དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ལྷ་ས་གྲོང་ཁྱེར་འཚོ་བའི་གད་སྙིགས་མེར་བསྲེགས་གློག་གཏོང་བཟོ་གྲྭའི་རྣམ་གྲངས་ནང་སྤྱི་དམངས་ཐེངས་གཉིས་པ་ཞུགས་པའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        ལྷ་ས་གྲོང་ཁྱེར་འཚོ་བའི་གད་སྙིགས་མེར་བསྲེགས་གློག་གཏོང་བཟོ་གྲྭའི་རྣམ་གྲངས་དེ་ཨན་ཧུའེ་ཧྲེང་ཡུན་ཁོར་ཡུག་སྲུང་སྐྱོང (ཚོགས་པ )མ་རྐང་ཚད་ཡོད་ཀུང་སིས་མ་དངུལ་འཇོག་འགན་དང་ལྷ་ས་ཧྲེང་ཡུན་ཁོར་ཡུག་སྲུང་སྐྱོང་གློག་ཤུགས་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་ཡོད། བཟོ་གྲྭ་དེ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང (ལྷ་ས་གྲོང་ཁྱེར་འཚོ་བའི་གད་སྙིགས་སྦ་རའི་བྱང་ཤར་གྱི་340m)སར་གནས་ཡོད། ལྷ་ས་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་དང་གྲོང་མཐའ་དང་བར་ཐག་15kmཡོད་ཅིང་། མིག་སྔར་ཁོར་ཡུག་ཤུགས་རྐྱེན་གྱི་སྙན་ཞུའི་ཡི་གེ་ཧྲན་ཏུང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཚན་རིག་ཞིབ་འཇུག་ཇུས་འགོད་ཁང་གིས་སྤྱིར་ན་སྒྲིག་བཟོ་ལེགས་གྲུབ་བྱས་ཡོད། 《〈ཁོར་ཡུག་ཤུགས་རྐྱེན་དཔྱད་འཇོག་གི་སྤྱི་དམངས་ཞུགས་པའི་གནས་སྐབས་ལག་བསྟར་བྱ་ཐབས 〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོར 》གཞིགས་ཏེ་རྣམ་གྲངས་དེའི་ཁོར་ཡུག་དཔྱད་འཇོག་གི་སྡོམ་ཚིག་གཙོ་བོ་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།

        གཅིག འཛུགས་སྐྲུན་རྣམ་གྲངས་ཀྱི་གནས་ཚུལ་རགས་བསྡུས།

        རྣམ་གྲངས་ཀྱི་མིང་། ལྷ་ས་གྲོང་ཁྱེར་འཚོ་བའི་གད་སྙིགས་མེར་བསྲེགས་གློག་གཏོང་བཟོ་གྲྭའི་རྣམ་གྲངས།

        རྣམ་གྲངས་ཀྱི་གནས་ཚུལ་མདོར་བསྡུས། ལྷ་ས་གྲོང་ཁྱེར་འཚོ་བའི་གད་སྙིགས་མེར་བསྲེགས་གློག་གཏོང་བཟོ་གྲྭའི་རྣམ་གྲངས་ཀྱི་སྤྱིའི་གཞི་ཁྱོན 1050t/dཡིན་པ་དང་དུས་ཐེངས་གཉིས་ལ་དབྱེ་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་སྟེ། དུས་ཐེངས་དང་པོར་700t/dདང་དུས་ཐེངས་གཉིས་པར་350t/dརེད། ད་རེས་དུས་ཐེངས་དང་པོའི་ཁོར་ཡུག་ཤུགས་རྐྱེན་དཔྱད་འཇོག་བྱ་རྒྱུ་སྟེ། ཉིན་རེའི་ཐག་གཅོད་བྱེད་ཁྱོན་700tདང་ལོ་རེར་འཚོ་བའི་གད་སྙིགས་ཁྲི་25.55tཐག་གཅོད་བྱ་རྒྱུ་རེད། གད་སྙིགས་མེར་བསྲེགས་ཐོན་སྐྱེད་སྒྲུབ་རིམ་350t/dགཉིས་གསར་འཛུགས་བྱ་རྒྱུ་དང་གད་སྙིགས་མེར་བསྲེགས་ཐོན་སྐྱེད་སྒྲུབ་རིམ་ལ་དུ་རླངས་གཙང་བཟོའི་མ་ལག་ཆ་ཚང་རེ་བཀོད་སྒྲིག་བྱ་རྒྱུ་རེད། ཚ་ནུས་ལྷག་འཕྲོའི་ཁྲོ་ཐབ་གཉིས་འཛུགས་རྒྱུ་དང་དེ་ནས་ཐོན་པའི་རླངས་པས་15MWརླངས་སྒུལ་གློག་འདོན་འཕྲུལ་འཁོར་ལ་མཁོ་འདོན་བྱེད་པ་དང་གཞན་ཡང་བཟོ་གྲྭའི་ནང་ཐལ་རྡུལ་མཁྲེགས་འགྱུར་འཁོར་ཁང་བཙུགས་ཡོད། རྣམ་གྲངས་འདེམས་ཡུལ་དེ་ས་གནས་དེ་གའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་འཆར་འགོད་དང་ཁོར་ཡུག་ནུས་པའི་ཁུལ་གྱི་འཆར་འགོད་དང་འཚམས་ཡོད་ཅིང་། རྣམ་གྲངས་དེར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་43147.67གཏོང་རྒྱུ་རེད།

