ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ།
ལོ་བརྒྱའི་ཨའོ་རྩལ། ཀྲུང་ཧྭ་ཡི་བསམ་འདུན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་ཨའོ་རྩལ་འགྲན་ཚོགས་གྲ་སྒྲིག་ཨུ་ལྷན་གཞུང་དོན་ཁང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཅས་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་ཕྱོགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་པེ་ཅིང་ཨའོ་རྩལ་འགྲན་ཚོགས་ཀྱི་ལས་འགན་ཁག་ལེགས་གྲུབ་བྱུང་བ་དང་ཁྱད་ཆོས་ལྡན་པ་དང་ཆུ་ཚད་མཐོ་བའི་ཨའོ་རྩལ་འགྲན་ཚོགས་ཤིག་གཉེར་བའི་དམིགས་ཚད་མངོན་འགྱུར་བྱུང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ངང་བསྔགས་བརྗོད་དང་ཚད་མཐོའི་གདེང་འཇོག་ཐོབ་ཡོད་པ་རེད།
ཨའོ་རྩལ་འགྲན་ཚོགས་གྲ་སྒྲིག་ལོ་ 7 བྱེད་རིང་ང་ཚོས་ཁྱེད་ལྗོངས་ཀྱིས་ཕྱོགས་ཁག་ཐད་ལ་ཤུགས་སྒྲིལ་རོགས་ལས་དང་སྒེར་སེམས་མེད་པར་རོགས་སྐྱོར་གནང་བྱུང་བས་ང་ཚོས་གྲོང་ཁྱེར་དེ་ཡོངས་ཀྱི་མི་དམངས་ཀྱི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་དང་མི་དམངས་ལ་སྙིང་དབུས་ནས་ཐུགས་རྗེས་ཆེ་ཞུ་རྒྱུ་ཡིན། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་ཀྱིས་པེ་ཅིང་གི་ལས་ཀར་རྒྱབ་སྐྱོར་དང་རོགས་རམ་གནང་བ་པེ་ཅིང་གྲོང་ཁྱེར་གྱི་མི་དམངས་ཚོས་ནམ་ཡང་སེམས་ནང་ངེས་རྒྱུ་ཡིན། པེ་ཅིང་གི་དབང་པོ་སྐྱོན་ཅན་གྱི་ཨའོ་རྩལ་འགྲན་ཚོགས་ཟླ་ 9 ཚེས་6 ཉིན་འཚོག་རྒྱུ་ཡིན་པས་ང་ཚོས་ཨའོ་རྩལ་འགྲན་ཚོགས་གྲབས་གཉེར་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་གལ་ཆེའི་མཛུབ་སྟོན་གྱི་དགོངས་པ་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱེད་པ་དང་ཨའོ་རྩལ་འགྲན་ཚོགས་གཉིས “དུས་གཅིག་དུ་གྲབས་གཉེར་དང་ངོ་མཚར་ཆེ་མཉམ་”གྱི་བླང་བྱར་གཞིགས་ནས་སྙིང་སྟོབས་ཆེར་བསྐྱེད་དང་ཡང་འབད་བསྐྱར་འབད་ཀྱིས་པེ་ཅིང་དབང་པོ་སྐྱོན་ཅན་གྱི་ཨའོ་རྩལ་འགྲན་ཚོགས་སྤྲོ་སེམས་འཁོལ་བ་དང་། ངོ་མཚར་ཆེ་བ། ལེགས་གྲུབ་ཡོང་རྒྱུ་བཅས་ཀྱི་འགན་ལེན་བྱ་རྒྱུ་ཡིན། ཁྱེད་ཚོས་པེ་ཅིང་དབང་པོ་སྐྱོན་ཅན་གྱི་ཨའོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་ཀར་སྔར་རྒྱུན་བཞིན་དོ་ཁུར་དང་། རྒྱབ་སྐྱོར། ཞུགས་པ་བཅས་བྱ་རྒྱུར་ང་ཚོས་ལྷག་བསམ་ཟོལ་མེད་ཀྱིས་རེ་བ་བྱེད་ཀྱི་ཡོད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་གཟབ་ཀྱིས་ཁྱད་ཆོས་ཡོད་པ་དང་ཆུ་ཚད་མཐོ་བའི་དབང་པོ་སྐྱོན་ཅན་གྱི་ཨའོ་རྩལ་འགྲན་ཚོགས་ཤིག་གཉེར་བའི་ལས་འགན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་ཡོང་བ་བྱས་ཏེ་པེ་ཅིང་ཨའོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་ཨའོ་རྩལ་འགྲན་ཚོགས་ལས་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སུ་སྤྱོད་རྒྱུ་ཡིན།
མཇུག་ཏུ་ང་ཚོས་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་བཅས་ཡོང་རྒྱུར་སྙིང་དབུས་ནས་སྨོན་འདུན་ཞུ་རྒྱུ་ཡིན།
ཀྲུང་གུང་པེ་ཅིང་གྲོང་ཨུད་དང་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས།
2008 ལོའི་ཟླ་ 8 ཚེས་ 25 ཉིན།