསྟར་བྱས་ནས་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པར་སྲུང་སྐྱོང་ཏན་ཏིག་བྱེད་དགོས། འབྲུ་རིགས་ཀྱི་འཐབ་ཇུས་འདུ་འགོད་ལག་བསྟར་བྱས་ནས་འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་བཟོ་བ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་ཆུ་བེད་ལ་ཤུགས་སྣོན་རྒྱག་པ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་འབྲོག་ལས་ཀྱི་ཚན་རྩལ་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།
བཞི། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ནས་ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས།
16. གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་རྒྱ་ཆེའི་ཞིང་འབྲོག་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་མགྱོགས་མྱུར་གཏོང་དགོས་པ་དང་བདེ་སྡོད་ལས་གྲྭར་དམ་འཛིན་བྱེད་པ་དང་ཆབས་ཅིག་ཆ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ལོ་གཉིས་ཀྱི་དུས་ཚོད་ནང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་ཐུབ་པའི་བརྩོན་ལེན་བྱེད་དགོས། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”ལོ་མཇུག་ཏུ་རྫོང་ཁག་ལ་སྣུམ་ནག་ལམ་བཏིང་ཚད་ 80%ཡན་ཟིན་པའི་བརྩོན་ལེན་བྱེད་པ་དང་ཤང་གྲོང་དང་སྲིད་འཛིན་གྲོང་ཚོ་ 80%ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཤང་གྲོང་གི་འགྲུལ་སྐྱེལ་བབས་ཚུགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འགྲིམ་འགྲུལ་ཐོན་ཁུངས་ཕན་ཚུན་འབྲེལ་མཐུད་བྱེད་ཐུབ་པ་དང་སྟབས་བདེ་ལ་མགྱོགས་པའི་འགྲུལ་སྐྱེལ་དྲ་བ་ཞིག་མུ་མཐུད་ཆགས་པ་བྱེད་པ་དང་ཞིང་སྤྱོད་ཐོན་ཟོག་སྡེབ་འཚོང་ཁྲོམ་རའི་དྲ་བའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྲོམ་ར་དང་འབྲེལ་བ་དམ་ཟབ་བྱེད་དགོས། གློག་མེད་པའི་ས་ཁུལ་ལ་གློག་ཤུགས་འཛུགས་རྒྱུར་སྐུལ་མ་བཏང་སྟེ་གློག་ཤུགས་ཁྱབ་པའི་མི་གྲངས་ཀྱི་བསྡུར་ཚད་མཐོ་རུ་གཏོང་དགོས་པ་དང་གྲོང་གསེབ་ཀྱི་ཡིག་ཟམ་གློག་འཕྲིན་དང་འཕྲིན་གཏོང་གི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྤྱིར་གྲོང་ཚོ་ཚང་མར་ཡིག་ཟམ་གློག་འཕྲིན་ཤར་གཏོང་ཐུབ་པ་དང་གྲོང་ཚོ་ཚང་མར་ཁ་པར་ཤར་གཏོང་ཐུབ་པ་བྱེད་དགོས།
17. གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། གཅིག་གྱུར་བཀོད་སྒྲིག་དང་མཐུན་སྦྱོར་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཡུལ་བབ་དང་བསྟུན་པ། རིགས་དབྱེའི་མཛུབ་ཁྲིད། སྲིད་གཞུང་གིས་གཙོ་ཁྲིད། སྤྱི་དམངས་ཀྱིས་ཞུགས་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས “ཆུ་འགོ་དྭངས་གཙང་ཡོང་བ་བྱེད་པ་དང་། ནུས་འབྱུང་དྭངས་གཙང་ཡོང་བ་བྱེད་པ། ཁྱིམ་གཞིས་དྭངས་གཙང་ཡོང་བ་བྱེད་པ། ས་ཞིང་དྭངས་གཙང་ཡོང་བ་བྱེད་པ ”བཅས་གཙོ་གནད་དུ་བྱེད་པ་དང་དམངས་འཚོ་དང་འབྲེལ་བ་ཡོད་པའི་གྲོང་གསེབ་ཀྱི་ཁོར་ཡུག་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གྲོང་གསེབ་ཀྱི་འབུད་རྫས་ཚབ་བྱེད་ཀྱི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ནས་རྫབ་རླངས་དང་། ཆུ་ནུས། སྐྱེ་དངོས་སྤུས་ཀ ཉི་འོད་ནུས་པ། རྡོ་སྣུམ་གཤེར་རླངས་སམ་ཡང་ན་རང་བྱུང་གཤེར་གྱུར་སོགས་དྭངས་གཙང་གི་ནུས་པའི་འབྱུང་ཁུངས་ཁྱབ་གདལ་ཧུར་ཐག་བཏང་ནས་2010ལོར་གྲོང་གསེབ་ཀྱི་རྫབ་རླངས་རྫིང་བུ་དུད་ཚང་ཁྲི་20 བསྐྲུན་པ་དང་ཞིང་དུད་ལ་གཞི་རྩའི་ཆ་ནས་ཉི་ཐབ་ཁྱབ་གདལ་གཏོང་རྒྱུའི་བརྩོན་ལེན་བྱེད་དགོས། གྲོང་གསེབ་ཀྱི་དྭངས་གཙང་ལས་གྲྭ་ལག་བསྟར་བྱས་ནས་གྲོང་གསེབ་ཀྱི་འཚོ་བའི་སྦགས་བཙོག་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆུ་དང་། ཐབ་ཚང་། གསང་སྤྱོད། ཕྱུགས་ཚང་བཅས་སྒྱུར་བཀོད་གང་མགྱོགས་བྱས་ནས་གྲོང་གསེབ་ཀྱི་འཕྲོད་བསྟེན་ཆ་རྐྱེན་དང་སྡོད་སའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། གྲོང་གསེབ་ཀྱི་ཁོར་ཡུག་སྦགས་བཙོག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། གསོ་ཚགས་ཡང་དག་བྱེད་རྒྱུ་ཁྱབ་གདལ་ཤུགས་ཆེན་གཏོང་བ། གཞི་ཁྱོན་ཅན་གྱི་ཕྱུགས་རིགས་དང་ཁྱིམ་བྱ་གསོ་ཚགས་ཀྱི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང་ལག་རྩལ་དང་ལས་གྲྭར་ཕྱོགས་བསྡུས་ཀྱི་བྱ་ཐབས་སྤྱད་དེ་ཞིང་འབྲོག་ལས་ཀྱི་ཕྱི་ངོས་ཀྱི་སྦགས་བཙོག་ཚོད་འཛིན་བྱེད་དགོས་པ་བཅས་རེད། ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་ཡུལ་དང་བཟོ་གཏེར་གྱི་ཟོག་རོ་བསྐྱུར་བ་སོགས་ས་རྒྱུའི་སྦགས་བཙོག་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི “ཕྱོགས་བཞི ”ལ་ཤིང་འཛུགས་ནགས་བཟོ་ཧུར་ཐག་བྱེད་པ་དང་། གྲོང་མིའི་སྒོ་རའི་ནང་སྔོ་ལྗང་ཡོང་བ་བྱེད་པ་དང་། གྲོང་རྡལ་གྱི་འགྲོ་ལམ་དང་སྤྱི་པའི་འདུ་འཛོམས་ཁུལ་སྔོ་ལྗང་ཡོང་བ་བྱེད་པ་བཅས་བྱེད་དགོས། རང་བྱུང་ནགས་ཁུལ་སྲུང་སྐྱོབ་དང་། འདམ་ར་སྲུང་སྐྱོང་། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྱོང་། རྨོ་བསྐྱུར་ནགས་བཟོ། འབྲོག་བསྐྱུར་རྩྭ་གསོ། བྱེ་འགོག་བྱེ་བཅོས། ས་ཆུ་ཤོར་རྒྱུར་བཅོས་སྒྲིག་བྱེད་པ་སོགས་ཀྱི་གཙོ་གནད་ལས་གྲྭ་ལག་བསྟར་ཧུར་ཐག་བྱེད་དགོས། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་ཁུལ་ལ་སྲུང་སྐྱོང་བྱེད་དགོས་པ་དང་རྩྭ་ཐང་གི་སྣོད་བཅུད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
