དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་ལྷག་པ་མཆོག་སྐྱིད་དང་ཞུས་ཝུའེ། སྤེན་འབྲུག བཀྲ་ཤིས། ཏང་ཙུང་ལན། དགྲ་འདུལ། ཁང་ཡན། ཟླ་བ། ཚེ་རིང་སྒྲོལ་མ། ཕུན་ཚོགས། ཤའོ་ཀོང་ཧྥུའུ། ཀྲུའུ་ཤ་ཡུས། ཚའོ་གོ་ཧྲེང་བཅས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་ཁྲིམས་ལྟར་གསབ་འདེམས་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པས་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་མོས་མཐུན་བྱ་རྒྱུ་དང་གོང་གསལ་འཐུས་མིའི་འཐུས་མིའི་འོས་བབ་རྩིས་འགྲོ་ཡོད་པར་ངོས་གཏན་བྱ་རྒྱུ།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་གོ་གནས་དགོངས་ཞུ་གནང་མཁན་འཐུས་མི་13ཡོད་པ་སྟེ། ཉིའུ་ཀྲེན་ཀྲོང (རྒྱ་རིགས། གཞིས་རྩེ་ས་ཁུལ་གྱི་འཐུས་མི་ཚོགས་པ ) དབྱང་ཆིང་ཚའེ (སོག་རིགས། གཞིས་རྩེ་ས་ཁུལ་གྱི་འཐུས་མི་ཚོགས་པ ) ཐོའོ་ཧོ་རུང་(རྒྱ་རིགས། གཞིས་རྩེ་ས་ཁུལ་གྱི་འཐུས་མི་ཚོགས་པ ) ཝང་ཁྲེང་ཀུང་(རྒྱ་རིགས། གཞིས་རྩེ་ས་ཁུལ་གྱི་འཐུས་མི་ཚོགས་པ ) སྐལ་བཟང་ལུང་བསྟན (བོད་རིགས། ལྷོ་ཁ་ས་ཁུལ་གྱི་འཐུས་མི་ཚོགས་པ ) ཞུའེ་ཚའེ་ལིང (རྒྱ་རིགས། ལྷོ་ཁ་ས་ཁུལ་གྱི་འཐུས་མི་ཚོགས་པ ) ལིའུ་ལའེ་ཤིང (རྒྱ་རིགས། ཉིང་ཁྲི་ས་ཁུལ་གྱི་འཐུས་མི་ཚོགས་པ ) ཝང་ཧའོ་ཡོན (རྒྱ་རིགས། ཉིང་ཁྲི་ས་ཁུལ་གྱི་འཐུས་མི་ཚོགས་པ ) བཀྲ་ཤིས་དོན་གྲུབ (བོད་རིགས། ཉིང་ཁྲི་ས་ཁུལ་གྱི་འཐུས་མི་ཚོགས་པ ) ལུའེ་གོ (རྒྱ་རིགས། ཆབ་མདོ་ས་ཁུལ་གྱི་འཐུས་མི་ཚོགས་པ ) ཨན་ཅང (བོད་རིགས། ཆབ་མདོ་ས་ཁུལ་གྱི་འཐུས་མི་ཚོགས་པ ) ཚེ་རིང་མགོན་པོ (བོད་རིགས། མངའ་རིས་ས་ཁུལ་གྱི་འཐུས་མི་ཚོགས་པ ) ཤ་ཨའེ་ཧོ (རྒྱ་རིགས། བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པ )བཅས་ཡིན།

        སྲིད་འཛིན་ས་ཁོངས་འདི་ག་ནས་གནས་སྤོས་གནང་བ་འཐུས་མི་2སྟེ། སུའུ་ཁེ་པིང (རྒྱ་རིགས། བཅིངས་འགྲོལ་གྱི་དམག་འཐུས་མི་ཚོགས་པ ) ངག་དབང་ཡར་འཕེལ (བོད་རིགས། བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པ )

        འཐུས་མིའི་གོ་གནས་གནས་དབྱུང་བཏང་བ་1སྟེ། ཧོང་ཡུས་ཐན (རྒྱ་རིགས། ལྷ་ས་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ )

        འདས་གྲོངས་སོང་བ་འཐུས་མི་1སྟེ། རྟ་མགྲིན (བོད་རིགས། གཞིས་རྩེ་ས་ཁུལ་གྱི་འཐུས་མི་ཚོགས་པ )

        འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཉིའུ་ཀྲེན་ཀྲོང་། དབྱང་ཆིང་ཚའེ། ཐོའོ་ཧོ་རུང་། ཝང་ཁྲེང་ཀུང་། སྐལ་བཟང་ལུང་བསྟན། ཞུའེ་ཚའེ་ལིང་། ལིའུ་ལའེ་ཤིང་། ཝང་ཧའོ་ཡོན། བཀྲ་ཤིས་དོན་གྲུབ། ལེ་གོ ཨན་ཅང་། ཚེ་རིང་མགོན་པོ། ཤ་ཨའེ་ཧོ། སུའུ་ཁེ་པིང་། ངག་དབང་ཡར་འཕེལ་བཅས་ཀྱི་འཐུས་མིའི་འོས་བབ་མཚམས་འཇོག་བྱེད་རྒྱུ། ཤ་ཨའེ་ཧོ་ཡི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་མཚམས་འཇོག་བྱ་རྒྱུ།

        ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ཧོང་ཡུས་ཐན་གྱི་འཐུས་མིའི་གོ་གནས་གནས་དབྱུང་བཏང་བ་དང་དེའི་འཐུས་མིའི་འོས་བབ་མཚམས་འཇོག་བྱ་རྒྱུ།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མི་རྟ་མགྲིན་འདས་གྲོངས་སོང་བས་དེའི་འཐུས་མིའི་འོས་བབ་རང་ཤུགས་སུ་མཚམས་འཇོག་བྱེད་རྒྱུ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་རྟ་མགྲིན་འདས་གྲོངས་སོང་བར་མྱ་ངན་ཞུ་རྒྱུ་ཡིན།

        ད་ལྟ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པར་དངོས་ཡོད་འཐུས་མི་437ཡོད་པ་བཅས།

        ཆེད་དུ་བརྡ་ཐོ་འདི་བཏང་བ་ཡིན།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

        2014ལོའི་ཟླ་11ཚེས་14ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།