དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་ཀྱི་དམག་བཀུར་ཁྱིམ་སྐྱོང་གི་དྲོ་སྐྱིད་སྦྱིན་པའི་འཚམས་འདྲི་སྤྱི་ཁྱབ་ཚོགས་པའི་འཚམས་འདྲིའི་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཡོངས། ལྗོངས་ཡོངས་ཀྱི་སྔོན་གཤེགས་དཔའ་བོ་དང་དམག་མིའི་ནང་མི། རྨས་སྐྱོན་ཕོག་པའི་གསར་བརྗེའི་དམག་མི། གཟི་བརྗིད་ལྡན་པའི་ངང་དམག་ཁོངས་ནས་ཕྱིར་ལོག་པ་དང་ལས་སྒྱུར་བྱས་པའི་དམག་མི། དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ། དམག་ཁོངས་མེད་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོ་བཅས་ལ།

        2015ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་འཆར་ཉེར་ཡོད་པའི་སྐབས་འདིར་ང་ཚོས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང། སྲིད་གྲོས། བོད་དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་བཅས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཁྱེད་ཚོར་བླ་ན་མེད་པའི་གུས་འདུད་དང་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་མ་ཟད་ཁྱེད་ཚོ་བརྒྱུད་ཁྱེད་ཚོའི་གཉེན་ཉེར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

        འདས་ཟིན་པའི་2014ལོར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་པའི ”འཐབ་ཇུས་གལ་ཆེན་གྱི་དགོངས་དོན། “བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང ”བཅས་མངོན་འགྱུར་བྱེད་པའི་མཆན་འགོད་མཛུབ་སྟོན་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ ”བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་དང་། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་དམ་འཛིན། ཐབས་བརྒྱ་ཇུས་སྟོང་ངང་དམངས་འཚོར་ཕན་འདོགས་པ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་བཏང་ཐོག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་གསར་གཏོད་བྱས་ཡོད། གྲུབ་འབྲས་དེ་དག་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་དང་བློ་བརྟན་འགྱུར་མེད་ངང་འགོ་ཁྲིད་གནང་བའི་འབྲས་བུ་དང་རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པའི་འབྲས་བུ་ཡིན་པས་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་དཀའ་སྤྱད་འབད་བརྩོན་གཅིག་སྡུད་བྱས་ཡོད་ལ། རྒྱ་ཆེའི་སྔོན་གཤེགས་དཔའ་བོ་དང་དམག་མིའི་ནང་མི་དང་། རྨས་སྐྱོན་ཕོག་པའི་གསར་བརྗེའི་དམག་མི། གཟི་བརྗིད་ལྡན་པའི་ངང་དམག་ཁོངས་ནས་ཕྱིར་ལོག་པ་དང་ལས་སྒྱུར་བྱས་པའི་དམག་མི། དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ། དམག་ཁོངས་མེད་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོ་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད།

        ལོ་གཅིག་ནང་བོད་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ཀྱིས་རང་རེའི་ཏང་དང་རང་རེའི་དམག་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་དེང་རབས་དམག་མིའི་ལྟེ་བའི་རིན་ཐང་ལྟ་བ་བློ་དཀར་ངང་ལག་བསྟར་བྱེད་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་ཤུགས་ཆེན་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་གདོང་ལེན་རུ་ཁག་དང་། མང་ཚོགས་ལ་ཞབས་ཞུའི་ལས་དོན་རུ་ཁག བརྟན་ལྷིང་སྲུང་སྐྱོང་གི་གཙོ་ཤུགས་དམག་བཅས་རང་རྟོགས་ངང་བྱས་ཐོག་བོད་ཀྱི་མཐའ་སྲུང་སྲ་བརྟན་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་བཀོད་འདོམས་ལ་ཉན་པ་དང་དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་ཕུལ་བྱུང་གཤིས་རྒྱུད་མངོན་པ་དང་དུས་རབས་གསར་པའི་ས་མཐོའི་དམག་མིའི་ཉམས་འགྱུར་སྟོན་པར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱི་ཚད་མཐོའི་གདེང་འཇོག་དང་མི་རིགས་ཁག་གི་མི་དམངས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་པ་རེད། བོད་སྡོད་དཔུང་སྡེ་ནི་མཐའ་མཚམས་སྲུང་སྐྱོབ་དང་རྒྱལ་སྲུང་སྲ་བརྟན་གཏོང་བའི་ངོ་གནོང་མི་དགོས་པའི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཞིག་དང་། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོ་གནོང་མི་དགོས་པའི་གཙོ་ཤུགས་དམག བོད་ཀྱི་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པའི་ངོ་གནོང་མི་དགོས་པའི་ཀ་རྟེན་བརྟན་པོ་ཞིག་བཅས་ཡིན་པ་དང་ཏང་དང་མི་དམངས་ཀྱིས་རྦད་དེ་བློས་འགེལ་ཆོག་པའི་ས་མཐོའི་སྟོབས་ལྡན་དཔུང་སྡེ་ཞིག་ཡིན་པ་ལག་ལེན་ཁྲོད་ནས་ར་སྤྲོད་གང་ལེགས་ཐུབ་ཡོད། ལྗོངས་ཡོངས་ཀྱི་སྔོན་གཤེགས་དཔའ་བོ་དང་དམག་མིའི་ནང་མི་དང་། རྨས་སྐྱོན་ཕོག་པའི་གསར་བརྗེའི་དམག་མི། གཟི་བརྗིད་ལྡན་པའི་ངང་དམག་ཁོངས་ནས་ཕྱིར་ལོག་པ་དང་ལས་སྒྱུར་བྱས་པའི་དམག་མི། དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ། དམག་ཁོངས་མེད་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོ་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་གཤིས་རྒྱུད་རྒྱུན་འཁྱོངས་བྱས་ནས་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཏང་གི་འབོད་སྐུལ་དང་ལེན་ཞུ་བ། ཏང་གི་རྩ་གནད་ལག་བསྟར་བཅས་བྱས་ཏེ་རང་སོ་སོའི་ལས་ཀ་དང་འཚོ་བའི་ཁྲོད་ནུས་ཤུགས་ཡོད་རྒུ་འདོན་པ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ཐོག་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་སྲིང་བརྟན་ལྷིང་དང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པས་དེ་ནི་མང་ཚོགས་ཁྲོད་ཀྱི་རང་རེའི་ཏང་དང་མི་དམངས་དཔུང་སྡེའི་གསར་བརྗེའི་འཐུས་མི་དང་གསར་བརྗེའི་དཔེ་བཟང་ཞིག་རེད།