18. དབུལ་སྐྱོར་གསར་སྤེལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དུས་མཚམས་གསར་པའི་དབུལ་སྐྱོར་གསར་སྤེལ་ཡག་པོ་བྱེད་པ་ནི་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱ་རྒྱུར་འགན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པས་ཡུན་རིང་གི་ལོ་རྒྱུས་ལས་འགན་ཞིག་ཏུ་བརྩིས་ནས་དམ་འཛིན་དང་དམ་འཛིན་ལྷོད་མེད་བྱེད་དགོས། གསར་སྤེལ་རྣམ་པའི་དབུལ་སྐྱོར་བྱེད་ཕྱོགས་མུ་མཐུད་མཐའ་འཁྱོངས་བྱེད་པ་དང་། དབུལ་སྐྱོར་གསར་སྤེལ་ཐད་ཀྱི་མ་འཇོག་བྱ་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དང་ས་ཁུལ་དབུལ་པོར་རོགས་སྐྱོར་བྱ་ཤུགས་ཆེན་རུ་གཏོང་བ། རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཤང་ཧྲིལ་པོ་སྐུལ་འདེད་གཏོང་བ་དང་གསོ་སྦྱོང་གཞན་སྒྱུར་བྱེད་པ་དང་ཐོན་ལས་ཅན་གྱི་དབུལ་སྐྱོར་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས། དབུལ་སྐྱོར་མ་དངུལ་གཏོང་ཕྱོགས་ལེགས་སུ་གཏོང་བ་དང་། དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏོང་རིང་སྔོན་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམ་པོར་དམིགས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཚོར་ཐག་གཅོད་བྱེད་དགོས་པའི་གནད་དོན་སྔོན་ལ་ཐག་གཅོད་བྱེད་པ། དམིགས་བསལ་རིགས་ཀྱི་དབུལ་པོའི་ཁུལ་དང་ཡུལ་ནད་ཐོན་མང་ཁུལ་གོམ་པ་བརྟན་པོའི་སྒོ་ནས་དབུལ་སྒྲོལ་བྱེད་པའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱེད་དགོས་པ་བཅས་རེད། མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྤྱི་ཡོངས་ཀྱི་དབུལ་སྒྲོལ་རོགས་སྐྱོར་བྱ་ཤུགས་ཆེན་རུ་གཏོང་བ་དང “མཐའ་མཚམས་གྲོང་ཚོའི་གྲོང་ཚོ་ཧྲིལ་པོའི་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ ”དང “མཐའ་མཚམས་དར་རྒྱས་ཡོང་བ་བྱས་ནས་མང་ཚོགས་ཕྱུག་པོ་ཡོང་བ་བྱེད་པའི་བྱ་སྤྱོད་སྤེལ་བ ”“དམངས་གཅེས་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་
འཐབ་ཇུས་ལག་བསྟར་བྱེད་པ ”བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཐག་རིང་ས་ཁུལ་དང་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཏང་སྲིད་ལས་ཁུངས་དང་ལྗོངས (ཀྲུང་དབྱང )ཐད་གཏོགས་ཁེ་ལས་དང་བྱ་གཞག་ཚན་པས་གནས་གཏན་འཁེལ་གྱི་དབུལ་སྐྱོར་མུ་མཐུད་བྱས་ནས་ཁེ་ལས་དང་། སློབ་གྲྭ ཚན་རིག་ཞིབ་འཇུག་སུའོ། དམག་དཔུང་དང་སྤྱི་ཚོགས་ལས་རིགས་ཁག་གི་དབུལ་སྐྱོར་གསར་སྤེལ་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
19. གྲོང་གསེབ་ཀྱི་གེགས་འགོག་གེགས་སེལ་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རང་ལྗོངས་སུ་རང་བྱུང་གནོད་འཚེ་ཐོན་མང་བ་དང་། གནོད་འཚེའི་རིགས་མང་བ། གནོད་འཚེ་ཕོག་ཁྱོན་ཆེ་བ། གེགས་འགོག་གེགས་སེལ་ནུས་པ་ཞན་པ་བཅས་ཡོད་པས་ངེས་པར་དུ་གྲོང་གསེབ་ཀྱི་གེགས་འགོག་གེགས་སེལ་གྱི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་དང་། ས་གཤིས་ཀྱི་གནོད་འཚེ། ས་ཡོམ་ལྟ་ཞིབ་ཚད་ལེན་སྔོན་བརྡ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ས་གཤིས་ཀྱི་གནོད་འཚེ། སྲོག་ཆགས་ཀྱི་རིམས་ནད། ཞིང་ལས་སྐྱེ་དངོས་དང་ནད་དང་འབུའི་གནོད་འཚེ་སོགས་རང་བྱུང་གནོད་འཚེ་ཚད་འཇལ་བྱེད་ཁྱོན་ཆེ་རུ་གཏོང་བ་དང་རང་བྱུང་གནོད་འཚེ་སྔོན་དཔག་བྱེད་ནུས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་སློབ་གྲྭ་དང་། སྨན་ཁང་། རིག་གནས་བྱེད་སྒོའི་ལྟེ་གནས་སོགས་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་ཚད་ལེགས་སུ་གཏོང་བ་དང་བདེ་འཇགས་དམིགས་ཚད་དོན་འཁྱོལ་བྱེད་དགོས། གནོད་འཚེ་ཐག་གཅོད་བྱེད་པའི་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། ལག་རྩལ་འདེགས་སྐྱོར་བྱེད་ནུས་ཆེ་རུ་གཏོང་བ། དངོས་རྫས་འགན་སྲུང་དང་། སྐྱེལ་འདྲེན་འགན་སྲུང་། སླར་གསོ་བསྐྱར་སྐྲུན་ནུས་པའི་འཛུགས་སྐུན་བཅས་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་གེགས་སེལ་ནུས་པ་དང་གནོད་འཚེ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས། གེགས་འགོག་གེགས་སེལ་གྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་ཞིང་འབྲོག་པའི་གེགས་གཡོལ་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
ལྔ། དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་པའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
20. “མཐའ་འཁྱོངས་གསུམ ”གྱི་སློབ་གསོ་གཏིང་ཟབ་སྤེལ་དགོས། བོད་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ་བཅས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་འཛུགས་སྐྱོང་ཏན་ཏིག་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གིས་གྲོང་གསེབ་ཀྱི་ཏང་ཡོན་ལ་དྲག་ཆས་སྤྲོས་པ་དང་། ཞིང་འབྲོག་མང་ཚོགས་ལ་སློབ་གསོ་རྒྱག་པ། ཞིང་འབྲོག་པས་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་བསམ་བློ་བརྟན་པོ་ཞིག་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གུང་ཁྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཡག མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག མི་རིགས་མཐུན་སྒྲིལ་ཡག་བཅས་ཀྱི་རྟ་དབྱངས་གཙོ་བོ་ལེགས་པར་བླངས་ནས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྲ་བརྟན་དུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལ་བརྟེན་ནས་གོང་བུ་འགྲིལ་བ་བྱེད་པ་དང་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། ཏཱ་ལའི་རུ་ཚོགས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལོ་50ལྷག་ཙམ་རིང་གི་འགྱུར་ལྡོག་ཆེན་པོ་དང་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ཀྱི་གསོན་ཉམས་ལྡན་པའི་དོན་དངོས་ཀྱི་ཐོག་ནས་ཞིང་འབྲོག་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་ཁོང་ཚོར “མཐའ་འཁྱོངས་གསུམ ”བྱས་ཚེ་གཞི་ནས་བོད་འདི་ཉིད་བརྟན་ལྷིང་ཡོང་བ་དང་། བོད་འཛུགས་སྐྲུན་བྱེད་པ། བོད་འདི་ཉིད་འཕེལ་རྒྱས་ཡོང་ཐུབ་ལ་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ལེའུ་གསར་པ་ཞིག་གཞི་ནས་བརྩམས་ཐུབ་པ་ཤེས་སུ་འཇུག་དགོས།
