《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་བསྐོ་འཐེན་བྱ་ཐབས 》འདི་བཞིན་2007ལོའི་ཟླ་5ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་ཅུ་སོ་གཅིག་པའི་ཐོག་དག་བཅོས་བྱས་ནས་ཁྱབ་བསྒྲགས། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2007ལོའི་ཟླ་6ཚེས་6ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་གྲོས་ཞིབ་བྱེད་རྒྱུར་བསྐྱལ་བའི་《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་བསྐོ་འཐེན་བྱས་ཐབས (བཟོ་བཅོས་འཆར་ཟིན )》སྐོར་གྱི་གྲོས་གཞི།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་བསྐོ་འཐེན་བྱེད་རྒྱུའི་གོ་རིམ་སྔར་བས་ཚད་ལྡན་བཟོ་རྒྱུ་དང་། གོ་གནས་བསྐོ་འཐེན་བྱེད་རྒྱུའི་ལས་ཀའི་སྤུས་ཚད་ལེགས་སུ་གཏོང་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་གཞིར་བཟུང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་དབང་འགན་སྲུང་བཅས་བྱེད་ཆེད 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་བསྐོ་འཐེན་བྱ་ཐབས 》ལ་བཟོ་བཅོས་དང་ཁ་སྣོན་རྒྱག་རྒྱུའི་དགོས་པ་ཤིན་ཏུ་ཆེ་བར་བརྟེན་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་མངགས་བཅོལ་གནང་དོན་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་ནས་རྒྱ་ཁྱབ་ཏུ་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་བསྐོ་འཐེན་བྱ་ཐབས (བཟོ་བཅོས་འཆར་ཟིན )》འདི་བཟོ་པ་ཡིན། འཆར་ཟིན་འདིར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་ཐོག་གྲོས་བསྡུར་གྱིས་མོས་མཐུན་བྱུང་དོན་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་ཡིན།