        གཉིས། འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་བཟོ་སྲིད་པའི་ཤུགས་རྐྱེན་རགས་གླེང་།

        རྣམ་གྲངས་སྐྲུན་རྩིས་ཡོད་པ་དེས་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་སྲིད་པའི་རྒྱུ་རྐྱེན་གཙོ་བོ་ནི་རླངས་རོ་དང་། བཙོག་ཆུ། མཁྲེགས་གཟུགས་བེད་མེད་དངོས་པོ། འཛེར་སྒྲ་བཅས་ཡིན་ཞིང་། རླངས་རོ་གཙོ་བོ་ནི་མེར་བསྲེགས་བཏང་བའི་དུ་རླངས་དང་དྲི་ངན་འཚུབ་པའི་རླངས་པ་ཡིན་པ་དང་། བཙོག་ཆུ་ནི་གཙོ་བོ་འཚོ་བའི་བཙོག་ཆུ་དང་། མ་ལག་ནས་བཏོན་པའི་བེད་མེད་བཙོག་ཆུ། སྐོར་སྐྱོད་གྲང་བཟོའི་བཙོག་ཆུ། ཁྲོ་ཐབ་ཀྱི་བཙོག་ཆུ། གད་སྙིགས་སིམ་ཆུ་སོགས་བཟོ་ལས་ཀྱི་བཙོག་ཆུ་ཡིན་པ། མཁྲེགས་གཟུགས་བེད་མེད་དངོས་པོ་གཙོ་བོ་ནི་ཁྲོ་ཐབ་ཀྱི་བསྲེགས་རོ་དང་ཐལ་རྡུལ་ཡིན་པ། འཛེར་སྒྲ་ཅུང་མཐོ་བའི་སྒྲིག་ཆས་གཙོ་བོ་ནི་མེར་བསྲེགས་ཁྲོ་ཐབ་དང་། ཚ་ནུས་ལྷག་མ་ཁྲོ་ཐབ། གྲང་བཟོའི་སྟེགས་བུ། རླངས་སྒུལ་གློག་འདོན་འཕྲུལ་ཆས་ལ་སོགས་རེད།

        གསུམ། ཁོར་ཡུག་གི་ཤུགས་རྐྱེན་ངན་པ་སྔོན་འགོག་གམ་ཡང་ན་ཆུང་དུ་གཏོང་བའི་ཐབས་ཤེས་དང་བྱ་ཐབས་གཙོ་བོ་དང་དེ་བཞིན་སྦགས་བཙོག་དངོས་པོ་ཚད་ལོན་གཏོང་འབུད་གནས་ཚུལ།