21. བློ་བརྟན་འགྱུར་མེད་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་སློབ་གསོ་ཁྱབ་གདལ་གཏོང་དགོས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མཛུབ་ཁྲིད་བྱེད་ཕྱོགས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཐབས་ཇུས་ཀྱི་དགོངས་པ་གལ་ཆེན་རྒྱུན་འཁྱོངས་དང་ལག་ལེན་བསྟར་རྒྱུ་དེ་ཡིན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སྒྲོག་འགྲེལ་བྱེད་པའི་གོ་བདེ་ཤེས་སླའི་དཔྱད་ཡིག་རྩོམ་འབྲི་བྱེད་པ་དང་མང་ཚོགས་ཀྱི་མཐོང་དགའ་ཉན་སྤྲོའི་བྱ་ཐབས་སྤྱད་དེ་གདོང་གཏུགས་ཀྱིས་མང་ཚོགས་ལ་སྒྲོག་འགྲེལ་བྱེད་པ་དང་། གོ་བདེ་ཤེས་སླའི་སྐད་ཡིག་སྤྱད་དེ་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་དེ་མང་ཚོགས་ལ་འགྲེལ་བཤད་གསལ་པོ་རྒྱག་པ། སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཐོག་ནས་རྒྱ་ཆེའི་མང་ཚོགས་ཀྱི་སེམས་ཤུགས་འཕེལ་བ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་སློབ་གསོ་དྲིལ་བསྒྲགས་བྱེད་པ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ལ་མཛེས་སྡུག་ལྡན་པའི་འཚོ་བ་ནི་གང་འདྲ་ཞིག་ཡིན་པ་དང་། གང་འདྲ་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་གནད་དོན་གསལ་པོར་ཤེས་སུ་བཅུག་ནས་མི་རིགས་ཁག་གི་མང་ཚོགས་ལ་ཚན་རིག་མཐུན་པའི་གོང་འཕེལ་ལྟ་བའི་ཆབ་སྲིད་ཀྱི་ཡིད་ཆེས་བརྟན་པོ་འཛུགས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་ཆེས་བརྟན་པོར་འཛུགས་སུ་འཇུག་དགོས།
22. གྲོང་གསེབ་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ནང་དོན་དང་གལ་ཆེའི་འགན་ལེན་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་གྲོང་གསེབ་ཀྱི་གཡུལ་ས་བཟུང་རྒྱུ་མཐའ་འཁྱོངས་ཀྱིས་ཉིན་བཞིན་ཆེ་རུ་འགྲོ་བའི་ཞིང་པའི་བསམ་པའི་རིག་གནས་དགོས་མཁོ་སྐོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་གཞི་རྩའི་རིག་གནས་དབང་ཆ་འགན་ལེན་ཏན་ཏིག་བྱེད་དགོས། རླུང་འཕྲིན་དང་བཪྙན་འཕྲིན་གྲོང་ཚོ་ཚང་མར་ཤར་གཏོང་དང་། རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་ཐུན་མོང་ཐོག་ལོངས་སྤྱོད། སྡེ་ཁུལ་དང་ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས་འཛུགས་སྐྱོང་དང་། གྲོང་གསེབ་ཏུ་གློག་བཪྙན་སྟོན་པ། ཞིང་དུད་དཔེ་དེབ་ཁང་སོགས་གནད་ཆེའི་རིག་གནས་དམངས་ཕན་འདུ་འགོད་སྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་གྲོང་གསེབ་ཀྱི་རིག་གནས་ཐད་ཀྱི་གཏོང་ཆའི་འགན་ལེན་ཟུངས་ནུས་བརྟན་པོ་ཞིག་བཙུགས་ནས་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཆ་ཚང་ཞིག་གང་མགྱོགས་ཆགས་པ་བྱེད་དགོས། གྲོང་གསེབ་ཀྱི་རིག་དངོས་དང་དངོས་པོ་མིན་པའི་རིག་དངོས་ཤུལ་བཞག་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཞིང་འབྲོག་མང་ཚོགས་ཞུགས་པར་དགའ་བ་དང་ཞུགས་པར་སྟབས་བདེ་པོ་ཡོད་པའི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཐོག་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས་ཀྱི “གཤམ་སྤེལ་གསུམ ”གྱི་ཕུགས་ཕན་ཟུངས་ནུས་འཛུགས་པ་དང་ཞིང་འབྲོག་པས་དམངས་ཁྲོད་ཀྱི་འཁྲབ་སྟོན་ཚོགས་པ་དང་རིག་གནས་ཚོགས་པ་གཞན་དག་གཉེར་བར་རྒྱབ་སྐྱོར་བྱས་ནས་གྲོང་ཁྱེར་གྱི་རིག་གནས་སྒྲིག་གཞི་གྲོང་གསེབ་ཏུ་ཞབས་འདེགས་རྒྱ་ཆེར་ཞུ་བར་སྐྱོད་པར་སྣེ་ཁྲིད་བྱེད་དགོས། སེམས་ཤུགས་ཆེ་བའི་གྲོང་གསེབ་ཀྱི་རིག་གནས་བྱ་གཞག་དང་། ཆེད་གཉེར་དང་གཅིག་ལྕོགས་ཟུང་འབྲེལ། བལྟོས་བཅས་བརྟན་པ་བཅས་ཀྱི་དཔུང་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་རིག་གནས་ལས་ཀར་དོ་དམ་བྱེད་མཁན་ཡོད་པ་དང་སྒྲུབ་མཁན་ཡོད་པ་བྱེད་དགོས། ཞིང་པ་གླ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བར་སྣང་ཆེན་བྱེད་པ་དང་ཁོང་ཚོའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུར་རོགས་རམ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ། དངོས་གཙོ་སྨྲ་བ་དང་ལྷ་མེད་སྨྲ་བ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་སྤྱད་དེ་སྲོལ་བཟང་དར་རྒྱུར་སྣེ་ཁྲིད་བྱེད་པ་དང་བསམ་བློ་ཀུན་སྤྱོད་ཀྱི་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ་མང་ཚོགས་ཀྱིས་ཁྲིམས་གཏན་འཁེལ་བའི་འོས་འགན་དང་། སྤྱི་ཚོགས་ཀྱི་འགན་འཁྲི། ཁྱིམ་ཚང་གི་འགན་འཁྲི་བཅས་རང་རྟོགས་ངང་སྒྲུབ་རྒྱུར་ཁྲིད་སྟོན་བྱེད་དགོས། ཤེས་དཔལ་ལྡན་པའི་གྲོང་རྡལ་དང་། ཤེས་དཔལ་ལྡན་པའི་ཚོང་འདུས། ཤེས་དཔལ་ལྡན་པའི་དུད་ཚང་། དང་བླངས་ཞབས་ཞུ་སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་གཞན་ཕན་སྒྲུབ་པར་དགའ་བ་དང་། དབུལ་རོགས་དབུལ་སེལ་བྱེད་པ། རྒན་བཀུར་གཞོན་སྐྱོང་། ཁྱིམ་མཚེས་འཆམ་མཐུན། ཕོ་མོ་འདྲ་མཉམ་བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་ཆགས་པ་བྱེད་དགོས། གྲོང་གསེབ་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བ་དང་ཞིང་པ་ལུས་ཁམས་བདེ་ཐང་ཡོང་བའི་བྱེད་སྒོ་སྤེལ་དགོས།
