དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་2014ལོའི་སློབ་གྲྭ་ནས་ཁ་ཕྱོགས་གཏན་འཁེལ་གྱི་གདན་ཞུ་བྱ་རྒྱུའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ནི་བོད་ནང་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་། ཞབས་ཞུ་ཁྱབ་རྒྱ་ཆེ་ཤོས། དྲ་ཚིགས་དང་དྲ་བའི་མ་ལག་འཐུས་སྒོ་ཚང་ཤོས་བཅས་ཀྱི་གཞུང་ཁོངས་མ་རྐང་ཚོད་འཛིན་གྱི་ཁྲོམ་འགྲེམས་ཚོང་ལས་དངུལ་ཁང་ཆེ་གྲས་ཤིག་ཡིན། བོད་ཡན་ལག་དངུལ་ཁང་གི་དངུལ་རྩ་ཞབས་ཞུའི་ལས་དོན་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། ད་ལྟ་ཁོངས་གཏོགས་ཤང (གྲོང་རྡལ )གི་གཉེར་སྐྱོང་དྲ་ཚིགས་ལ་དམིགས་ཏེ་སློབ་གྲྭའི་ནང་ཁུལ་ནས་ཁ་ཕྱོགས་གཏན་འཁེལ་གྱི་གདན་ཞུ་བྱ་རྒྱུ་ཡིན། ང་ཚོའི་དངུལ་ཁང་གིས “ཁ་དན་ཚིག་གནས་ཀྱིས་བྱ་གཞག་གཏོད་པ་དང་བརྟན་པོའི་སྒོ་ནས་ཕུགས་ལ་དམིགས་པའི ”ལྟེ་བའི་རིན་ཐང་ལྟ་བ་དང་། “སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་རྩ་བར་འཛིན་པ། མཁས་བཀུར་ནུས་སྤྱོད། ཕན་འབྲས་སྔོན་ལ་འཇོག་པའི ”ཤེས་ལྡན་པའི་འདུ་ཤེས་ལ་གཞིགས་ནས་སྔོན་ཐོན་གྱི་དོ་དམ་མ་ལག་དང་། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་མ་ལག ཕན་འབྲས་དོ་དམ་གྱི་མ་ལག གླ་ཆ་ཕན་བདེའི་མ་ལག་སོགས་དེང་རབས་མི་ཤུགས་ཐོན་ཁུངས་དོ་དམ་མ་ལག་བཙུགས་ནས་ཁེ་ལས་དང་ལས་བཟོ་མཉམ་དུ་འཚར་ལོངས་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན།

        གཅིག གདན་ཞུའི་དགོས་མཁོ།

        ད་རེས་སློབ་གྲྭའི་ནང་ཁུལ་ནས་ཁ་ཕྱོགས་གཏན་འཁེལ་གྱི་གདན་ཞུ་བྱ་རྒྱུའི་ལས་གནས་ནི་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ཡན་ལག་དངུལ་ཁང་ཁོངས་གཏོགས་ཀྱི་གཞི་རིམ་ལས་གཉེར་དྲ་ཚིགས་ཀྱི་ཕྱོགས་བསྡུས་སྒྲོམ་ཞབས་པ་ཡིན་པ་དེ་དག་གིས་གཙོ་བོ་ལས་གཉེར་དྲ་ཚིགས་ཀྱི་སྒྲོམ་ངོས་ལས་སྒོའི་ལས་དོན་བསྒྲུབ་དགོས། གདན་ཞུ་བསྐོ་སྤྱོད་བྱས་པའི་མི་སྣས་ང་ཚོའི་དངུལ་ཁང་དང་ཐད་ཀར་ངལ་རྩོལ་གན་རྒྱ་འཇོག་དགོས།

        ད་རེས་ཀྱི་གདན་ཞུའི་འཆར་གཞིར་མི་གྲངས་150ཡིན་པ་དང་ཡན་ལག་སྒྲིག་གཞི་ཁག་གི་ཞིབ་ཕྲའི་གདན་ཞུའི་མི་གྲངས་ཀྲུང་གོ་ཞིང་ལས་དངུལ་ཁང་གི་གདན་ཞུའི་དྲ་ཚུགས་སུ ( http:∥job.abchina.com)གཟིགས་རོགས།

