དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་2014ལོའི་ཟླ་12ཚེས་31ཉིན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཨུ་ཡོན་28ཚོགས་འདུར་ཞུགས་པ་དང་མི་70ཟུར་ཞུགས་བྱས་ཡོད།

        ད་རེས་ཀྱི་ཚོགས་འདུའི་ལས་འགན་གཙོ་བོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཧྲུའུ་ཅི་ཝང་ཆི་ཧྲན་གྱི་གསུང་བཤད་ཀྱི་དགོངས་དོན། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་ཀྱི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུའི་སྐོར་བཀོད་སྒྲིག་བྱ་རྒྱུ། རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཅས་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་ཆེད་འགྱུར་མེད་སྟོབས་ལྡན་གྱི་འགན་སྲུང་བྱ་རྒྱུ་དེ་རེད།

        ཚང་འཛོམས་གྲོས་ཚོགས་དེ་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུད་ཀྱིས་གཙོ་སྐྱོང་བྱས་ཤིང་། རང་སྐྱོང་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་གཡུང་ཅུན་གྱིས་གསུང་བཤད་གནང་བ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི 《ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 》དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཁྲིམས་ལྟར་རྒྱལ་སྐྱོང་གི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་བྱས་ནས་སྒྲིག་ཁྲིམས་སྒྲིག་སྲོལ་ལ་གཞིགས་ནས་ཏང་དོ་དམ་དང་བཅོས་སྐྱོང་དང་ཏང་འཛུགས་སྐྱོང་བྱ་རྒྱུའི་ཐད་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་སྒྲིག་ཁྲིམས་སྒྲིག་སྲོལ་ལ་གཞིགས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི 《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར 》དང 《སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར 》དང་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱིས་ཁྲིམས་ལྟར་བོད་སྐྱོང་གི་འཐབ་ཇུས་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་བྱས་པ་དང་སྒྲིག་ཁྲིམས་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་དང་དོ་དམ་ནན་པོ་དང་ཏང་འཛུགས་སྐྱོང་བྱ་རྒྱུའི་སྐོར་བླང་བྱ་གསལ་པོ་བཏོན་པ་དེ་རང་ལྗོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

        ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་བ་དང་བོད་དུ་ཏང་གི་སྲིད་སྐྱོང་འགན་འཁྲི་མངོན་འགྱུར་ཡོང་བའི་སྤྱི་ཡོངས་དང་བསྟུན་ནས་ཏང་དོ་དམ་དང་བཅོས་སྐྱོང་དང་ཏང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་ཡག་པོ་སྒྲུབ་པ་དང་། སྒྲིག་ཁྲིམས་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་བླང་བྱ་དེ་ཏང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ལ་ཁྱབ་པ་བྱ་རྒྱུ་མཐའ་འཁྱོངས། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ལ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱ་རྒྱུའི་ཁྲིད་སྟོན། མང་ཚོགས་ཀྱི་སྟོབས་ཤུགས་ཆེ་ཤོས་གཅིག་སྡུད་བཅས་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས “ཏང་སྒྲིག་གི་མདུན་དུ་དམིགས་བསལ་མེད་པའི ”བླང་བྱ་དེ་ལྟ་སྐུལ་དང་། ཁྲིམས་འཛིན། འགན་འཁྲི་བདའ་འདེད་བཅས་ཀྱི་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱེད་པ་དང་ཏང་སྒྲིག་གི “མཐོ་གནོན་སྐུད་ལམ ”བརྟན་པོ་བཙུགས་ཏེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ཆེད་དུ་སྒྲིག་ཁྲིམས་ཀྱི་འགན་སྲུང་བྱེད་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་བཅོས་སྐྱོང་ནན་པོ་བྱེད་པར་ངེས་པར་དུ་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་གི་སྒྲིག་ཡིག་ལ་ནན་པོར་གཞིགས་ནས་བྱ་བ་སྒྲུབ་པ། ཏང་གི་ལམ་ལུགས་དང་གཏན་འབེབས་ལྟར་བྱ་བ་སྒྲུབ་པ། ཏང་གི་སྒྲིག་སྲོལ་དང་སྒྲིག་ཁྲིམས་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་ནན་པ་མཐའ་འཁྱོངས་བྱ་རྒྱུ། ཀུན་སྤྱོད་ཀྱི་སློབ་གསོས་བློ་འགུག་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལྷུག་པ་དང་ནུས་མེད་ཟབ་ཟོབ་ཀྱི་སྣང་ཚུལ་ཡོ་བསྲང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་སྒྲིག་ལས་འགལ་བ་དང་ཉེས་པ་བསགས་པའི་ཏང་ཡོན་ལ་ཐག་གཅོད་ནན་པོ་བཅས་བྱེད་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་བཟོ་བ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཞིབ་གཅོད་ནན་པོ་བྱེད་པ། སུ་ཞིག་གིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱིས་སྒྲིག་ལམ་ལ་རྩེད་མོ་རྩེ་ན་དེས་རིན་དོད་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱང་གི “གཏན་འབེབས་དོན་ཚན་བརྒྱད ”ཀྱི་དགོངས་དོན་དང་། ལྗོངས་ཏང་ཨུད་ཀྱི “སྲུང་བྱ་རྣམ་བཅུ ” “བླང་བྱ་དོན་ཚན་དགུ ”བཅས་ལག་བསྟར་གཏིང་ཟབ་བྱེད་པ། མངོན་ལྐོག་གཉིས་ཀའི་ཐོག་ནས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཇི་ཙམ་རྗེས་སུ་ཡིན་ཚེ་དེ་ཙམ་གྱིས་སྒྲིག་ཁྲིམས་ལག་བསྟར་བྱེད་ཚད་ནན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་དང་སྒྲིག་ལམ་ནན་དུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གྱོད་གཞི་ཡོད་ཚེ་ངེས་པར་དུ་རྩད་གཅོད་བྱེད་པ་དང་རུལ་སུངས་བ་ཡོད་ཚེ་ངེས་པར་དུ་ཆད་པ་གཅོད་པ་དང་། གྱོད་གཞི་ཞིབ་གཅོད་བྱེད་པའི་ལས་དོན་སྒྲུབ་ཤུགས་མུ་མཐུད་ཆེ་རུ་གཏོང་བ། རུལ་སུངས་བར་ཆད་པ་གཅོད་པའི་མཐོ་གནོན་གྱི་རྣམ་པ་མཐའ་འཁྱོངས་བྱེད་པ། “རུལ་སུངས་བ་བྱེད་མི་ཕོད་པའི ”རྣམ་པ་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། འགན་ནུས་སྒྱུར་བ་དང་། བྱེད་སྟངས་འགྱུར་བ། སྤྱོད་ཚུལ་འགྱུར་བ། ལྟེ་བའི་ལས་འགན་ལ་དམིགས་པ། སྒྲིག་ཁྲིམས་དང་སྒྲིག་སྲོལ་ལྟར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་དཔེ་བཟང་གི་སྒོ་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་ཏང་གི་སྒྲིག་སྲོལ་དང་སྒྲིག་ལམ་ལག་བསྟར་ནན་པོ་བྱེད་དགོས། ནང་ཁུལ་དུ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྒྲིག་ཁྲིམས་ནན་པའི་སྒོ་ནས་ཟོལ་མེད་དང་། འགན་ཁུར་ཕོད་པ། དྭངས་གཙང་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་སྐྲུན་དགོས།

        ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་སོགས་དུས་ཚིགས་གལ་ཆེན་དམ་འཛིན་བྱས་ཏེ་སྒྲིག་ཁྲིམས་ལྟ་སྐུལ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མངོན་ལྐོག་གཉིས་ཀའི་ཐོག་ནས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། གཞུང་དངུལ་སྤྱད་དེ་ཟ་འཐུང་བྱེད་པ་དང་། ལག་རྟགས་སྐྱེལ་བ། རྟེན་འབྲེལ་གཱ་དང་དུས་ཆེན་གྱི་ལག་རྟགས་ཉོས་ཏེ་སྒྲིག་འགལ་ངང་ཕོགས་སྣོན་ཕན་བདེ་སྤྲོད་པ་དང་འཛད་སྤྱོད་མཐོ་བའི་རོལ་རྩེད་བྱེད་སྒོ་སོགས་བཀག་རྒྱ་ཡོད་རུང་ཀྲུང་དབྱང་གི “གཏན་འབེབས་དོན་ཚན་བརྒྱད ”ཀྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི “བསྲུང་བྱ་རྣམ་བཅུ ”དང “བླང་བྱ་དོན་ཚན་དགུ ”ལས་འགལ་བའི་བྱེད་སྤྱོད་སྤེལ་ཚེ་གཅིག་ཤེས་ན་དེ་ཞིབ་གཅོད་བྱེད་པ་དང་དམར་རྗེན་དུ་བཏོན་ནས་སྒྲིག་ཁྲིམས་ཀྱི་་བཙན་ཞིང་ནན་པའི་གཅུན་འདོམས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།