        1.ཁོར་ཡུག་མཁའ་རླུང་སྦགས་བཙོག་འགོག་བཅོས་བྱ་ཐབས།

        བསྐྲུན་རྩིས་ཡོད་པའི་རྣམ་གྲངས་ཐད་མེར་བསྲེགས་དུ་རླངས་བཅོས་སྐྱོང་ཐད་ཕྱོགས་བསྡུས་བཟོ་རྩལ་སྣ་ཚོགས་སྤྱོད་པ་དང་འབྲེལ་མེར་བསྲེགས་དུ་རླངས་ལྟ་སྐུལ་ཚད་ལེན་གྱི་མ་ལག་སྒྲིག་སྦྱོར་བྱ་རྒྱུ་རེད། གཙང་བཟོ་བྱས་རྗེས་ཀྱི་དུ་རླངས་དེ་མཐོ་ཚད་80mཡི་དུ་ཁུང་ནས་མཁའ་དབྱིངས་སུ་གཏོང་འབུད་བྱ་རྒྱུ་རེད། དུ་རླངས་གཙང་བཟོའི་མ་ལག་གིས་རྡུལ་སེལ་ཚད་99.8%དང་། མུ་ཟེ་སེལ་ཚད་85% ལུའུ་སེལ་ཚད་≥95% ལྕི་བའི་ལྕགས་རིགས་Hgདང་། C d 、 P bབཅས་སེལ་ཚད་≥90% ཟིན་གྱི་ཡོད། བསྐྲུན་རྩིས་ཡོད་པའི་རྣམ་གྲངས་ཀྱི་འཚོ་བའི་གད་སྙིགས་མེར་བསྲེགས་ཁྲོ་ཐབ་ཀྱི་དུ་རླངས་སྦགས་བཙོག་དངོས་པོ་SO2དང་HCI、NOX ཨེར་ཨེ་དབྱིན་རིགས་、CO、Hg、Cd、Pb、དུ་རྡུལ་སོགས་གཏོང་འབུད་ཀྱི་གར་ཚད 《འཚོ་བའི་གད་སྙིགས་མེར་བསྲེགས་སྦགས་བཙོག་གི་ཚོད་འཛིན་ཚད་གཞི 》(GB18485-2014)ནང་གཏན་འབེབས་བྱས་པའི་གཏོང་འབུད་ཀྱི་ཚད་གཞི་དང་འཚམས་ཡོད། བསྐྲུན་རྩིས་ཡོད་པའི་རྣམ་གྲངས་ཀྱི་གད་སྙིགས་འཇོག་རའི་འཛུལ་སྒོར་རླུང་འགྲོ་ཡོད་པ་དང་གད་སྙིགས་འཇོག་ཁང་རྦད་དེ་བཀབ་པའི་ཇུས་འགོད་བྱས་པ་དང་འབྲེལ་སྟེང་དུ་རླུང་འགྲོ་བསྒར་ཡོད།

        2.བཙོག་ཆུའི་སྦགས་བཙོག་འགོག་བཅོས་བྱ་ཐབས།

        རྣམ་གྲངས་འདིའི་བེད་མེད་བཙོག་ཆུ་མང་ཆེ་བ་རླངས་སྒུལ་འཁོར་ཁང་དུ་བསྐྱར་སྐྱོད་བྱེད་པ་དང་། སྐོར་སྐྱོད་གྲང་བཟོའི་བཙོག་ཆུ་ཁག་གཅིག་སྙིགས་སེལ་མ་ལག་གི་སྤྱོད་ཆུ་དང་། བཟོ་གྲྭའི་ས་ངོས་གཙང་ཁྲུས་ཀྱི་སྤྱོད་ཆུ། ཐལ་རྡུལ་མཁྲེགས་བཟོའི་སྤྱོད་ཆུ། འགྲོ་ལམ་གཙང་ཁྲུས་དང་སྔོ་ལྗང་གི་སྤྱོད་ཆུ། གད་སྙིགས་འཇོག་ར་གཙང་ཁྲུས་སྤྱོད་ཆུ་སོགས་སུ་བརྩི་རྒྱུ་རེད། གད་སྙིགས་སིམ་ཆུ་སོགས་འཚོ་བའི་བཙོག་ཆུ་གཙང་བཅོས་ས་ཚིགས་སུ་གཏོང་བ་དང 《བཙོག་ཆུ་ཕྱོགས་བསྡུས་གཏོང་འབུད་ཚད་གཞི 》(GB8978-1996)ནང་གི་ཚད་གཞི་དང་པོར་སླེབས་རྗེས་སྙིགས་འདོན་འཕྲུལ་འཁོར་གྱི་གྲང་བཟོའི་སྤྱོད་ཆུར་བརྩི་རྒྱུ་རེད། རྣམ་གྲངས་ཀྱི་ཕྱིར་འབུད་བཙོག་ཆུ་ཕྱི་རུ་ཐད་ཀར་མི་གཏོང་བས་རྣམ་གྲངས་འཛུགས་སྐྲུན་གྱི་ས་ཁོངས་ནང་གི་ས་ངོས་ཀྱི་ཆུ་ལ་ཤུགས་རྐྱེན་ཆུང་ཙམ་ཡོད། འབྲེལ་ཡོད་བཙོག་ཆུ་གཙང་བཅོས་སྒྲིག་བཀོད་དང་མདོང་ལམ་ལ་སིམ་འགོག་བྱ་ཐབས་ཡག་པོ་སྤྱད་ནས་ས་འོག་ཆུ་ལ་བཙོག་སྐྱོན་མི་ཐེབས་པ་བྱ་རྒྱུ་རེད།