23.ཚན་རིག་ཁྱབ་གདལ་གཏོང་བའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། གྲོང་གསེབ་ལ་ཁ་ཕྱོགས་པ་དང་ཞིང་འབྲོག་མང་ཚོགས་ལ་ཁ་ཕྱོགས་ནས་ཚན་རིག་ཁྱབ་གདལ་གཏོང་བའི་ལག་རྩལ་རྒྱ་ཁྱབ་གཏིང་ཟབ་ངང་དྲིལ་བསྒྲགས་བྱེད་དགོས། གཅིག་སྡུད་ཐོག་ཚན་རྩལ་ཁྱབ་གདལ་གཏོང་བའི་བྱེད་སྒོར་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་རིག་གནས་སྒྱུ་རྩལ་བྱེད་སྒོ་དང་། ཚན་རྩལ་ཁྱབ་གདལ་གཏོང་བའི་ཆེད་དོན་འཆད་ཁྲིད། ཚན་སློབ་ཀྱི་གློག་བཪྙན་སྟོན་པ། ཚན་རྩལ་ཁྱབ་གདལ་གྱི་འགྲེམས་སྟོན། ཚན་རྩལ་གྱི་དཔྱད་གཞིའི་ཡིག་ཆ་དང་ཚན་རྩལ་ཁྱབ་གདལ་གཏོང་བའི་དཔེ་དེབ་པར་འགྲེམས་བྱེད་པ། འོས་འགན་བློ་འདྲི་བྱེད་པ་སོགས་བྱ་ཐབས་དང་ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ནས་ཞིང་འབྲོག་མང་ཚོགས་ལ་ཚན་རྩལ་དྲིལ་བསྒྲགས་བྱེད་དགོས། བཪྙན་འཕྲིན་དང་། ཚགས་པར། རྒྱང་བསྒྲགས་སོགས་དྲིལ་བསྒྲགས་གཡུལ་ས་བེད་སྤྱོད་གང་ལེགས་བྱེད་པ་དང་ཚན་རྩལ་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་ནང་དོན་རྒྱུན་ཆད་མེད་པར་མང་དུ་བཏང་ནས་མང་ཚོགས་ལ་ཚན་རིག་གི་སྙིང་སྟོབས་དང་། ཚན་རིག་གི་བསམ་བློ། ཚན་རིག་གི་བྱེད་ཐབས། ཚན་རིག་ཤེས་བྱ་བཅས་བརྒྱུད་བསྒྲགས་བྱས་ནས་གྲོང་གསེབ་ཏུ “ཚན་རིག་སྦྱོང་བ་དང། ཚན་རིག་ལ་དགའ་ཞེན་བྱེད་པ། ཚན་རིག་ལ་སྣང་ཆེན་བྱེད་པ། ཚན་རིག་སྤྱོད་པ ”བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་ཡག་པོ་དར་སྤེལ་བྱེད་པ་དང་འབྲེལ་རིམ་བཞིན་ཆགས་གང་ཐུབ་བྱེད་དགོས། ཉིན་རེའི་འཚོ་བའི་ཚན་རྩལ་ཤེས་བྱ་ཁྱབ་གདལ་གཏོང་བའི་ལས་ཀ་ཁྱབ་གདལ་ཧུར་ཐག་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱིས་ཚན་རིག་གོང་དུ་བཀུར་བ་དང་། རྨོངས་དད་འགོག་པ། གོམས་སྲོལ་སྒྱུར་བ་བཅས་ལ་ཁྲིད་སྟོན་བྱས་ནས་སྐྱོན་བྲལ་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་ཆགས་པ་བྱེད་པ་དང་ཚན་རིག་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། འཚོ་བ་ལེགས་སུ་གཏོང་བ། མི་ཚེ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱེད་དགོས། 24.གྲོང་གསེབ་ཀྱི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཞིང་པར་ཞབས་འདེགས་ཞུ་བ་དང་ཞིང་པར་བརྟེན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་དོ་དམ་སྒྲིག་གཞིའི་ཟུངས་ནུས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་ཀ་འཚོལ་ཞིབ་ཧུར་ཐག་བྱེད་པ། གྲོང་གསེབ་ཀྱི་སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱེད་དགོས། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཀྱི་བཅའ་ཁྲིམས་ཞབས་འདེགས་ཡག་པོ་ཞུ་བ། ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཆེ་རུ་གཏོང་བ། གྲོང་གསེབ་ཏུ་ཁྲིམས་ལྟར་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་མཚོན་པའི་ཐབས་ལམ་རྒྱ་ཆེར་བཏང་ནས་འགལ་བ་དང་རྩོད་གླེང་གྲལ་བཤེར་བྱེད་པའི་ལས་ཀའི་ཟུངས་ནུས་འཐུས་ཚང་དུ་གཏོང་དགོས།
གྲོང་གསེབ་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་གཞི་རིམ་ལས་བྱེད་པས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ངོ་བཅར་ལས་ཀ་ཡག་པོ་བསྒྲུབས་ཏེ་འགལ་བ་དང་གནད་དོན་དེ་གཞི་རིམ་དང་ཐོན་མ་ཐག་པའི་གནས་སུ་ཐག་གཅོད་བྱེད་དགོས། གཞི་རིམ་གྱི་ཞི་བདེ་བརྟན་ལྷིང་གསར་གཏོད་བྱེད་པའི་བྱེད་སྒོ་སྤེལ་བ་དང་། ཤང་གྲོང་མངགས་གཏོང་སུའོ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་ཉེན་དོན་ལས་ཀ་སྒྱུར་བཅོས་བྱེད་པ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཡག་པོ་བྱེད་པ་བཅས་བྱེད་དགོས། གྲོང་གསེབ་ཀྱི་འཕྲལ་སྡོམ་དོ་དམ་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཉེན་ཁ་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་ལ་དད་པ་བྱེད་མཁན་མང་ཚོགས་ཀྱིས་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཆོས་ལུགས་དང་། རུས་རིགས། གྲུབ་མཐའ་བཅས་ཀྱི་སྟོབས་ཤུགས་སྤྱད་དེ་གྲོང་གསེབ་ཀྱི་སྤྱི་པའི་བྱ་གཞག་ལ་འགོག་རྐྱེན་བཟོ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
དྲུག གྲོང་གསེབ་ཀྱི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་དམངས་འཚོ་ཏན་ཏིག་ངང་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་དགོས།
25.གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་གསེབ་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། སློབ་གསོ་དྲང་གཞག་ཡོང་བར་སྐུལ་མ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཚན་རིག་རིག་གནས་བྱང་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་རིག་གནས་ཡོད་པ་དང། ལག་རྩལ་ཤེས་པ། གཉེར་སྐྱོང་བྱེད་མཁས་པ་བཅས་ཀྱི་ཞིང་འབྲོག་པ་གསར་པ་གསོ་སྐྱོང་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩ་ཞིག་ཡིན། “ གཞི་རྩའི་ཆ་གཉིས ”ཀྱི་འགག་སྒྲོལ་འབྲས་བུ་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་སློབ་གསོ་དང་གྲོང་གསེབ་ཀྱི་གཞོན་ནུ་དང་དར་མའི་ཁྲོད་ཀྱི་ཡིག་རྨོངས་སེལ་རྒྱུ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས། “ འགན་གཙང་གསུམ ”གྱི་སྲིད་ཇུས་ནན་ཏན་ངང་དོན་འཁྱོལ་བྱེད་པ་དང་འཐུས་ཚང་དུ་བཏང་སྟེ་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གྲོང་གསེབ་ཀྱི་རྒྱུན་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་རྒྱུན་སྡོད་ལམ་ལུགས་ཀྱི་སློབ་གྲྭ་གཅིག་སྡུད་ངང་ཡག་པོ་གཉེར་ནས་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་གཞུང་སྤྱོད་འགྲོ་གྲོན་གྱི་ཚད་གཞི་སྔར་བས་མཐོ་རུ་གཏོང་བ་དང་། སློབ་ཁྲིད་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གཉེར་ཚད་ལྡན་ཅན་དུ་འགྱུར་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དགེ་རྒན་གྱི་ཀུན་སྤྱོད་ཆུ་ཚད་དང་སློབ་གསོ་རྒྱག་ནུས་དང་སློབ་ཁྲིད་བྱེད་ནུས་མཐོ་རུ་ཧུར་ཐག་གཏོང་དགོས། གཟིགས་སྐྱོང་གི་སྲིད་ཇུས་བཟོས་ནས་སློབ་ཆེན་ནས་ཐོན་པའི་སློབ་མས་གྲོང་གསེབ་ཏུ་དགེ་རྒན་བྱེད་པར་བསྐྱོད་རྒྱུ་སྒྲིག་འཛུགས་དང་སྣེ་ཁྲིད་བྱེད་དགོས། གྲོང་ཁྱེར་གྱི་སློབ་གྲྭ་གྲོང་གསེབ་ཀྱི་སློབ་གྲྭ་དང་ཆ་འགྲིག་པ་དང་། གྲོང་ཁྱེར་གྱི་དགེ་རྒན་གྱིས་གྲོང་གསེབ་ལ་རྒྱབ་སྐྱོར་བྱེད་པ། གྲོང་གསེབ་ཀྱི་དེང་རབས་རྒྱང་རིང་སློབ་གསོར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་སྤྱད་དེ་གྲོང་གསེབ་ཀྱི་སློབ་གཉེར་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ནང་སའི་བོད་ལྗོངས་འཛིན་གྲྭ (སློབ་གྲྭ )མུ་མཐུད་ཡག་པོ་གཉེར་ནས་མཐོ་རིམ་སློབ་འབྲིང་གི་སློབ་གཉེར་གཞི་ཁྱོན་ཆེ་རུ་གཏོང་བ་དང་སློབ་མ་བསྡུ་སྐབས་གྲོང་གསེབ་ལ་ཕྱོགས་ཤུགས་ཆེ་རུ་གཏོང་དགོས། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་དམངས་སློབ་གསོའི་ཁྲོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་གི་སློབ་གསོར་སྐུལ་འདེད་གཏོང་བ་དང་ནུས་ཤུགས་གཅིག་སྒྲིལ་གྱིས་སློབ་གྲྭའི་སློབ་གསོ་དང་། ཁྱིམ་ཚང་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས “ གནས་གསུམ་གཞི་གཅིག་ཏུ་འགྱུར་རྒྱུར ”སྐུལ་འདེད་བཏང་ཐོག་སློབ་གྲྭ་འབྲིང་ཆུང་ནང་གི་གདོང་ལེན་རུ་ཁག་དང་གུང་གཞོན་སྡེ་ཚོགས་ཀྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་རྨང་གཞིའི་སློབ་གསོ་དང་། ལས་རིགས་སློབ་གསོ། དར་མའི་སློབ་གསོ་བཅས “ སློབ་གསོ་ཁག་གསུམ་གཅིག་གྱུར་འཆར་འགོད ”དང་ཞིང་ལས་དང་། ཚན་རྩལ། སློབ་གསོ་བཅས་ཟུང་འབྲེལ་བྱེད་པའི་གྲོང་གསེབ་ཀྱི་སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཀྱི་འབྲིང་རིམ་ལས་རིགས་སློབ་གསོར་རིན་མི་དགོས་པའི་སློབ་གསོ་ལག་ལེན་བསྟར་དགོས།
26.གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་དང་འབྲེལ་བ་ཡོད། རིན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྲ་བརྟན་དང་གོང་མཐོར་གཏོང་བ་དང་མ་དངུལ་གྲབས་གསོག་གི་ཚད་གཞི་དང་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་བཏང་ཐོག་ནད་གཞི་ཆེ་རིགས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་རྒྱུ་འགན་ལེན་ཡོང་བ་གཙོ་བོ་དང་རྒྱུན་ཐོན་ནད་གཞི་གཅིག་ལྕོགས་ངང་སྨན་བཅོས་བྱེད་པའི་སྨན་བཅོས་འགན་ལེན་བྱེད་ཐབས་མཐའ་འཁྱོངས་བྱེད་དགོས། གྲོང་གསེབ་ཀྱི་སྨན་བཅོས་སྐྱོབ་རོགས་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཀྱིས་ཞུགས་པ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་འཕྲོད་བསྟེན་ཞབས་ཞུའི་དྲ་བ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་ཐོག་རྫོང་རིམ་པའི་སྨན་ཁང་ཡག་པོ་གཉེར་བ་དང་འབྲེལ་ཤང་གྲོང་ཁག་རེར་འཕྲོད་བསྟེན་ཁང་ཡག་པོ་གཅིག་གཉེར་བ་དང་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་འབད་བརྩོན་ཆེན་པོའི་ཐོག་ནས་འཛུགས་སྐྲུན་ཡག་པོ་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་གཞི་རྩའི་སྨན་བཅོས་ཞབས་འདེགས་ཞུ་དགོས། གྲོང་གསེབ་ཀྱི་འཕྲོད་བསྟེན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་འཕྲོད་བསྟེན་མི་སྣ་གནས་གཏན་འཁེལ་ངང་རིན་མི་དགོས་པར་གསོ་སྐྱོང་དང་གསོ་སྦྱོང་བྱེད་པ་དང་། ཤང་གྲོང་སྨན་པའི་ཁ་གསབ་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། གྲོང་ཁྱེར་གྱི་སྨན་པས་གྲོང་གསེབ་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་སྤྱི་པའི་འཕྲོད་བསྟེན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་དང་གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་སྨན་བཅོས་སྐྱོབ་བཅོས་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ཐོག་ས་མཐོའི་རང་བཞིན་གྱི་ཐོན་མང་བའི་ནད་གཞི་དང་། རྒྱུན་ཐོན་ནད་གཞི། ཡུལ་ནད། འགོ་ནད། རིམས་ནད་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་དང་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། ཏན་ཚྭ་མི་འདང་བའི་ནད་དང་། གྲུམ་བུ་ཚིགས་ཆེན་ནད། ཕེ་ཆུ་མཐོ་བའི་ནད་སོགས་ཡུལ་ནད་འགོག་བཅོས་ལས་ཀ་ནན་ཏན་ངང་ཡག་པོ་བྱེད་པ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། གྲོང་གསེབ་ཀྱི་ལེགས་བཙའ་ལེགས་གསོ་དང་མ་བུ་འཕྲོད་སྦྱོར་ལས་ཀར་ཤུགས་སྣོན་རྒྱག་པ་དང་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བར་ཁ་གསབ་སྤྲོད་པ་དང་ཕྲུ་གུ་དམར་འབྱར་དང་བྱིས་པར་རིན་མི་དགོས་པར་རིམས་འགོག་བྱེད་པའི་སྲིད་ཇུས་ཁྱབ་སྤེལ་ཧུར་ཐག་བཏང་ཐོག་གསར་དུ་སྐྱེས་པའི་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་དགོས། བཟའ་བཅའ་དང་སྨན་རྫས་ལ་ལྟ་སྐུལ་དང་དོ་དམ་བྱེད་པའི་ལས་ཀ་ཡག་པོ་ཧུར་ཐག་བྱེད་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྒྱ་ཁྱབ་ངང་སྤེལ་བ་དང་བདེ་ཐང་སློབ་གསོར་སྣང་ཆེན་བྱེད་དགོས།
