བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ 7ཚེས 14ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཐིང་གིས 《གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ཞབས་མི་སྣས་བུ་ཕྲུག་མངའ་ཁོངས་ཕྱིར་ཏཱ་ལའི་རུ་ཚོགས་ཀྱིས་གཉེར་བའི་སློབ་གྲྭར་སློབ་སྦྱོང་བྱེད་པར་བསྐྱལ་བར་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་སྐོར་གྱི་གཏན་འབེབས 》(ཚོད་ལྟའི་ལག་བསྟར )བཟོས་ནས་
བཏོན་པ་དང་། དེ་ནི་ཉེ་ལམ་ལོ་ཤས་ནང་ཏཱ་ལའི་རུ་ཚོགས་ཀྱིས་སློབ་གྲྭར་ཞུགས་པར་སློབ་ཡོན་མི་ལེན་པ་དང་བཟའ་སྡོད་གྱོན་བཅས་འགན་ལེན་བྱེད་རྒྱུ་ཆ་རྐྱེན་དུ་བྱས་ཏེ་གཞོན་ནུ་ལོ་ཆུང་མངའ་ཁོངས་ཕྱིར་བསྐྱོད་རྒྱུར་བསླུ་བྲིད་ཀྱིས་གཞོན་ནུ་ལོ་ཆུང་ལ་གཙོ་གནད་དུ་སིམ་འཛུལ་བྱས་ནས་ང་ཚོ་དང་འབྱུང་འགྱུར་གྱི་སྟོབས་ཤུགས་འཕྲོག་རེས་བྱེད་པའི་ལྐོག་གཡོར་དམིགས་ཏེ་ཏང་གི་སྒྲིག་ཁྲིམས་དང་སྲིད་སྐྱོང་གི་སྒྲིག་ཁྲིམས་ནན་པོ་ཡོང་བ་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཟུར་ཚད་ཀྱི་ཐོག་ནས་བཟོས་པའི་གཏན་འབེབས་ཤིག་ཡིན་པ་རེད།
《གཏན་འབེབས 》ནང་གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ཞབས་མི་སྣས་བུ་ཕྲུག་མངའ་ཁོངས་ཕྱིར་ཏཱ་ལའི་རུ་ཚོགས་ཀྱིས་གཉེར་བའི་སློབ་གྲྭར (ཁོ་པ་ཚོས་བསྐྲུན་པའི་དགོན་པར་ཞུགས་པའམ་ཡང་ན་དཔེ་ཆ་སློབ་སྦྱོང་བྱེད་པ )སློབ་སྦྱོང་བྱེད་པར་སྐྱེལ་མི་ཆོག འདི་ནི་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་ཞིག་ཡིན་ཞེས་ཁ་གསལ་བསྟན་ཡོད་པས་གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ཞབས་མི་སྣས་བུ་ཕྲུག་མངའ་ཁོངས་ཕྱིར་ཏཱ་ལའི་རུ་ཚོགས་ཀྱིས་གཉེར་བའི་སློབ་གྲྭར (ཁོ་པ་ཚོས་བསྐྲུན་པའི་དགོན་པར་ཞུགས་པའམ་ཡང་ན་དཔེ་ཆ་སློབ་སྦྱོང་བྱེད་པ )སློབ་སྦྱོང་བྱེད་པར་བསྐྱལ་བའི་བྱ་སྤྱོད་ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་སྐྱོང་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་རྒྱུ་རེད།