        3.འཛེར་སྒྲ་འགོག་བཅོས་ཀྱི་ཐབས་ཇུས།

        འཛེར་སྒྲ་ཆུང་བའི་སྒྲིག་ཆས་འདེམས་པ་དང་བཟོ་ཁང་སྒྲ་འགོག སྒྲ་འགོག་ཁེབས། སྒྲ་སེལ་ཡོ་ཆས་སོགས་ཀྱི་བྱ་ཐབས་སྤྱོད་རྒྱུ་རེད། རྒྱུན་གཏན་གྱི་ལས་དོན་འོག་འཛེར་སྒྲའི་སྒྲིག་ཆས་གཙོ་བོའི་འཛེར་སྒྲ་དེ 《བཟོ་ལས་ཁེ་ལས་ཀྱི་བཟོ་གྲྭའི་ཁོར་ཡུག་འཛེར་སྒྲ་གཏོང་བའི་ཚད་གཞི 》(GB12348—2008)རིགས་གཉིས་པའི་ཚད་གཞིའི་བླང་བྱ་དང་འཚམས་ཡོད།

        4.མཁྲེགས་གཟུགས་བེད་མེད་དངོས་པོ་འགོག་བཅོས་བྱ་ཐབས། བསྐྲུན་རྩིས་ཡོད་པའི་རྣམ་གྲངས་ཀྱི་བཟོ་གྲྭའི་ནང་ཐལ་རྡུལ་མཁྲེགས་འགྱུར་གྱི་ཐག་གཅོད་བྱེད་ར་བཙུགས་ཡོད། ལས་གྲྭ་དེའི་ཐལ་རྡུལ་བརྟན་པོ་དང་ཨར་འདམ་དེ་བརྟན་བཟོའི་རྒྱུ་ཆར་བརྩི་རྒྱུ་རེད། ཐལ་རྡུལ་མཁྲེགས་འགྱུར་བཟོས་རྗེས་གལ་སྲིད་དེར་ཆུ་འདུ་ཚད་30%ལས་དམའ་བ་དང་། ཨེར་ཨེ་དབྱིན་འདུ་ཚད་3μg、TEQ/kgལས་དམའ་བ། HJ/T300སྒྲིག་ཆས་ནས་ཐོན་པའི་གཤེར་ཁུའི་གནོད་འཚེའི་གྲུབ་ཆའི་གར་ཚད་གཏན་འབེབས་ལས་དམའ་བ་ཡོད་པ་བཅས་ལྷ་ས་གྲོང་ཁྱེར་འཚོ་བའི་གད་སྙིགས་ཐག་གཅོད་ར་བར་སྦ་རྒྱུར་སྐྱེལ་རྒྱུ་རེད། དེ་ལྟར་མ་བྱུང་ན། ཐོབ་ཐང་ཡོད་པའི་ཉེན་ཅན་བེད་མེད་དངོས་པོ་ཐག་གཅོད་བྱེད་སར་བསྐྱལ་ནས་མཐའ་མའི་ཐག་གཅོད་བྱ་རྒྱུ་རེད། ཁྲོ་སྙིགས་ལྷ་ས་གྲོང་ཁྱེར་འཚོ་བའི་གད་སྙིགས་ཐག་གཅོད་ར་བར་སྦ་རྒྱུར་སྐྱེལ་རྒྱུ་རེད། རྣམ་གྲངས་ཀྱི་འཚོ་བའི་གད་སྙིགས་ཉུང་ཤས་ཤིག་རྣམ་གྲངས་དེའི་འཚོ་བའི་གད་སྙིགས་མེར་བསྲེགས་ཐབ་ཏུ་སྐྱེལ་རྒྱུ་ཡིན་པ་དང་སིམ་གཤེར་ཐག་གཅོད་མ་ལག་གི་ཆུ་ཟད་ཨར་འདམ་དེ་གད་སྙིགས་རྫིང་བུར་བསྐྱལ་ནས་མེར་བསྲེགས་གཏོང་རྒྱུ་རེད།