27.གྲོང་གསེབ་ཀྱི་སྤྱི་ཚོགས་འགན་ལེན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཁྱབ་རྒྱ་ཆེ་བ་དང་། གཞི་རྩ་འགན་ལེན། རིམ་པ་མང་བ། རྒྱུན་མཐུད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཚམ་པའི་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་སྔོན་དུ་བྱེད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་རོགས་སྐྱོར་ཟུངས་ནུས་འཐུས་ཚང་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱ་རྒྱུའི་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱེད་པའི་ལམ་ལུགས་སྔར་བས་དོན་འཁྱོལ་བྱས་ཏེ་འགན་ལེན་གྱི་ཚད་གཞི་དང་རོགས་རམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་བཙུགས་ནས་སྒེར་གྱིས་བསྡུ་རྒྱུ་དང་། མཉམ་སྡེབ་ཀྱིས་རོགས་རམ་བྱ་རྒྱུ། སྲིད་གཞུང་གིས་ཁ་གསབ་བྱ་རྒྱུ་བཅས་ཕན་ཚུན་ཟུང་འབྲེལ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་རྒན་རྒོན་གྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་མཐུད་སྦྲེལ་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་དགོས། ས་ཆ་བསྡུ་ལེན་བྱས་པའི་ཞིང་པར་སྤྱི་ཚོགས་འགན་ལེན་ཡག་པོ་བྱེད་པ་དང་སྔོན་ལ་འགན་ལེན་དང་དེ་རྗེས་ས་ཆ་བསྡུ་ལེན་བྱས་ཏེ་ས་ཆ་བསྡུ་ལེན་བྱས་པའི་ཞིང་པའི་འཚོ་བའི་ཆུ་ཚད་མི་ཆག་པ་བྱེད་པ་དང་གཞི་རྩའི་འཚོ་བ་ཡུན་རིང་འགན་ལེན་ཐུབ་པ་བྱེད་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་མགྱོགས་མྱུར་འཐུས་ཚང་ཡོང་བ་བྱེད་པ་དང་གྲོང་གསེབ་ཀྱི་འགན་ལེན་ལྔའི་བསྙེན་བཀུར་ཀྱི་ཚད་གཞི་སྔར་བས་མཐོ་རུ་བཏང་ནས་བསྙེན་བཀུར་གྱི་ཆུ་ཚད་དེ་ས་གནས་དེ་གའི་གྲོང་མིའི་ཆ་སྙོམས་ཀྱི་འཚོ་བའི་ཆུ་ཚད་དུ་སླེབས་རྒྱུའི་འགན་ལེན་བྱེད་དགོས། དམག་མི་དང་སྔོན་གཤེགས་དཔའ་བོའི་ནང་མིར་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་གྲོང་གསེབ་ཀྱི་གནོད་འཚེ་ཕོག་མཁན་མང་ཚོགས་ལ་རོགས་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྒན་རྒོན་ལ་རོགས་རམ་དང་། དབང་པོ་སྐྱོན་ཅན་ལ་རོགས་རམ། དྭ་ཕྲུག་སྐྱོབ་པ། དཀའ་ངལ་རྒུད་སྐྱོབ། མུག་སྐྱོབ་བཅས་གཙོ་གནད་དུ་བྱེད་པའི་སྤྱི་ཚོགས་ཀྱི་ཕན་བདེ་དང་དགེ་བའི་བྱ་གཞག་འཕེལ་རྒྱས་གཏོང་དགོས། གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
བདུན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་འགྱུར་མེད་སྟོབས་ལྡན་གྱི་ཆབ་སྲིད་འགན་ལེན་མཁོ་འདོན་བྱེད་དགོས།
28.ཏང་གིས་གྲོང་གསེབ་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་གཞི་དང་ཟུངས་ནུས་འཐུས་ཚང་དུ་གཏོང་དགོས། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། ཏང་སྲིད་ཀྱིས་དོན་སྤྱི་སྒྲུབ་དང་ཁུར་མཉམ་ལེན་བྱེད་པ། གྲོང་གསེབ་ལས་དོན་གྱི་ཕྱོགས་བསྡུས་སྡེ་ཚན་གྱིས་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་སྡེ་ཚན་གྱིས་རང་རང་སོ་སོས་འགན་ཁུར་བ་བཅས་ཀྱི་གྲོང་གསེབ་ལས་དོན་གྱི་འགོ་ཁྲིད་སྒྲིག་གཞི་དང་ལས་ཀའི་ཟུངས་ནུས་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གྲོང་གསེབ་ཀྱི་ལས་དོན་དེ་གལ་ཆེའི་གྲོས་རིམ་ཉིན་ཐོའི་ནང་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་གྱི་ཕྱོགས་བསྡུས་སྡེ་ཚན་འཛུགས་སྐྲུན་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྲིད་ཇུས་བཟོ་བ་དང་། ལས་དོན་བཀོད་སྒྲིག ནོར་ཤུགས་གཏོང་སྤྲོད། ལས་བྱེད་པ་བཀོད་སྒྲིག་བཅས་ཀྱི་ཐོག་གལ་ཆེའི་ནང་གི་འགངས་ཆེའི་བླང་བྱ་ཏན་ཏིག་མངོན་པ་བྱས་ནས་འགོ་ཁྲིད་གཙོ་བོ་ངོ་མས་དམ་འཛིན་བྱེད་པ་དང་ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་ཞིབ་ཕྲ་དམ་འཛིན་ཡོང་བ་བྱས་ཏེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་ཆགས་སྟངས་ཤིག་ཆགས་པ་བྱེད་དགོས། རྫོང (གྲོང་ཁྱེར་དང་ཆུས )ཏང་ཨུད་ཀྱི་ལས་ཀའི་ལྟེ་བ་དང་སེམས་ནུས་གཙོ་བོ་གྲོང་གསེབ་ཀྱི་ལས་དོན་ཐོག་འཇོག་དགོས། རིམ་ཁག་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་གྱི་ཕྱོགས་བསྡུས་སྡེ་ཚན་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགན་ནུས་ཁ་གསལ་དང་། འགན་དབང་གཅིག་གྱུར། འཁོར་སྐྱོད་མཐུན་སྦྱོར་བཅས་ཀྱི་ཞིང་འབྲོག་ལས་ཀྱི་སྲིད་འཛིན་དོ་དམ་སྒྲིག་གཞི་འཛུགས་རྒྱུ་འཚོལ་ཞིབ་བྱེད་པ་དང་རྫོང་དང་ཤང་གི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་ལྷག་པར་དུ་འགན་འཁུར་བ་གཙོ་བོ་ཡག་པོ་འདེམས་པ་དང་ཧྲག་པོ་བཀོད་སྒྲིག་བྱེད་དགོས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་གི་བླང་བྱ་མངོན་པ་བྱེད་པའི་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་བཏང་ནས་འབྲུ་རིགས་ཐོན་སྐྱེད་དང་། ཞིང་འབྲོག་པའི་འབབ་འཕར། རྨོ་ཞིང་སྲུང་སྐྱོང་། ཁོར་ཡུག་བཅོས་སྒྲིག མཐུན་སྦྱོར་བརྟན་ལྷིང་བཅས་ས་གནས་དང་ལྷག་པར་དུ་རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་གི་ལས་ཀའི་བྱས་རྗེས་དང་ཕན་འབྲས་ལ་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་དགོས། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱིས་འགན་ནུས་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཏེ “ཞིང་གསུམ ”ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མི་དམངས་ཚོགས་པ་དང་དེ་བཞིན་སྤྱི་ཚོགས་རྩ་འཛུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།