《གཏན་འབེབས 》གཤམ་སྤེལ་བྱས་རྗེས་གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ཞབས་མི་སྣས་བུ་ཕྲུག་མངའ་ཁོངས་ཕྱིར་ཏཱ་ལའི་རུ་ཚོགས་ཀྱིས་གཉེར་བའི་སློབ་གྲྭར (ཁོ་པ་ཚོས་བསྐྲུན་པའི་དགོན་པར་ཞུགས་པའམ་ཡང་ན་དཔེ་ཆ་སློབ་སྦྱོང་བྱེད་པ )སློབ་སྦྱོང་བྱེད་པར་བསྐྱལ་ཚེ་ཚང་མར་ཏང་གི་སྐྱིད་སྡུག་ནས་འབུད་པ་དང་ལས་ཁོངས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་ཡིན་ཞིང་། གཏན་འབེབས་གཤམ་སྤེལ་མ་བྱས་གོང་བུ་ཕྲུག་མངའ་ཁོངས་ཕྱིར་ཏཱ་ལའི་རུ་ཚོགས་ཀྱིས་གཉེར་བའི་སློབ་གྲྭར (ཁོ་པ་ཚོས་བསྐྲུན་པའི་དགོན་པར་ཞུགས་པའམ་ཡང་ན་དཔེ་ཆ་སློབ་སྦྱོང་བྱེད་པ )སློབ་སྦྱོང་བྱེད་པར་བསྐྱལ་ནའང་ཕྱིར་ལོག་བྱས་པ་ཚོས་རང་འགུལ་ངང་རྩ་འཛུགས་ལ་གནས་ཚུལ་གསལ་བཤད་བྱེད་དགོས་པ་དང་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཆད་པ་ཡང་དུ་གཏོང་བའམ་ཡང་ན་ཆད་པ་མི་གཅོད་པ་བྱེད་ཆོག་པ་དང་། བུ་ཕྲུག་གིས་མངའ་ཁོངས་ཕྱིར་ལོག་སྤྱོད་ཀྱི་སློབ་གསོ་དང་ལེན་བྱས་པ་མ་ཟད་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་ནང་ཞུགས་པ་རང་འགུལ་ངང་རྩ་འཛུགས་ལ་ངོས་ལེན་གཏིང་ཟབ་ཞུ་དགོས་པ་དང་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཆད་པ་ཡང་དུ་གཏོང་བའམ་ཡང་ན་ཆད་པ་མི་གཅོད་པ་བྱེད་ཆོག་པ། བུ་ཕྲུག་མངའ་ཁོངས་ཕྱིར་ཏཱ་ལའི་རུ་ཚོགས་ཀྱིས་གཉེར་བའི་སློབ་གྲྭར (ཁོ་པ་ཚོས་བསྐྲུན་པའི་དགོན་པར་ཞུགས་པའམ་ཡང་ན་དཔེ་ཆ་སློབ་སྦྱོང་བྱེད་པ )སློབ་སྦྱོང་བྱེད་བཞིན་ཡོད་པ་རྣམས་དུས་བཀག་ཟླ་བ་གཉིས་ནང་ཚུན་དུ་ཕྱིར་ལོག་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱེད་དགོས་པ་དང་དུས་བཀག་ནང་ཕྱིར་ལོག་བྱེད་མཁན་ལ་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཆད་པ་ཡང་དུ་གཏོང་བའམ་ཡང་ན་ཆད་པ་མི་གཅོད་པ་བྱེད་ཆོག་པ། སྦ་གསང་བྱས་ནས་གོང་ཞུ་མ་བྱས་པའམ་ཡང་ན་དུས་བཀག་ནང་ཕྱིར་ལོག་མ་བྱས་པ་ཞིག་ཡིན་ཚེ་ཚང་མར་ཏང་གི་སྐྱིད་སྡུག་ནས་འབུད་པ་དང་ལས་ཁོངས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་ཡིན་པ་རེད།
རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཐིང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ཞབས་མི་སྣ་དང་ལས་འཁྱུར་དང་ལས་བྲལ་ངལ་གསོ་རྒྱག་མཁན་ཏང་ཡོན་དང་ལས་བྱེད་པ་ཚོས 《གཏན་འབེབས 》ལ་བརྩི་སྲུང་ཞུ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས 《གཏན་འབེབས 》དང་འགལ་བའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།