དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་ཚུན། ཁྲིམས་ལྟར་ཝང་གཡུང་ཅུན་དང་ཀའོ་ཡང་། ལིའུ་ཀོང་ཤུས། ལི་མིང་ཞའོ། ལི་ཅན་ཀང་། རྡོ་རྗེ་ཚེ་རིང་། ཨ་བུ། སངས་རྒྱས་བཀྲ་ཤིས། ལེའུ་ཧུ་ཧྲན། ཧྲའོ་ཁྲང་། བློ་བཟང་། ཉིའུ་ཁུན། བཀྲ་ཤིས། བསོད་ནམས་རྡོ་རྗེ། འཇམ་དབྱངས། ཝུའེ་ཧྲེང་ཐའོ་བཅས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་གསབ་འདེམས་བྱས་པ་ཡིན། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་མོས་མཐུན་བྱས་ནས་གོང་གསལ་འཐུས་མིའི་འཐུས་མིའི་འོས་བབ་ལ་རྩིས་འགྲོ་ཡོད་པ་ངོས་གཏན་བྱས་ཡོད།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་ལས་གནས་དགོངས་ཞུ་བྱས་པའི་འཐུས་མི་6བྱུང་ཡོད་པ་སྟེ། བང་པོ་ཡུང (རྒྱ་རིགས། ལྷོ་ཁའི་འཐུས་མི་ཚོགས་པ )དང་། དོན་གྲུབ (བོད་རིགས། གཞིས་རྩེའི་འཐུས་མི་ཚོགས་པ ) ལྷག་ཚེ (བོད་རིགས། ལྷོ་ཁའི་འཐུས་མི་ཚོགས་པ ) སྟོབས་རྒྱལ (བོད་རིགས། ལྷོ་ཁའི་འཐུས་མི་ཚོགས་པ ) ཟླ་བ་འབྲིང་བ (བོད་རིགས། ལྷོ་ཁའི་འཐུས་མི་ཚོགས་པ ) ཉི་མ་ཚེ་རིང (བོད་རིགས། ལྷོ་ཁའི་འཐུས་མི་ཚོགས་པ )བཅས་ཡིན།

        བོད་རང་སྐྱོང་ལྗོངས་ནས་ལས་སྒྱུར་བྱས་པའི་རང་སྐྱོང་ལྗོངས་སྐབས་བཅུ་པའི་འཐུས་མི་4བྱུང་ཡོད་པ་སྟེ། ཅིན་ཧྲུའུ་པོ (རྒྱ་རིགས། ལྷོ་ཁའི་འཐུས་མི་ཚོགས་པ )དང་། ལེང་ཐན་ཀང་(རྒྱ་རིགས། ཆབ་མདོའི་འཐུས་མི་ཚོགས་པ ) གུ་ཤོན (རྒྱ་རིགས། བཅིངས་འགྲོལ་དམག་འཐུས་མི་ཚོགས་པ ) ཏུའུ་ཤིན་མིན (རྒྱ་རིགས། བཅིངས་འགྲོལ་དམག་འཐུས་མི་ཚོགས་པ )བཅས་ཡིན།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས 》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཅིན་ཧྲུའུ་པོ་དང་། ལེང་ཐན་ཀང་། བང་པོ་ཡུང་། དོན་གྲུབ། ལྷག་ཚེ། སྟོབས་རྒྱལ། ཟླ་བ་འབྲིང་བ། ཉི་མ་ཚེ་རིང་། གུ་ཤོན། ཏུའུ་ཤིན་མིན་བཅས་ཀྱི་འཐུས་མིའི་འོས་བབ་མཚམས་འཇོག་བྱེད་རྒྱུ་ཡིན།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོ་བཅའ་ཁྲིམས 》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དོན་གྲུབ་ཀྱི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དང་མི་རིགས་ཆོས་ལུགས་ཕྱི་དོན་རང་མི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དེ་མཚུངས་མཚམས་འཇོག་བྱེད་རྒྱུ།

        ད་ལྟ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པར་དངོས་སུ་ཡོད་པའི་འཐུས་མི་443ཡིན་པ་ཆེད་དུ་སྤྱི་བསྒྲགས་བྱེད་རྒྱུ་ཡིན།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།

        2015ལོའི་ཟླ་1ཚེས་14ལ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།