སྲིད་འཛིན་ཀུང་ཧྲུའུ་ཁག་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་ལྷན་ཁང་དང་། གཞུང་དོན་ཁང་། ཐིང་། ཅུས་བཅས་ཁག་ལ།
“3·14”དོན་རྐྱེན་ནང་གནོད་འཚེ་ཕོག་པའི་ཉེས་མེད་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོབ་དང་བཀོད་སྒྲིག་འོས་འཚམ་བྱེད་ཐུབ་པ་བྱ་ཆེད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་པ་བརྒྱུད་ལྷ་སའི “3·14”དོན་རྐྱེན་ནང་གནོད་འཚེ་ཕོག་པའི་ཉེས་མེད་མང་ཚོགས་ལ་སྨན་བཅོས་རོགས་སྐྱོར་དང་རྨས་སྐྱོན་ཕོག་པའི་གཟིགས་སྐྱོང་དངུལ་སྤྲོད་རྒྱུ་ཡིན་ཞིང་། ད་ལྟ་འབྲེལ་ཡོད་གནད་དོན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
གཅིག བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཟིན་པའི་རྨས་སྐྱོན་ཕོག་མཁན་ཉེས་མེད་མི་སྣས་སྨན་ཁང་དུ་བསྡད་དེ་དངོས་སུ་བཏང་བའི་སྨན་རིན (སྒོ་བསྟེན་སྨན་ཁང་གི་སྨན་རིན་ཚུད་ཡོད )དང་། བརྟག་དཔྱད་བྱས་པའི་རིན་པ། སྨན་བཅོས་བྱས་པའི་རིན་པ་དང་སྨན་རིན་བཅས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་ནང་ནས་ཚང་མ་སྤྲོད་རྒྱུ། གོང་གསལ་གྱི་འགན་བཅོལ་ནང་ཞུགས་མེད་མཁན་རྣམས་རང་སྐྱོང་ལྗོངས་དམངས་སྲིད་སྡེ་ཚན་གྱིས་ཐེངས་གཅིག་ལ་སྨན་རིན་ཚང་མ་རོགས་སྐྱོབ་བྱ་རྒྱུ།
གཉིས། “3·14”དོན་རྐྱེན་ནང་དབང་པོ་སྐྱོན་ཅན་དུ་འགྱུར་བའི་གནོད་འཚེ་ཕོག་པའི་ཉེས་མེད་མང་ཚོགས་ལ་རང་སྐྱོང་ལྗོངས་དམངས་སྲིད་སྡེ་ཚན་གྱིས་གཟིགས་སྐྱོང་དངུལ་སྤྲོད་རྒྱུ་དང་། ཞིབ་ཕྲའི་གཟིགས་སྐྱོང་དངུལ་སྤྲོད་ཐབས་དེ་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་འགན་འཁུར་ནས་གཏན་འཁེལ་བྱ་རྒྱུ་དང་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ཞིབ་ཕྲའི་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ།
གསུམ། ས་ཁུལ་གཞན་དུ་གནས་ཚུལ་དེ་རིགས་ཐོན་ཡོད་ཚེ་ས་ཁུལ་རང་ཉིད་ཀྱིས་འབྲེལ་ཡོད་རོགས་སྐྱོབ་སྲིད་ཇུས་གཏན་འཁེལ་བྱེད་དགོས།
བཞི། “3·14”དོན་རྐྱེན་ནང་གནོད་འཚེ་ཕོག་པའི་ཉེས་མེད་མང་ཚོགས་ལ་སྨན་བཅོས་རོགས་སྐྱོབ་དང་རྨས་སྐྱོན་ཕོག་པའི་གཟིགས་སྐྱོང་དངུལ་སྤྲོད་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱད་པའི་དམིགས་བསལ་གྱི་རོགས་སྐྱོབ་བྱེད་ཐབས་ཤིག་ཡིན་པས་ས་ཁུལ (གྲོང་ཁྱེར )ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་དོན་འཁྱོལ་ནན་ཏན་བྱེད་དགོས་པ་ལས་མི་བདེན་རྫུན་བཟོ་བྱ་རྒྱུ་གཏན་འགོག་བྱེད་དགོས།
ལྔ། 《བརྡ་ཐོ 》འདི་ཡོངས་བསྒྲཌ་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
དམིགས་སུ་བརྡ་ཐོ་འདི་བཏང་བ་ཡིན། 2008ལོའི་ཟླ་4 ཚེས་17 ཉིན།