        བཞི། རྣམ་གྲངས་འཛུགས་སྐྲུན་གྱི་ཁོར་ཡུག་ཤུགས་རྐྱེན་དབྱེ་ཞིབ།

        1.རླུང་ཁམས་ཆེ་མོའི་ཤུགས་རྐྱེན།

        གནམ་གཤིས་ཀྱི་བར་ཁམས་ཆེ་མོའི་སྔོན་བརྡ་ཚད་ལེན་འབྲས་བུར་གཞིགས་ན། རྣམ་གྲངས་ཀྱི་སྦགས་བཙོག་དངོས་པོ་འབུད་པ་དེས་གདེང་འཇོག་ཁྱབ་ཁོངས་ནང་གི་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལ་ལེགས་སྐྱེས་འབུལ་ཚད་ཀྱི་རིན་ཐང་ཅུང་ཆུང་བ་དང་། ཁོར་ཡུག་ཚོར་རྐྱེན་དམིགས་ཚད་ཀྱི་SO2、NO2、PM10ཆུ་ཚོད་རེ་དང་། ཉིན་རེའི་ཆ་སྙོམས། ལོ་རེའི་ཆ་སྙོམས་བཅས་ཀྱི་སྦགས་བཙོག་དངོས་པོའི་གར་ཚད་དམིགས་ཚད་དུ་སླེབས་པ། 《ཁོར་ཡུག་མཁའ་རླུང་སྤུས་ཚད་ཚད་གཞིའི 》(GB3095—2012)རིམ་པ་གཉིས་པའི་ཚད་གཞིའི་བླང་བྱ་དང་མཐུན་ཡོད།

        2.ཆུའི་ཁོར་ཡུག་ཤུགས་རྐྱེན།

        བསྐྲུན་རྩིས་ཡོད་པའི་རྣམ་གྲངས་ཀྱིས་ཕྱིར་བཙོག་ཆུ་ཕུད་མེད་པར་བརྟེན་ས་ངོས་ཀྱི་ཆུའི་ཁོར་ཡུག་ལ་ཤུགས་རྐྱེན་ཕོག་མེད་ཅིང་། ས་འོག་ཆུར་སྔོན་འགོག་ཚད་ལེན་བྱས་པའི་འབྲས་བུར་གཞིགས་ན། བསྐྲུན་རྩིས་ཡོད་པའི་རྣམ་གྲངས་ཐད་སིམ་འགོག་གི་བྱེད་ཐབས་ནན་པོ་སྤྱད་རྗེས་མཐའ་འཁོར་ས་འོག་ཆུར་ཤུགས་རྐྱེན་ཐེབས་མེད།

        གཞན་ཡང་བསྐྲུན་རྩིས་ཡོད་པའི་རྣམ་གྲངས་ཀྱིས་ཞབས་ཞུའི་ཁྱབ་ཁོངས་ཀྱི་གད་སྙིགས་སྦ་སར་གད་སྙིགས་སྦ་ཚད་ཉུང་དུ་ཕྱིན་པ་དང་། དེས་གད་སྙིགས་སྦ་བའི་ཞབས་ཞུའི་ལོ་ཚད་རིང་དུ་ཕྱིན་པ། གད་སྙིགས་ཀྱི་བཙོག་ཆུ་ཐོན་རྒྱུ་དང་དེས་ས་ངོས་ཀྱི་ཆུ་དང་ས་འོག་ཆུར་སྦགས་བཙོག་བཟོ་ཚད་ཉུང་དུ་ཕྱིན་ཡོད།

        3.འཛེར་སྒྲའི་ཤུགས་རྐྱེན།

        རྣམ་གྲངས་བསྐྲུན་རྗེས་ལས་གྲྭའི་ཚན་པ་ཁག་གི་ལས་ཡུལ་གྱི་འཛེར་སྒྲ་དེ 《བཟོ་ལས་ཁེ་ལས་ཀྱི་ཁོར་ཡུག་འཛེར་སྒྲའི་ཚད་གཞིའི 》(GB12348—2008)རིགས་ཁུལ་གཉིས་པའི་ཚད་གཞིའི་བླང་བྱ་དང་མཐུན་ཡོད། འཁོར་སྐྱོད་བྱེད་སྐབས་འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་མཚན་མོ་རླངས་འབུད་དང་ཚ་ལ་རྒྱག་པའི་གནས་ཚུལ་མི་ཐོན་པ་བྱས་ཏེ་འཛེར་སྒྲའི་གནས་ཚུལ་ཐོན་རྒྱུ་གཏན་འགོག་བྱས་ཡོད།

        4.ཟོག་རོའི་ཤུགས་རྐྱེན།

        བསྐྲུན་རྩིས་ཡོད་པའི་རྣམ་གྲངས་ནང་ཐོན་པའི་ཟོག་རོ་རིགས་དབྱེ་བྱས་ནས་བསྡུ་བ་དང་། ནུས་ལྡན་ངང་ཐག་གཅོད། སྦགས་བཙོག་འགོག་བཅོས་བྱེད་ཐབས་གནད་ལ་འཁེལ་བ་བཅས་ཡོང་རྒྱུ་ཡིན་པར་བརྟེན་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཉུང་དུ་ཕྱིན་ཡོད།