        གཉིས། གདན་ཞུའི་ཆ་རྐྱེན།

        (གཅིག ) གཤིས་སྤྱོད་ལེགས་ཤིང་བྱེད་སྤྱོད་མི་ལེགས་པའི་ཐོ་འཁོད་མེད་པའི་ས་གནས་འདི་གའི་སློབ་མ་ཡིན་པ་དང་།

        (གཉིས ) གདན་ཞུ་བྱ་ཡུལ་ནི་ས་ཁོངས་ཕྱི་ནང་གི་ཉིན་གང་ལམ་ལུགས་ཀྱི་མཐོ་རིམ་སློབ་གླིང་དང་སློབ་གྲྭ་དཀྱུས་མའི་2014ལོར་ཐོན་པའི་སློབ་ཆེན་གྱི་ཆེད་ལས་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་སློབ་ཐོན་སློབ་མ་ཡིན་པ།

        1.ས་ཁོངས་ནང་ཁུལ་གྱི་སློབ་གླིང་དང་སློབ་གྲྭའི་སློབ་ཐོན་སློབ་མ་2014ལོའི་ཟླ་7ཚེས་31ཉིན་གོང་སློབ་གྲྭ་ཐོན་པ་དང་། སློབ་ཐོན་ལག་ཁྱེར་དང་། སློབ་གནས་ལག་ཁྱེར (དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་སློབ་ཐོན་སློབ་མ )ལས་ཞུགས་ཐོ་འགོད་ལག་ཁྱེར་བཅས་ཐོབ་རིགས་དང་།

        2.ས་ཁོངས་ཕྱིའི་སློབ་གླིང་དང་སློབ་ཆེན་གྱི་སློབ་ཐོན་སློབ་མ་2013ལོའི་ཟླ་1ཚེས་1ཉིན་ནས་2014ལོའི་ཟླ་8ཚེས་31ཉིན་བར་སློབ་གྲྭ་ཐོན་པ (སློབ་གསོ་པུའི་ཕྱི་འགྲིམ་སློབ་གཉེར་ཞབས་ཞུ་ལྟེ་གནས་ཀྱི 《ཕྱི་རྒྱལ་གྱི་སློབ་རྒྱུས་སློབ་གནས་ལག་ཁྱེར 》ཐོག་ཁས་ལེན་ར་སྤྲོད་བྱས་པའི་སློབ་གནས་ཐོབ་པའི་དུས་ཚོད་ཚད་གཞིར་འཛིན་རྒྱུ )དང་། 2014ལོའི་ཟླ་8ཚེས་31ཉིན་གྱི་གོང་དུ་ས་ཁོངས་ཕྱི་རོལ་གྱི་སློབ་གླིང་དང་སློབ་གྲྭ་ནས་སློབ་གནས་ཀྱི་ལག་ཁྱེར་ཐོབ་པ། ཚོད་ལྟའི་བེད་སྤྱོད་བྱེད་ཡུན་མཇུག་མ་འགྲིལ་གོང་གི་ཟླ་གཅིག་ནང་རྒྱལ་ཁབ་སློབ་གསོ་པུའི་ཕྱི་འགྲིམ་སློབ་གཉེར་ཞབས་ཞུ་ལྟེ་གནས་ཀྱི་སློབ་རྒྱུས་སློབ་གནས་ཀྱི་ཁས་ལེན་ར་སྤྲོད་ཐོབ་པ་དང་འབྲེལ་ས་ཁོངས་ཕྱི་རོལ་གྱི་ཕྱི་འགྲིམ་སློབ་གཉེར་བའི་ལས་ཞུགས་གཞིས་ཆགས་ཀྱི་དགོས་མཁོ་བསྐངས་བ (འབྲེལ་ཡོད་སྲིད་ཇུས་སློབ་གསོ་པུའི་ཕྱི་འགྲིམ་སློབ་གཉེར་ཞབས་ཞུ་ལྟེ་གནས་ལ་བློ་འདྲི་བྱེད་དགོས )

        (གསུམ ) དཔལ་འབྱོར་དང་། དངུལ་རྩ། ནོར་དོན། རྩིས་གཉེར་བཅས་རིགས་ཀྱི་ཆེད་ལས་གཙོ་བོ་བསྡུ་རྒྱུ་དང་ཆེད་ལས་གཞན་དག་གི་ཤེས་ལྡན་པ་འོས་འཚམ་བསྡུ་རྒྱུ།

