བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པས་གྲོས་ཞིབ་བྱས་པ་དང་སྦྲགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུ་གཞིར་བཟུང་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་གནང་བའི་《བོད་རང་སྐྱོང་ལྗོངས་ཀྱི་2008ལོའི་ནོར་སྲིད་སྔོན་རྩིས་ལ་འགྱུར་བ་བྱུང་ཚུལ་སྐོར་གྱི་སྙན་ཞུར 》མོས་མཐུན་བྱས་ཡོད། ད་ལྟ་ཚོགས་འདུས་ཆོད་དོན་འཇོག་རྒྱུར། རང་ལྗོངས་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་ཡོང་འདི་ལོ་འགོའི་སྒོར་ཁྲི་2769637ཡིན་པ་ནས་སྒོར་ཁྲི་3826530.4ལ་སྤོར་རྒྱུ་དང་ཐེབས་རྩའི་སྔོན་རྩིས་འདི་ལོ་འགོའི་སྒོར་ཁྲི་27592.4ཡིན་པ་ནས་སྒོར་ཁྲི་37554.4ལ་སྤོར་རྒྱུ་ཡིན།