        2015ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཡིན་ལ་རང་ལྗོངས་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་དང་། ཁྲིམས་ལྟར་བོད་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགོ་འཛུགས་ལོ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་པའི་མཇུག་བསྡུའི་ལོ་བཅས་རེད། 2015ལོའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ཆེ་བ་ཞིག་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཆོད་སེམས་དེ་བས་ཆེ་བ་དང་། བློ་གྲོས་དེ་བས་ལྡན་པ། དཔའ་སྟོབས་དེ་བས་ཆེར་བསྐྱེད་བཅས་ཀྱི་སྒོ་ནས་རང་ལྗོངས་ཀྱི་སྒྱུར་བཅོས་ཁག་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། དམག་བཀུར་ཁྱིམ་སྐྱོང་གི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་ཆེ་མོར་སྐུལ་འདེད་གཏོང་བ། དམག་དམངས་ཉ་ཆུ་ལྟ་བུའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། རེ་བར་བོད་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ཀྱིས་སྲིད་བཀུར་དམངས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་ནས་ཁྱོན་ཡོངས་ལ་དམིགས་པ་དང་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་དམག་གཅེས་རྩལ་སྦྱོང་དང་འཇོན་ཐང་རྩེ་གྲ་སྦྱངས་ཏེ་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཁྱོན་ཡོངས་ནས་ཡག་པོ་བྱེད་པ་དང་། ས་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ཧུར་ཐག་ངང་ཞུགས་པ། སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ། མེས་རྒྱལ་གྱི་མཐའ་མཚམས་མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ཏེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། ལྗོངས་ཡོངས་ཀྱི་སྔོན་གཤེགས་དཔའ་བོ་དང་དམག་མིའི་ནང་མི་དང་། རྨས་སྐྱོན་ཕོག་པའི་གསར་བརྗེའི་དམག་མི། གཟི་བརྗིད་ལྡན་པའི་ངང་དམག་ཁོངས་ནས་ཕྱིར་ལོག་པ་དང་ལས་སྒྱུར་བྱས་པའི་དམག་མི། དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ། དམག་ཁོངས་མེད་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོ་བཅས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བོད་འདི་ཉིད་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པར་བྱ་ཆེད་ཐབས་འདོན་ཇུས་འགོད་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

        ཁྱེད་རྣམ་པ་དུས་ཆེན་སྤྲོ་པོ་དང་། ལས་དོན་ལམ་ལྷོངས། སྐུ་ཁམས་གསལ་ཐང་། ཁྱིམ་ཚང་བདེ་སྐྱིད། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ།

        རང་སྐྱོང་ལྗོངས་དམག་བཀུར་ཁྱིམ་སྐྱོང་གི་དྲོ་སྐྱིད་སྦྱིན་པའི་འཚམས་འདྲི་སྤྱི་ཁྱབ་ཚོགས་པས།

        2014ལོའི་ཟླ་12ཚེས་31ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།