        (བཞི ) གཟུགས་པོ་ཐང་བ་དང་གཟུགས་པོ་བརྟག་དཔྱད་ཀྱི་ཚད་གཞི་དང་མཐུན་པ་བཅས་རེད།

        གསུམ། གདན་ཞུའི་གོ་རིམ།

        གདན་ཞུ་བྱེད་པར་ཡོང་མཁན་གྱིས་དྲ་ཐོག་ནས་མིང་ཐོ་འགོད་པ་དང → ཐོག་མའི་ཞིབ་བཤེར། → ཡིག་རྒྱུགས། → ངོ་འཕྲད་རྒྱུགས་ལེན། →གཟུགས་པོ་བརྟག་དཔྱད། → བསྡུ་སྤྱོད། → འབྱོར་ཐོ་འགོད་པ། → ལས་ཞུགས་གསོ་སྦྱོང་། → ངལ་རྩོལ་གན་རྒྱ་འཇོག་པ་བཅས་རེད།

        བཞི། མིང་ཐོ་འགོད་པའི་དུས་ཚོད་དང་མིང་ཐོ་འགོད་སྟངས།

        (གཅིག ) མིང་ཐོ་འགོད་པའི་དུས་ཚོད། 2014ལོའི་ཟླ་7ཚེས་17ནས་ཟླ་7ཚེས་23ཉིན་གྱི་ཆུ་ཚོད་24:00བར་ཡིན།

        (གཉིས ) དྲ་ཐོག་མིང་ཐོ་འགོད་རྒྱུ་ནི་ད་རེས་ཀྱི་གདན་ཞུའི་མིང་ཐོ་འགོད་སྟངས་འབའ་ཞིག་དེ་ཡིན། གདན་ཞུ་བྱེད་པར་ཡོང་མཁན་གྱིས་ཀྲུང་གོ་ཞིང་ལས་དངུལ་ཁང་གི་གདན་ཞུའི་དྲ་ཚུགས (http:∥job.abchina.com)བརྒྱུད་མིང་ཐོ་འགོད་དགོས་པ་དང་ཞིབ་ཕྲའི་གོ་རིམ་གཤམ་གསལ།

        1.ཚོགས་མི་ཐོ་འགོད་བྱེད་པ་དང་འབྲེལ་དྲ་ཞུགས་བྱེད་དགོས་པ། གལ་སྲིད་ཐོ་འགོད་བྱས་རྗེས་སྤྱོད་མཁན་གྱི་གསང་བའི་ཨང་རྟགས་བརྗེད་ཚེ་བསྐྱར་དུ་ཐོ་འགོད་བྱེད་མི་རུང་བར་ཁོངས་གཏོགས་ཀྱི “གསང་བའི་ཨང་རྟགས་བརྗེད་པ ”ཞེས་པའི་ནུས་པ་བརྒྱུད་དེ་འཚོལ་དགོས་པ་དང་།

        2.ལོ་རྒྱུས་མདོར་བསྡུས་རྩོམ་སྒྲིག་བྱེད་པ་དང་འབྲེལ་ཡོངས་བསྒྲགས་ཀྱང་བྱེད་དགོས་པ། “ལོ་རྒྱུས་མདོར་བསྡུས་དོ་དམ ”ཞེས་པའི་ནང་གི “ལོ་རྒྱུས་མདོར་བསྡུས་རྩོམ་སྒྲིག ”ཅེས་པ་དེ་མནན་ཏེ་སོ་སོའི་ཆ་འཕྲིན་ཇི་མ་ཇི་བཞིན་བྲིས་ནས་ནོར་འཁྲུལ་མེད་པ་གཏན་འཁེལ་བྱས་རྗེས “ལོ་རྒྱུས་མདོར་བསྡུས་ཡོངས་བསྒྲགས ”ཞེས་པ་འདེམས་དགོས། “སློབ་ཁུངས ”ནང་ཞིབ་ཕྲའི་ཆུས་སམ་ཡང་ན་རྫོང་འདེམས་དགོས་པ།