29.གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུཌ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཏང་གི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ནི་གྲོང་གསེབ་ལས་དོན་གྱི་ཏང་གི་རྨང་གཞི་ཡིན། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱ་རྒྱུ་གཙོ་གནད་དང་། ཏང་རྩ་འཛུགས་འཐུས་ཚང་དུ་གཏོང་རྒྱུ་འགན་ལེན། རིམ་གསུམ་མཉམ་གཏོད་བྱེད་སྒོས་འདྲེན་རྟེན་དུ་བཅས་སུ་བྱས་ཏེ་ཏང་རྩ་འཛུགས་འདི་ཉིད་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་། ཞིང་འབྲོག་མང་ཚོགས་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་བ་བྱེད་པ། གྲོང་གསེབ་ཀྱི་མཐུན་སྦྱོར་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འཛུགས་སྐྱོང་བྱེད་དགོས། ཤང (གྲོང་རྡལ )དང་གྲོང་ཚོའི་འགོ་ཁྲིད་ཚན་ཁག་དང་ལྷག་པར་དུ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡག་པོ་འདེམས་པ་དང་ཧྲག་པོ་བཀོད་སྒྲིག་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཕན་ཚུན་རོགས་རམ་བྱེད་པའི་ཟུངས་ནུས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆགས་སྟངས་གསར་པ་ཞིག་བསྐྲུན་དགོས། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་སྲོག་ཤིང་དུ་བྱེད་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལེ་ལག་ཚང་བའི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་རིགས་ཁག་གི་གཞི་རིམ་རྩ་འཛུགས་གཞན་དག་འཛུགས་སྐྱོང་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ནང་གི་གུང་གཞོན་སྡེ་ཚོགས་དང་། བུད་མེད་འཐུས་མི་ཚོགས་ཆེན། ཡུལ་དམག་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གསོན་ཤུགས་ཀྱིས་ཁེངས་པའི་གྲོང་མིའི་རང་སྐྱོང་ཟུངས་ནུས་འཐུས་ཚང་དུ་བཏང་ནས་གྲོང་མིའི་ཚོགས་འདུ་དང་གྲོང་མིའི་འཐུས་མིའི་ཚོགས་འདུས་རྣམ་པ་གཙོ་བོར་བྱས་པའི་དམངས་གཙོ་གྲོས་དོན་གྱི་ཇུས་འགོད་ལག་ལེན་དང་རང་གིས་རང་ལ་སློབ་གསོ་གཏོང་བ་དང་། རང་གིས་རང་དོ་དམ་བྱེད་པ། རང་གིས་རང་ལ་ཞབས་འདེགས་བཅས་དམིགས་ཡུལ་གཙོ་བོར་བྱས་པའི་དམངས་གཙོའི་དོ་དམ་ལག་ལེན། གྲོང་ཚོའི་ལས་དོན་ཡོངས་བསྒྲགས་དང་། ནོར་དོན་ལྟ་སྐུལ། མང་ཚོགས་ཀྱིས་དཔྱད་མོལ་བྱེད་པ་བཅས་ཀྱིས་ནང་དོན་གཙོ་བོར་བྱས་པའི་དམངས་གཙོའི་ལྟ་སྐུལ་ལག་ལེན་བཅས་གཏིང་ཟབ་བྱས་ནས་གྲོང་མིའི་རང་སྐྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། བྱེད་ཐབས་སྣ་ཚོགས་སྤྱད་པ་དང་ས་གནས་ཀྱི་ནོར་སྲིད་གཞན་སྒྱུར་གཏོང་སྤྲོད་དང་ཏང་གྲོན་རྒྱབ་སྐྱོར་སོགས་ཀྱི་ཐབས་ལམ་བརྒྱུད་དེ་གྲོང་ཚོས་གཉེར་བའི་དཔལ་འབྱོར་དངོས་ཚན་ཧུར་ཐག་གཏོད་ནས་སྲིད་འཛིན་གྲོང་ཚོ་ཁག་གཅིག་གི་མཉམ་སྡེབ་ཀྱི་ཡོང་འབབ་དམའ་བའི་གནད་དོན་རིམ་བཞིན་ཐག་གཅོད་བྱས་ཏེ་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་། གྲོང་ཚོའི་ལས་བྱེད་པའི་ཐོབ་ཆ་དང་རྒན་གསོའི་འགན་བཅོལ། ཏང་ཡོན་ལས་བྱེད་པའི་གསོ་སྦྱོང་བཅས་ཀྱི་ཆེད་སྤྱོད་མ་དངུལ་གྱི་འགན་ལེན་ཟུངས་ནུས་ཆགས་པ་བྱེད་དགོས། ཤང་དང་གྲོང་ཚོའི་ལས་ཀ་སོགས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ལོ་གཉིས་ཀྱི་དུས་ཚོད་སྤྱད་དེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཚང་མར་ཕྱོགས་བསྡུས་བྱེད་སྒོ་སྤེལ་ཡུལ་རྩ་བའི་ཆ་ནས་བསྐྲུན་པ་དང་དེང་རབས་རྒྱང་ཁྲིད་སློབ་གསོའི་དྲ་བ་རྩ་བའི་ཆ་ནས་བསྐྲུན་དགོས།
30.གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་དཔུང་ཁག་འཛུཌ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དད་སེམས་ཡོད་པ་དང་། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་བྱེད་པ། འཇོན་ཐང་ལྡན་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུ་དེ་གྲོང་གསེབ་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་དཔུང་ཁག་གི་ཡོང་ཁུངས་རྒྱ་བསྐྱེད་དུ་གཏོང་བ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ནས་ཁོང་ཚོའི་སེམས་ཁྲལ་ཧུར་ཐག་སེལ་བ་དང་ཁོང་ཚོའི་ལས་ཀའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་དགོས། གྲོང་གསེབ་ཀྱི་ཕྱུག་འགྱུར་འཇོན་ཐང་ཅན་དང་། དམག་ཁོངས་ནས་ཕྱིར་ལོག་བྱས་པའི་དམག་མི། ཕྱིར་ལས་ཀར་བསྐྱོད་ནས་ཕ་ཡུལ་ལ་ཕྱིར་ལོག་བྱས་པའི་ཞིང་འབྲོག་མང་ཚོགས་བཅས་ཀྱི་ནང་ནས་གྲོང་ཚོའི་ལས་བྱེད་པ་བདམས་གསེས་བྱ་རྒྱུར་དོ་སྣང་བྱེད་དགོས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་གྲོང་ཚོར་ལས་འགན་འཁུར་བར་ཡོང་རྒྱུའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་གོ་རིམ་ལྡན་པའི་སྒོ་ནས་གྲོང་ཚོ་གཅིག་ལ་སློབ་ཆེན་སློབ་མ་གཅིག་ཡོད་པའི་འཆར་གཞི་ལག་བསྟར་བྱེད་དགོས། ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་དང་ཁེ་ལས་དང་བྱ་གཞག་ཚན་པའི་ལས་མི་གྲོང་གསེབ་ཏུ་ལས་ཀ་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་བྱེད་དགོས། ཕུལ་བྱུང་གི་གྲོང་ཚོའི་ལས་བྱེད་པ་ན་གཞོན་རྫོང་དང་ཤང་གི་ཏང་སྲིད་ལས་ཁུངས་དང་། ཁྲོམ་གཞུང་། ཁེ་ལས་དང་བྱ་གཞག་ཚན་པ་བཅས་སུ་སྤེལ་རེས་དང་སྦྱོང་བརྡར་བྱེད་པར་བསྐྱོད་རྒྱུར་སྐུལ་མ་བཏང་ནས་ཕུལ་བྱུང་གི་གྲོང་ཚོའི་ལས་བྱེད་པའི་ཁྲོད་ནས་གཞུང་ལས་པ་དང་རྒྱུགས་སྤྲོད་བྱས་ནས་བསྡུ་བ་དང་ཤང་གྲོང་གི་ལས་བྱེད་པ་འདེམས་བསྐོ་བྱ་རྒྱུར་མཐོང་ཆེན་བྱེད་དགོས།
