དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་གྲ་སྒྲིག་ཚོགས་ཆུང་འཛུགས་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པས་གཏན་འབེབས་བྱས་དོན།

        གཅིག ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་གྲ་སྒྲིག་ཚོགས་ཆུང་བཙུགས་ནས་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འབྲེལ་ཡོད་དོན་གནད་གྲ་སྒྲིག་བྱེད་འགན་ཁུར་བ་དང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་ཆོག་མཆན་བཀོད་ཐོག་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འཐུས་མིའི་འདེམས་བསྐོ་གཙོ་སྐྱོང་བྱ་རྒྱུ་དང་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུ་སྐོང་ཚོགས་བྱ་རྒྱུ།

        གཉིས། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་གྲ་སྒྲིག་ཚོགས་ཆུང་གི་གཤམ་འོག་ཏུ་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བཙུགས་ནས་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འདེམས་བསྐོ་ཁྲིམས་ལུགས་ཀྱི་གཏན་འབེབས་དང་མཐུན་ཡོད་མེད་ཞིབ་བཤེར་བྱ་རྒྱུ་དང་སྦྲགས་གྲ་སྒྲིག་ཚོགས་ཆུང་ལ་འཐུས་མིའི་མིང་ཐོ་ཁྱབ་བསྒྲགས་བྱ་རྒྱུར་འབུལ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།