        3.ཞིབ་ཕྲའི་ལས་གནས་ཐོ་འགོད་བྱེད་དགོས་པ། གདན་ཞུའི་དྲ་ཚུགས་ཀྱི་དྲ་ངོས་གཙོ་བོའི་དཀྱིལ་ནས “སློབ་གྲྭའི་ནང་ཁུལ་གྱི་ཁ་ཕྱོགས་གཏན་འཁེལ་གདན་ཞུ ”ཞེས་པ་བདམས་ཏེ “བོད་ཡན་ལག་དངུལ་ཁང ”——“2014ལོའི་སློབ་གྲྭའི་ནང་ཁུལ་གྱི་ཁ་ཕྱོགས་གཏན་འཁེལ་གདན་ཞུ ”ཞེས་པར་འཛུལ་རྗེས་འབྲེལ་ཡོད་ལས་གནས་དང་། རྒྱུགས་སྤྲོད་ཀྱི་རིགས། གདན་ཞུའི་ས་ཆ། ཡིག་རྒྱུགས་ཀྱི་ས་ཆ་བཅས་འདེམས་དགོས་པ་དང “ང་གདན་ཞུར་ཞུགས་ཀྱི་ཡིན ”ཞེས་པ་མནན་ནས་མིང་ཐོ་འགོད་དགོས་པ།

        4.མིང་ཐོ་བཀོད་རྗེས་ངེས་པར་དུ “ངའི་གདན་ཞུ ”—“རེ་ཞུའི་ལས་གནས ”ཞེས་པ་བརྒྱུད་འབྲེལ་ཡོད་ཀྱི་མིང་ཐོ་འགོད་པའི་ལས་གནས་ཀྱི་ཆ་འཕྲིན་ལ་བལྟས་ནས་མིང་ཐོ་འགོད་པའི་གོ་རིམ་ལེགས་གྲུབ་བྱུང་བ་གཏན་འཁེལ་བྱེད་དགོས་པ་བཅས་རེད།

        མཆན་འགྲེལ། གདན་ཞུ་བྱེད་པར་ཡོང་མཁན་གྱིས་ངེས་པར་དུ་ལག་ཐོག་ཁ་པར་གྱི་ཨང་གྲངས་དང་། སོ་སོའི་ཁྱིམ་ཚང་གི་འབྲེལ་གཏུག་ཁ་པར། གློག་རྡུལ་ཡིག་ཟམ་ས་གནས་བཅས་ཡང་དག་པ་འབྲི་དགོས་པ་དང་ལག་ཐོག་ཁ་པར་གྱི་ཨང་གྲངས་ཀྱི་མདུན་དུ་0བསྣན་མི་དགོས་ཤིང་། གདན་ཞུ་བྱེད་པར་ཡོང་མཁན་གྱི་ཡིག་རྒྱུགས་དང་ངོ་འཕྲད་རྒྱུགས་སྤྲོད་བྱ་ཡུལ་ལྷ་ས་ཡིན།

        ལྔ། དོ་སྣང་བྱེད་དགོས་པའི་དོན་ཚན།

        (གཅིག ) གདན་ཞུ་བྱེད་པར་ཡོང་མཁན་གྱིས་སོ་སོའི་ཆ་འཕྲིན་ཆ་ཚང་མིན་དང་ངོ་མ་ཡིན་མིན་ཐད་འགན་འཁུར་དགོས། མི་བདེན་རྫུན་བཟོ་བྱེད་མི་ཆོག་ཅིང་། དེ་ལས་འགལ་ཚེ་ང་ཚོའི་དངུལ་ཁང་ལ་དེའི་རྒྱུགས་སྤྲོད་དང་བསྡུ་སྤྱོད་ཀྱི་ཐོབ་ཐང་མེད་པ་བཟོ་དབང་ཡོད་ལ་མཇུག་འབྲས་ངན་པ་ཐོན་ཚེ་གདན་ཞུ་བྱེད་པར་ཡོང་མཁན་སོ་སོས་འགན་འཁུར་དགོས་པ་དང་།

        (གཉིས ) ང་ཚོའི་དངུལ་ཁང་གི་སློབ་གྲྭའི་ནང་ཁུལ་གྱི་ཁ་ཕྱོགས་གཏན་འཁེལ་གདན་ཞུའི་འབྲེལ་ཡོད་ལས་ཀའི་ཡོངས་བསྒྲགས་ཐབས་ལམ་འབའ་ཞིག་ནི་ཀྲུང་གོ་ཞིང་ལས་དངུལ་ཁང་གི་གདན་ཞུའི་དྲ་ཚིགས ( http:∥job.abchina.com)དེ་ཡིན་པ་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་ཚང་མ་དྲ་ཚུགས་དེ་བརྒྱུད་སྤེལ་རྒྱུ་དང་འབྲེལ་དྲ་ཚུགས་ཀྱི་བརྡ་ཐོའི་ཡི་གེ་དང་ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་སོགས་བརྒྱུད་ནས་གདན་ཞུ་བྱེད་པར་ཡོང་མཁན་ལ་བརྡ་ཐོ་གཏོང་རྒྱུ་ཡིན་པས་གདན་ཞུ་བྱེད་པར་ཡོང་མཁན་རྒྱ་ཆེའི་སློབ་མ་ཚོས་དོ་སྣང་བྱས་ཏེ་སོ་སོའི་ཆ་འཕྲིན་ཕྱིར་གྱར་བ་དང་ནོར་དོན་གྱི་ཉེན་ཁ་མི་ཐོན་པ་བྱེད་དགོས་པ།