31.གྲོང་གསེབ་ཀྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུཌ་སྣོན་རྒྱག་དགོས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་སྔོན་ཐོན་རང་བཞིན་གྱི་སློབ་གསོའི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ཐོག་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་། ཏང་ཡོན་ལ་སློབ་གསོ་གཏོང་བ་དང་དོ་དམ་ལེགས་སུ་གཏོང་བ། ཏང་ཡོན་གྱི་འདུ་ཤེས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བྱང་ཚད་མཐོ་བའི་གྲོང་གསེབ་ཀྱི་ཏང་ཡོན་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་དུ་གསོ་སྐྱོང་བྱེད་པ་དང་ཕྱུག་འགྱུར་འཇོན་ཐང་ཅན་ཏང་ཡོན་དུ་གསོ་སྐྱོང་བྱེད་པའི “ཕྱོགས་གཉིས་གསོ་སྐྱོང ”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས། གཞི་རིམ་གྱི་ཏང་ནང་གི་དམངས་གཙོ་རྒྱ་ཆེར་གཏོང་བ་དང་ཏང་ཡོན་གྱི་གཙོ་གཟུགས་གནས་བབ་ལ་བརྩི་བཀུར་ཞུས་ཏེ་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར་འོས་འགན་སྒྲུབ་པ་དང་དབང་ཆ་སྤྱོད་རྒྱུ་འགན་ལེན་བྱེད་དགོས། ཏང་གི་སློབ་གྲྭ་དང་རྒྱང་ཁྲིད་སློབ་གསོའི་ས་ཚིགས་སོགས་འཐབ་སར་བརྟེན་ནས་གྲོང་གསེབ་ཀྱི་ཏང་ཡོན་སྒྲིག་འཛུགས་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། དངོས་སྤྱོད་ལག་རྩལ་བཅས་སློབ་སྦྱོང་བྱེད་དགོས། ཏང་ཡོན་གྱིས་དུད་ཚང་དང་འབྲེལ་བ་བྱེད་པའི་ལམ་ལུགས་མུ་མཐུད་ལག་བསྟར་བྱས་ཏེ་མང་ཚོགས་ལ་བསམ་བློ་དང་། སྲིད་ཇུས། ལག་རྩལ། མ་དངུལ། ངལ་ནུས་སོགས་ཀྱི་ཐད་རོགས་རམ་བྱ་རྒྱུའི་འགན་ཁུར་ཐོག་ཕྱུག་འགྱུར་དུད་ཚང་དང་ཤེས་དཔལ་ལྡན་པའི་དུད་ཚང་མཉམ་སྐྲུན་བྱེད་དགོས། ཏང་ནང་གི་སྐུལ་འདེད་དང་། སེམས་ཁུར། རོགས་སྐྱོར་བཅས་བྱེད་པའི་ཟུངས་ནུས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གཞི་རིམ་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་གྲོང་གསེབ་ཀྱི་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་། ཏང་ཡོན་རྒན་གྲས། དཔེ་བཟང་རྒན་གྲས། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་བཅས་ལ་རོགས་སྐྱོར་ཧུར་ཐག་བྱས་ནས་ཁོང་ཚོའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཏེ་ཏང་རྩ་འཛུགས་ཀྱི་མཉམ་འདྲེས་ནུས་པ་དང་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་དགོས། སྐོར་སྐྱོད་ཏང་ཡོན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་གི་ཏང་ཡོན་འགུལ་ཚུལ་གྱི་དོ་དམ་ཟུངས་ནུས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།
32.གྲོང་གསེབ་ཀྱི་ཏང་སྲོལ་སྲིད་གཙང་འཛུཌ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ནི་གྲོང་གསེབ་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་འགན་ལེན་གལ་ཆེན་ཞིག་ཡིན། རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྒྲིག ཆད་གཅོད་དང་སྔོན་འགོག་མཉམ་སྤེལ། སྔོན་འགོག་བྱ་རྒྱུར་དོ་སྣང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་དང་། སློབ་གསོ་དང་། ལམ་ལུགས། ལྟ་སྐུལ། སྒྱུར་བཅོས། ལས་རིགས་ཀྱི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་། ཆད་གཅོད་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ལ་འཛིན་པའི་ཏང་གི་བྱེད་ཕྱོགས་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པ། གཞི་རིམ་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་བཅས་གཙོ་གནད་དུ་བྱས་ཐོག་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་གྲོང་གསེབ་ཏུ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། སྲིད་གཙང་རིག་གནས་གྲོང་གསེབ་ཏུ་སྤེལ་རྒྱུའི་བྱེད་སྒོ་སྤེལ་ནས་སྲིད་དོན་ཡོངས་བསྒྲགས་དང་གྲོང་ཚོའི་ལས་དོན་ཡོངས་བསྒྲགས་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་མཉམ་སྡེབ་མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ལམ་ལུགས་ལ་བརྟེན་ནས་དབང་ཆར་དོ་དམ་དང་། བྱ་བར་དོ་དམ། མིར་དོ་དམ་བཅས་བྱེད་ཐུབ་པ་བྱེད་དགོས། མི་རིགས་ཁག་གི་ལས་བྱེད་པ་དང་ལྷག་པར་དུ་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པས་སྲོལ་བཟང་དང་སྤྱོད་བཟང་དར་སྤེལ་དང་བྱ་ངན་སྤྱོད་ངན་བཀག་འགོག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ལ་མཁོ་བ་སྒྲུབ་པ། མང་ཚོགས་ཀྱི་དཀའ་གནད་སེལ་བ་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”སྔར་བས་དར་སྤེལ་བཏང་ནས་དབང་ཆ་དམངས་ཀྱི་ཆེད་དུ་སྤྱོད་པ་དང་། བརྩེ་སེམས་དམངས་ལ་འཆང་བ། དམངས་ཀྱི་ཁེ་ཕན་སྒྲུབ་པ། མང་ཚོགས་ཀྱི་དཀའ་ངལ་ལ་སེམས་ཁུར་བྱེད་པ། མང་ཚོགས་ཀྱི་འབོད་སྒྲ་ཉན་པ། མང་ཚོགས་ཀྱི་བློ་གྲོས་གཅིག་སྡུད་བཅས་མཐའ་འཁྱོངས་བྱས་ཏེ་སྐད་ཆ་དྲང་པོ་ཤོད་པ་དང་། ཐབས་ཤེས་ངོ་མ་འདོན་པ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་ཐོབ་པ་བཅས་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ཧུར་བརྩོན་ཆེན་པོས་ལས་ཀའི་གྲུབ་འབྲས་དངོས་གཏོད་དགོས།
རང་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་གཙོ་གནད་དང་དཀའ་གནད་གྲོང་གསེབ་ཏུ་ཡོད་ལ་མདུན་ལམ་དང་རེ་བ་ཡང་གྲོང་གསེབ་ཏུ་ཡོད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོ་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ་གསར་འབྱེད་ཡར་བརྩོན་དང་། བློ་བརྟན་འགྱུར་མེད་ཀྱིས་གསར་གཏོད་བྱེད་པ། ལས་དོན་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ཐོག་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་གྲོང་གསེབ་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