དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • རང་ལྗོངས་ཀྱིས《བོད་ཀྱི་སྔ་དེང》ཞེས་པའི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་ཆེ་གྲས་གཉེར་ཆེད་སྒྲུབ་པའི་ལས་དོན་ཁག་ལ་ཚད་མཐོའི་གདེང་འཇོག་གནང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར   |     སྤེལ་དུས།  2015-05-09

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི 《བོད་ཀྱི་སྔ་དེང 》ཞེས་པའི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་ཆེ་གྲས་ཟླ་4ཚེས་30ཉིན་གྲུབ་འབྲས་ཐོབ་པའི་སྒོ་ནས་འགྲེམས་སྟོན་བྱས་ཚུན་ནས་མིག་སྔའི་བར་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་མི་ཐེངས་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད། ཉེ་ཆར་ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་སོ་སོས་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་ལ་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་བཏང་ནས་རང་ལྗོངས་ཀྱིས་འགྲེམས་སྟོན་གཉེར་ཆེད་སྒྲུབ་པའི་ལས་དོན་ཁག་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད།

            ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེའི་ནང་འགྲེམས་སྟོན་གྱི་དུས་མཚམས་གཉིས་ཀྱི་གྲ་སྒྲིག་ལས་དོན་ནང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་གནང་ནས་ལྗོངས་ནང་ཁུལ་དུ་ལས་དོན་བྲེལ་བ་ཧ་ཅང་ཆེ་བ་དང་ལས་འགན་ཧ་ཅང་ལྕི་བའི་གནས་ཚུལ་འོག་དཀའ་ངལ་ཁྱད་བསད་གནང་ནས་འགྲེམས་སྟོན་གཉེར་མཁན་མི་སྣ་ཧྲག་པོ་བཏང་ཡོད། ལྷག་པར་དུ་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་དུས་མཚམས་སུ་རང་སྐྱོང་ལྗོངས་ཏང་ཨུད་ལ་ལས་འགན་འབྱོར་རྗེས་འཕྲལ་མར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཚུའེ་ཡུས་དབྱིང་གིས་སྣེ་ཁྲིད་གནང་བའི་མི་20ལྷག་ཙམ་ལས་གྲུབ་པའི་ལས་དོན་ཚོགས་ཆུང་གིས་འགྲེམས་སྟོན་དངོས་པོ་འཁྱེར་ནས་པེ་ཅིང་དུ་བསྐྱོད་ཡོད། པེ་ཅིང་དུ་སླེབས་རྗེས་ཚུའེ་ཡུས་དབྱིང་གིས་ལས་དོན་ཚོགས་ཆུང་གི་ཁོངས་མིར་སྣེ་ཁྲིད་དེ་ཉིན་མཚན་བསྟུད་མར་ལས་དུས་འཕར་མ་བྱས་ནས་འགྲེམས་སྟོན་འཐུས་སྒོ་ཚང་དུ་བཏང་བ་དང་བཀོད་སྒྲིག་བསྐྱར་དུ་འཆར་འགོད་བྱེད་པ་དང་། པར་རིས་གསར་དུ་བརྗེས་པ། དངོས་པོ་མང་དུ་གཏོང་བ། ཡི་གེ་ཞིབ་དཔྱད་བྱེད་པ་བཅས་བྱས་པས་འགྲེམས་སྟོན་ནང་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་བསྒྱུར་བྱས་པ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཕྱོགས་ཁག་ལ་བྱུང་བའི་འགྱུར་ལྡོག་ཧ་ཅང་ཆེན་པོ་དེ་མངོན་པར་བྱས་པ་དེ་བོད་ཪྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་བསྡུར་བ་ཧ་ཅང་ཆེན་པོ་ཆགས་པ་དང་དྲིལ་བསྒྲགས་ཀྱི་ཕན་འབྲས་ཧ་ཅང་ཡག་པོ་ཐོན་ཡོད། ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།

            རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེའི་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འགྲེམས་སྟོན་གྲ་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཚུའེ་ཡུས་དབྱིང་སྐུ་ངོ་མས་རུ་སྣེ་ཁྲིད་དེ་སྔ་རྗེས་སུ་མི་ཐེངས་30ལྷག་ཙམ་ལས་གྲུབ་པའི་ལས་དོན་མི་སྣ་ཁག་ལྔ་པེ་ཅིང་དུ་གྲ་སྒྲིག་ལས་དོན་སྒྲུབ་པར་བཏང་བས་ལས་ཀའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་སྒོ་ནས་སྒྲུབ་པར་བརྟེན་གཙོ་གཉེར་བྱེད་མཁན་ཚན་པའི་གདེང་འཇོག་གང་ལེགས་ཐོབ་ཡོད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འགྲེམས་སྟོན་གྲ་སྒྲིག་བྱེད་མཁན་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་མི་སྣ་ཡོངས་རྫོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།

     

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།