        (གསུམ ) ང་ཚོའི་དངུལ་ཁང་གིས་རྒྱུགས་སྤྲོད་ལྟེ་གནས་དང་རྒྱུགས་གཞི་འདོན་པའི་ལྟེ་གནས་སོགས་དེ་མཚུངས་ཀྱི་སྒྲིག་གཞི་གང་ཡང་བཙུགས་མེད་ལ་མངགས་བཅོལ་ཡང་བྱས་མེད་པ་དང་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་རྒྱུགས་སྤྲོད་དཔྱད་གཞི་གང་ཡང་རྩོམ་སྒྲིག་བྱས་མེད་ལ་སྒྲིག་གཞི་གང་ཞིག་ལའང་སློབ་གྲྭའི་ནང་ཁུལ་གྱི་ཁ་ཕྱོགས་གཏན་འཁེལ་གདན་ཞུའི་རྒྱུགས་སྤྲོད་ཀྱི་འབྲེལ་ཡོད་དཔྱད་གཞི་དང་ཆ་འཕྲིན་མཁོ་འདོན་བྱས་མེད།

        (བཞི ) ང་ཚོའི་དངུལ་ཁང་གི་2014ལོའི་སློབ་གྲྭའི་ནང་ཁུལ་གྱི་གདན་ཞུའི་ནང་ཞུགས་རྒྱུར་ཐོ་བཀོད་ཀྱང་བསྡུ་སྤྱོད་བྱས་མེད་པའི་སློབ་མས་ད་རེས་ཀྱི་སློབ་གྲྭའི་ནང་ཁུལ་གྱི་ཁ་ཕྱོགས་གཏན་འཁེལ་གདན་ཞུའི་ནང་ཞུགས་ཆོག་པ་བཅས་རེད།

        དྲུག དོན་ཚན་གཞན་དག

        (གཅིག ) དྲ་ཐོག་གི་མིང་ཐོ་འགོད་པའི་མ་ལག་བཀག་རྗེས་ང་ཚོའི་དངུལ་ཁང་གིས་ལོ་རྒྱུས་མདོར་བསྡུས་གང་མགྱོགས་གདམ་གསེས་བྱ་རྒྱུ་དང་འབྲེལ་དྲ་ཚུགས་ཐོག་ནས་སྤྱི་བསྒྲགས་བྱེད་པ་དང་འཕྲིན་ཐུང་བརྒྱུད་དེ་གདན་ཞུ་བྱེད་པར་ཡོང་མཁན་ནང་ནས་བདམས་པ་རྣམས་ལ་ཡིག་རྒྱུགས་ནང་ཞུགས་རྒྱུའི་བརྡ་ཐོ་གཏོང་རྒྱུ་ཡིན་པས་གདན་ཞུ་བྱེད་པར་ཡོང་མཁན་ཚོས་གདན་ཞུའི་ནང་ཞུགས་སྐབས་དྲ་ཐོག་གི་སྤྱི་བསྒྲགས་ལ་དོ་སྣང་བྱེད་པ་དང་འབྲེལ་ལག་ཐོག་ཁ་པར་ག་དུས་ཡིན་རུང་ཁ་ཕྱེ་ནས་འཇོག་དགོས།

        (གཉིས ) འབྲེལ་གཏུག་ཁ་པར། ( 0891) 6959758 འབྲེལ་གཏུག་བྱེད་མི། ཝུའེ་ཧུང་།

        ང་ཚོས་ཁྱེད་ཉིད་ང་ཚོའི་ཁོངས་སུ་ཞུགས་རྒྱུའི་རེ་སྒུག་བྱེད་ལ་ཁྱེད་ཉིད་གདན་ཞུ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན།

        ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས།

        2014ལོའི་ཟླ་7ཚེས་16ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།