        5.ཁོར་ཡུག་གི་ཉེན་ཁ།

        བསྐྲུན་རྩིས་ཡོད་པའི་རྣམ་གྲངས་ཀྱི་ཉེན་ཁུངས་གཙོ་བོ་དེ་གད་སྙིགས་ཀྱི་བཙོག་ཆུ་དང་གད་སྙིགས་བསྲེགས་པའི་དུ་བ་སོགས་ཡིན་པ་དང་ཉེན་ཁ་ཆེ་བའི་ལས་ཀ་ནི་གད་སྙིགས་ཀྱི་བཙོག་ཆུ་དང་དུ་བ་ཐག་གཅོད་བྱ་རྒྱུ་དང་། ཡང་བའི་ཁྲའེ་ཡིའུ་སྣུམ། ཨན་ཆུ་སོགས་སྤྱོད་རྒྱུ་དེ་ཡིན་ཁར་དེ་དག་ནང་དུག་རྒྱུའི་དངོས་པོ་HC1ལ་སོགས་ཡོད། དབྱེ་ཞིབ་བྱས་པ་བརྒྱུད་བསྐྲུན་རྩིས་ཡོད་པའི་རྣམ་གྲངས་དེར་ཉེན་ཁ་ཆེན་པོ་ལྡན་མེད། ཉེན་ཁ་སྔོན་འགོག་དང་འཕྲལ་སྡོམ་སྔོན་ཇུས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་སྙན་ཞུའི་ཡི་གེ་དོན་འཁྱོལ་དང་འཐུས་ཚང་དུ་བཏང་བས་བསྐྲུན་རྩིས་ཡོད་པའི་རྣམ་གྲངས་ཁོར་ཡུག་གི་ཉེན་ཁའི་ཆུ་ཚད་དང་ལེན་ཐུབ་པ་ཞིག་ཡོད།

        ལྔ། ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ལག་བསྟར་ཆོག་པའི་དབྱེ་ཞིབ།

        བསྐྲུན་རྩིས་ཡོད་པའི་རྣམ་གྲངས་ཐད་སྤྱད་པའི་སྦགས་བཙོག་དངོས་པོ་བཅོས་སྒྲིག་གི་བྱེད་ཐབས་ཁག་ཚང་མ་ནི་ལག་བསྟར་ཆོག་པའི་བཅོས་སྒྲིག་ལག་རྩལ་ཡིན་པ་དང་སྙན་ཞུའི་ནང་གི་བྱེད་ཐབས་ཁག་ལ་དཔལ་འབྱོར་དང་ལག་རྩལ་ཐད་ནས་རིགས་པས་ཁུངས་སྐྱེལ་དང་བྱེད་ཐབས་ཁག་དཔལ་འབྱོར་དང་མཐུན་པ་དང་ལག་རྩལ་ཐད་ལག་བསྟར་ཆོག་པ་ཞིག་ཡོད་པས་རིགས་ཁག་གི་སྦགས་བཙོག་བརྟན་པོའི་ངང་དམིགས་ཚད་དུ་སླེབས་རྒྱུ་དང་འབུད་རྒྱུར་འགན་ལེན་ཐུབ་པ་ཞིག་ཡོད། རྣམ་གྲངས་ཐད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་མ་འཇོག་ལ་ཁོར་ཡུག་དཔལ་འབྱོར་གྱི་ཕན་འབྲས་ལེགས་ཙམ་ལྡན་ཡོད།

        དྲུག ཁོར་ཡུག་ཤུགས་རྐྱེན་སྙན་ཞུའི་ཡི་གེའི་གདེང་འཇོག་གི་འབྲས་བུ།

        བསྐྲུན་རྩིས་ཡོད་པའི་རྣམ་གྲངས་རྒྱལ་ཁབ་ཐོན་ལས་སྲིད་ཇུས་ཀྱི་བླང་བྱ་དང་། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་སྲིད་ཇུས་ཀྱི་འབྲེལ་ཡོད་བླང་བྱ། 《ལྷ་ས་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད 》ཀྱི་བླང་བྱ་བཅས་དང་མཐུན་པ་དང་། རྣམ་གྲངས་འཛུགས་སྐྲུན་ཐད་སྙན་ཞུའི་ནང་བཏོན་པའི་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་ཁག་ལག་བསྟར་ནན་པོ་བྱས་པར་བརྟེན་མཁའ་རླུང་དང་། ས་ངོས་ཀྱི་ཆུ། ས་འོག་གི་ཆུ་བཅས་ལ་སྦགས་བཙོག་བཟོ་རྒྱུ་སྔོན་འགོག་ཐུབ་ཀྱི་ཡོད་ལ་འཛེར་སྒྲ་མི་ཐོན་པ་བྱུང་བ། རྣམ་གྲངས་ཐད་སྤྱད་པའི་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་ལག་རྩལ་བློས་འགེལ་ཆོག་པ་དང་དཔལ་འབྱོར་ཐད་ལག་བསྟར་ཆོག་པ་ཞིག་ཡོད་ལ། སྦགས་བཙོག་གི་དངོས་པོ་སྣ་ཚོགས་འབུད་པའི་གར་ཚད་དང་འབུད་ཚད་ཚང་མ་ཚད་གཞིའི་བླང་བྱ་དང་མཐུན་པ། རྣམ་གྲངས་གནས་ས་འཕྲོད་བསྟེན་འགོག་སྲུང་གི་བར་ཐག་དང་མཐུན་པ་བཅས་ཕྱོགས་བསྡུས་ནས་བལྟས་ན། བསྐྲུན་བརྩིས་ཡོད་པའི་རྣམ་གྲངས་ལ་དཔལ་འབྱོར་གྱི་ཕན་འབྲས་དང་། ཁོར་ཡུག་གི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་བཟང་པོ་ལྡན་ཡོད། དེར་བརྟེན་ཁོར་ཡུག་སྲུང་སྐྱོང་ཐོག་ནས་བལྟས་ན་བསྐྲུན་བརྩིས་ཡོད་པའི་རྣམ་གྲངས་དེ་དག་ལག་ལེན་བསྟར་ཆོག་པ་ཞིག་ཡོད།

