དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བློ་མཐུན་བློ་བཟང་ཚེ་རིང་ལ“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི“3·14”མྱུར་སྐྱོབ་ཚོགས་ཆུང་གི་ཚེ་སྐྱིད་སོགས་བློ་མཐུན་བཞིར“བོད་ཀྱི་གཞོན་ནུའི་གདོང་ལེན་ རུ་ཁག”གི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར   |     སྤེལ་དུས།  2015-05-09

            གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་པ་དཀའ་བཅུ་པ་བློ་མཐུན་བློ་བཟང་ཚེ་རིང་ལ “བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས ”དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི “3·14” མྱུར་སྐྱོབ་ཚོགས་ཆུང་གི་ཚེ་སྐྱིད་སོགས་བློ་མཐུན་བཞིར “བོད་ཀྱི་གཞོན་ནུའི་གདོང་ལེན་རུ་ཁག ”གི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

            བློ་མཐུན་བློ་བཟང་ཚེ་རིང་དང་ཁོང་ཡོད་སའི་མྱུར་སྐྱོབ་ཚོགས་ཆུང་གིས་མི་དམངས་མང་ཚོགས་ཀྱི་ལུས་སྲོག་བདེ་འཇགས་ལ་འཇིགས་སྐུལ་ཕོག་པའི་འགག་རྩའི་སྐབས་སུ་སྒེར་གྱི་ཉེན་ཁར་མི་བལྟོས་པར་ཐེ་ཚོམ་སྤུ་ཙམ་མེད་པའི་སྒོ་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་སྲོག་སྐྱོབ་རྨས་སྐྱོར་བྱས་ཡོད། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། རང་ཉིད་བློས་བཏང་གིས་མང་ཚོགས་སྲུང་སྐྱོབ་བྱས་པའི་ཁོང་ཚོའི་སྔོན་ཐོན་བྱས་རྗེས་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཁོང་ཚོའི་བླ་ན་མེད་པའི་བྱ་སྤྱོད་ཐོག་ནས་རྒྱལ་གཅེས་རིང་ལུགས་ཀྱི་བླ་ན་མེད་པའི་སྙིང་སྟོབས་དང་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་མོའི་གཟི་བརྗིད་སྲོལ་རྒྱུན་དང་། སྤྱོད་བཟང་དར་སྤེལ་དང་ཡ་རབས་དར་སྤེལ་གཏོང་བའི་བླ་ན་མེད་པའི་ལས་རིགས་ཀུན་སྤྱོད། དེང་སྐབས་ཀྱི་བོད་ཀྱི་གཞོན་ནུའི་བསམ་པའི་རྣམ་པ་གསར་རྐྱང་བཅས་མཚོན་པ་དང་། དེང་སྐབས་བོད་ཀྱི་གཞོན་ནུའི་ཕུལ་བྱུང་གི་གཤིས་རྒྱུད་གཅིག་སྡུད་ཐོག་མངོན་ནས་དུས་སྐབས་གསར་པའི་མི་རིགས་ཁག་གི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུར་སློབ་སྦྱོང་གི་མིག་དཔེ་དང་། སྤྱི་ཚོགས་ཡོངས་སུ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་མིག་དཔེ་བཏོན་ཡོད་པ་རེད།

            སྡེ་ཚོགས་ལྗོངས་ཨུ་ལྷན་དང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་ཚོར་བློ་མཐུན་བློ་བཟང་ཚེ་རིང་དང་མྱུར་སྐྱོབ་ཚོགས་ཆུང་ལ་སློབ་སྦྱོང་དང་། ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བྱེད་པའི་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་དང་། གཏུམ་སྤྱོད་ལ་མི་སྐྲག་པ་དང་ཤི་རྒྱུར་མི་སྐྲག་པའི་ཁོང་ཚོའི་ཞུམ་མེད་སྙིང་སྟོབས་ལ་སློབ་སྦྱོང་། ལས་གནས་ལ་དགའ་ཞེན་དང་ལས་རིགས་ཀྱི་ཀུན་སྤྱོད་བརྟན་སྲུང་། ལས་རིགས་ཀྱི་དམིགས་ཡུལ་སྒྲུབ་པ་བཅས་ཀྱི་ཁོང་ཚོའི་ལས་བཀུར་གྱི་སྙིང་སྟོབས་ལ་སློབ་སྦྱོང་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

            ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་དང་། གཞོན་ནུ་མཉམ་འབྲེལ་རྩ་འཛུགས་ཀྱིས་བློ་བཟང་ཚེ་རིང་དང་མྱུར་སྐྱོབ་ཚོགས་ཆུང་གི་དཔེ་མཚོན་བྱས་རྗེས་དེ་མི་སེམས་འགུལ་བའི་སློབ་གཞིར་བརྩིས་ནས་ཁོང་གི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་རང་རྟོགས་ངང་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཉེ་འགྲམ་གྱི་སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ་རང་ངོས་ཀྱི་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ཀུན་སྤྱོད་ཀྱི་གོ་རྟོགས་སྔར་བས་མཐོར་གཏོང་གིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རླབས་ཆེན་གྱི་ལག་ལེན་དངོས་ནང་ཧུར་ཐག་ཞུགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་བ་བྱེད་པའི་དཔེ་དམག་དང་མིག་དཔེ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

     

            བློ་བཟང་ཚེ་རིང (བོད་རིགས )རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཕྱི་བཅོས་ཚན་ཁག་དང་པོའི་སྨན་པ་དཀའ་བཅུ་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།