བློ་མཐུན་ཝང་ཧའེ་ལིན་འདས་པོའི་སྐུ་པར།
ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་དང་། སྲིད་གྲོས་བོད་རང་སྐྱོང་ལྗོངས་སྐབས་ལྔ་པ་དང་སྐབས་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཝང་ཧའེ་ལིན་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2014ལོའི་ཟླ་7ཚེས་14ཉིན་གྱི་ཕྱི་དྲོ་ཆུ་ཚོད་15དང་སྐར་མ་35ཐོག་སི་ཁྲོན་ཁྲེང་ཏུའུ་རུ་སྐུ་གཤེགས་པ་དང་ད་ལོ་དགུང་ལོ་84ཕེབས་ཡོད།