        བདུན། རྣམ་གྲངས་ཁོར་ཡུག་གདེང་འཇོག་གི་བཏུས་དེབ་ལ་ལྟ་བཤེར་བྱེད་སྟངས་དང་དུས་བཅད།

        སྤྱི་བསྒྲགས་བཏང་ཉིན་ནས་བཟུང་གི་ཉིན་བཅུའི་ནང་ལྷ་ས་ཧྲེན་ཡུན་ཁོར་ཡུག་སྲུང་སྐྱོང་གློག་ཤུགས་ཚད་ཡོད་ཀུང་སི་དང་ཧྲན་ཏུང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཚན་རིག་ཞིབ་འཇུག་ཇུས་འགོད་ཁང་གིས་སྤྱི་དམངས་ལ་སྙན་ཞུའི་ཡི་གེའི་བཏུས་དེབ་ཇུས་འདྲི་དང་ལྟ་བཤེར་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་ཆབས་ཅིག་བཟོ་གྲྭའི་མཐའ་འཁོར་གྱི་གྲོང་ཚོ་དང་སྡེ་ཁུལ་ལ་ལས་གྲྭའི་ཐད་བསམ་འཆར་གང་ཡོད་མེད་ཀྱི་འདྲི་ཤོག་བཀྲམ་སྟེ་བསམ་འཆར་བསྡུ་ལེན་བྱ་རྒྱུ་རེད།

        བརྒྱད། སྤྱི་དམངས་ཀྱི་བསམ་འཆར་བསྡུ་རྒྱུའི་ཁྱབ་རྒྱ་དང་དོན་གཙོ་བོ།

        སྤྱི་དམངས་ཀྱི་བསམ་འཆར་བསྡུ་རྒྱུའི་ཁྱབ་རྒྱ་དེ་རྣམ་གྲངས་འཛུགས་སྐྲུན་གྱི་ཤུགས་རྐྱེན་ཕོག་ཡུལ་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་ཀྱི་འཐུས་མི། ལས་གྲྭ་དེར་དོ་ཁུར་བྱེད་མཁན་གྱི་དེ་མིན་སྤྱི་དམངས་བཅས་ཡིན། བསམ་འཆར་བསྡུ་ལེན་བྱ་རྒྱུའི་དོན་གཙོ་བོ་གཤམ་གསལ།

        (1)ས་གནས་དེའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་དང་།

        (2)ས་གནས་དེའི་ཁོར་ཡུག་གི་གནད་དོན་གཙོ་བོ (རླུང་ཁམས་ཆེ་མོ་དང་། ཆུ། འཛེར་སྒྲ ཟོག་རོ་སོགས )

        (3)རྣམ་གྲངས་སྐྲུན་རིང་གི་ཁོར་ཡུག་སྲུང་སྐྱོང་ཐད་བསམ་འཆར་དང་བླང་བྱ་གང་ཞིག་ཡོད་མེད།

        (4)རྣམ་གྲངས་འཛུགས་སྐྲུན་ཐད་རྣམ་འགྱུར་གང་ཞིག་ཡོད་མེད།

        (5)འཛུགས་སྐྲུན་ཚན་པ་དང་ཁོར་ཡུག་གདེང་འཇོག་ཚན་པར་བསམ་འཆར་དང་བླང་བྱ་གང་ཞིག་ཡོད་མེད།

        (6)དོན་གཞན།

        དགུ སྤྱི་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་ཐབས།

        སྤྱི་དམངས་ཀྱིས་ཡི་གེ་བསྐུར་བ་དང་། ཁ་པར་རྒྱག་པ། བརྙན་སྐྱེལ། སྦྲག་བསྐུར་སོགས་ནས་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་གཏོང་བཟོ་གྲྭའི་རྣམ་གྲངས་ལ་བསམ་འཆར་དང་གྲོས་འགོ་འདོན་ཆོག

        འཛུགས་སྐྲུན་ཚན་པ་དང་འབྲེལ་གཏུག་བྱེད་ཐབས།

        ཚན་པ། ལྷ་ས་ཧྲེན་ཡུན་ཁོར་ཡུག་སྲུང་སྐྱོང་གློག་ཤུགས་ཚད་ཡོད་ཀུང་སི།

        ཚན་པ་གནས་ས། ལྷ་ས་གྲོང་ཁྱེར་བཅིངས་འགྲོལ་ནུབ་ལམ་སྒོ་རྟགས་54

        འབྲེལ་གཏུག་མི་སྣ། ཝང་ཤིན་ཧྭ།

        འབྲེལ་གཏུག་ཁ་པར། 13856947406

        བརྙན་སྐྱེལ་ཁ་པར། 0891-6955528

        གློག་རྡུལ་སྦྲག་སྒམ་གྱི་ཨང་གྲངས། 283737929@qq.com

        ཁོར་ཡུག་གདེང་འཇོག་སྒྲིག་གཞི་དང་འབྲེལ་གཏུག་བྱེད་སྟངས།

        ཚན་པ། ཧྲན་ཏུང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཚན་རིག་ཞིབ་འཇུག་ཇུས་འགོད་ཁང་།

        ཚན་པ་གནས་ས། ཅི་ནན་ལི་ཧྲན་ལམ་སྒོ་རྟགས་50

        འབྲེལ་གཏུག་མི་སྣ། ཕི་ཡ་ནན།

        འབྲེལ་གཏུག་ཁ་པར། 0531-66573388

        བརྙན་སྐྱེལ་ཁ་པར། 0531-85870070

        གློག་རྡུལ་སྦྲག་སྒམ་གྱི་ཨང་གྲངས། pyn-13@163.com

        བཅུ། སྤྱི་དམངས་ཀྱིས་བསམ་འཆར་འདོན་རྒྱུའི་དུས་ཚོད།

        སྤྱི་དམངས་ཀྱིས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལ་བསམ་འཆར་ཡོད་ཚེ། སྤྱི་བསྒྲགས་བཏང་བའི་ཉིན་ནས་བཟུང་གི་ཉིན་བཅུའི་ནང་འཛུགས་སྐྲུན་ཚན་པ་དང་ཁོར་ཡུག་གདེང་འཇོག་ཚན་པར་བསམ་འཆར་ཡིག་གེ་བསྐྱལ་ནས་ཁེ་ལས་འཛུགས་སྐྲུན་དང་དེ་བཞིན་དེའི་ཁོར་ཡུག་གདེང་འཇོག་ལས་དོན་ལ་བསམ་འཆར་དང་ལྟ་སྟངས་གང་ཞིག་ཡོད་མེད (སྤྱི་དམངས་ཀྱིས་བསམ་འཆར་འདོན་སྐབས་རང་མིང་དང་འབྲེལ་གཏུག་བྱེད་སྟངས་ཞིབ་ཕྲ་བཀོད་ནས་ང་ཚོས་ལན་རྒྱག་རྒྱུར་སྟབས་བདེ་ཡོང་བ་ཞུ )ཤོད་ཆོག ཁོར་ཡུག་གདེང་འཇོག་ཚན་པས་ཁོར་ཡུག་ཤུགས་རྐྱེན་གྱི་སྙན་ཞུའི་ནང་སྤྱི་དམངས་ཀྱི་བསམ་འཆར་དང་གྲོས་འགོ་འགོད་རྒྱུ་དང་འབྲེལ་སྤྱི་དམངས་ཀྱི་རྩ་ཆེའི་བསམ་འཆར་དང་གྲོས་འགོ་རྣམ་གྲངས་ཀྱི་འཛུགས་སྐྲུན་ཚན་པ་དང་། ཇུས་འགོད་ཚན་པ། འབྲེལ་ཡོད་སྡེ་ཚན་བཅས་ལ་ཞུ་རྒྱུ་ཡིན། ལྷ་ས་གྲོང་ཁྱེར་ཧྲེན་ཡུན་ཁོར་ཡུག་སྲུང་སྐྱོང་གློག་ཤུགས་ཚད་ཡོད་ཀུང་སི།

        2014ལོའི་ཟླ་8པའི་ཚེས་23ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།