ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་འགྱུར་བ་བྱེད་པའི་གནད་དོན་ཐག་གཅོད་བྱ་ཆེད་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཨན་ཧུའེ་ཧྲེང་ཡུན་ཁོར་ཡུག་(ཚོགས་པ )མ་རྐང་ཚད་ཡོད་ཀུང་སིས་མ་འཇོག་བྱེད་པ་དང་། ལྷ་ས་ཧྲེང་ཡུན་ཁོར་ཡུག་གློག་ཤུགས་ཚད་ཡོད་ཀུང་སིས་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་ སྙིགས་མེར་བསྲེགས་གློག་འདོན་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལ་འགན་འཁུར་རྒྱུའི་གཏན་འབེབས་བྱས་ཤིང་། 《ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བཅའ་ཁྲིམས 》དང་། དེ་སྔ་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་སྤྱི་ཁྱབ་ཅུད་ཀྱིས་འགྲེམ་བསྒྲགས་བྱས་པའི 《ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་ནང་སྤྱི་དམངས་ཞུགས་པའི་གནས་སྐབས་ལག་བསྟར་བྱ་ཐབས 》གཞིར་བཟུང་དང་། བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི 《འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ནང་སྤྱི་དམངས་ཞུགས་པའི་བྱེད་སྒོ་སྤེལ་རྒྱུའི་བརྡ་ཐོ 》དང་ཟུང་འབྲེལ་བྱས་ནས་རྣམ་གྲངས་ལ་རིགས་པས་ཁུངས་སྐྱེལ་བའི་བརྒྱུད་རིམ་ནང་རྣམ་གྲངས་དེ་དང་འབྲེལ་བ་ཡོད་པའི་མི་སྒེར་དང་ཚན་པས་རྣམ་གྲངས་ དེའི་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཡིན་པས་རྒྱ་ཆེའི་སྤྱི་དམངས་ཀྱིས་ཧུར་ཐག་ངང་ཞུགས་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞིང་། རྣམ་གྲངས་དེས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་ཀྱི་འབྲེལ་ཡོད་ཆ་འཕྲིན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག རྣམ་གྲངས་ཀྱི་གནས་ཚུལ་མདོར་བསྡུས།
རྣམ་གྲངས་དེ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང (གྲོང་ཁྱེར་ལྷ་སའི་འཚོ་བའི་གད་སྙིགས་སྦས་ཁུལ་བྱང་ཤར་ངོས་ཀྱི་རྨིད་340སར )ལྷ་ས་གྲོང་ཁྱེར་གྱི་ལྷོ་ནུབ་མཚམས་སུ་གནས་ཡོད་པ་དང་། གྲོང་ཁུལ་ནས་སྤྱི་ལེ་15ཙམ་གྱི་བར་ཐག་ཡོད་ཅིང་། གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་གཙོ་བོའི་ལྷགས་ཕྱོགས (ཤར་རླུང )འོག་ཕྱོགས་ཀྱི་རླུང་བུ་ལྡང་ཁུལ་དང་། ས་ཁོངས་ས་འོག་ཆུའི་སྨད་རྒྱུད་དུ་གནས་ཡོད། རྣམ་གྲངས་ཁུལ་གྱི་ལྟེ་གནས་དེ་ཤར་གྱི་གཞུང་ཐིག་90°57′87″དང་། འཕྲེད་ཐིག་བྱང་མ་29°34′17″གྱི་མཚམས་སུ་གནས་ཡོད། རྣམ་གྲངས་ལ་སྤྱིའི་མ་འཇོག་སྒོར་དུང་ཕྱུར་6.3ཡིན་པ་དང་། བཟོ་སྐྲུན་དེ་དུས་བཀག་གཉིས་ལ་དབྱེ་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞིང་། དེའི་ནང་དུས་བཀག་དང་པོར་350t/dམེར་བསྲེགས་ཐབ (འཕྲུལ་ཆས་ཀྱི་ཐབ་སྟར་སྒྲིག་མ )གཉིས་དང་ཚ་ནུས་ལྷག་མའི་ཐབ་གཉིས་འཛུགས་རྒྱུ་དང་། 15MWཡིན་པའི་N15-3.8/395དབྱིབས་ཀྱི་གནོན་ཤུགས་འབྲིང་ཙམ་གྱི་རླངས་ཁེངས་རིགས་ཀྱི་རླངས་འབར་སྒུལ་ཤུགས་འཕྲུལ་འཁོར་གཅིག་དང་QF-15གློག་འདོན་འཕྲུལ་འཁོར་གཅིག་སྒྲིག་སྦྱོར་བྱ་རྒྱུ། དུས་བཀག་གཉིས་པར་350t/dམེར་བསྲེགས་ཐབ (འཕྲུལ་ཆས་ཀྱི་ཐབ་སྟར་སྒྲིག་མ་གཅིག་དང་། དུས་བཀག་གཉིས་པར་7.5MWཡི་རླངས་འབར་སྒུལ་ཤུགས་འཕྲུལ་འཁོར་གཅིག་གསར་སྣོན་བྱ་རྒྱུ་དང་སྦྲགས་ཕྱོགས་བསྡུས་གཞུང་ལས་ཁང་དང་། བཙོག་ཆུ་དྭངས་གསིང་ས་ཚིགས་སོགས་འབྲེལ་ཡོད་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་བྱ་རྒྱུ། དུས་བཀག་དང་པོའི་བཀོད་སྒྲིག་གཞི་ཁྱོན་དེ་7000t/dཡིན་པ་དང་། དུས་བཀག་གཉིས་པའི་བཀོད་སྒྲིག་གཞི་ཁྱོན་དེ་1050t/dཡིན། དུས་བཀག་དང་པོའི་གཏན་འཁེལ་གྱི་གློག་འདོན་ཚད་དེ་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་0.98ཡིན་པ་དང་། དུས་བཀག་གཉིས་པའི་ལས་གྲྭའི་ལོ་རེའི་གཏན་འཁེལ་གྱི་གློག་འདོན་ཚད་དེ་ཧ་ལམ་ཆུ་ ཚོད་རེར་ཆན་ཝ་དུང་ཕྱུར་1.49ཡིན། མེར་བསྲེགས་གློག་འདོན་ཁང་གི་ཞབས་ཞུའི་དུས་ཚད་ལོ་30ཡིན་ཞིང་དེའི་ནང་འཛུགས་སྐྲུན་བྱེད་པའི་དུས་ཚོད་ཀྱི་ལོ་གཉིས་ཚུད་ཡོད། ལས་འགོ་ཚུགས་རྗེས་ལོ་རེའི་ཡོང་འབབ་སྒོར་ཁྲི་5785.94ཟིན་རྒྱུ་རེད།
གཉིས། འཛུགས་སྐྲུན་ཚན་པ་དང་། ཁོར་ཡུག་ཞིབ་དཔྱད་ལས་ཁུངས།
(གཅིག )འཛུགས་སྐྲུན་ཚན་པ། ལྷ་ས་ཧྲེང་ཡུན་ཁོར་ཡུག་སྲུང་སྐྱོང་གློག་ཤུགས་ཚད་ཡོད་ཀུང་སི།
འབྲེལ་གཏུག་བྱེད་མི། ཝང་ཤིན་ཧྭ། འབྲེལ་གཏུག་ཁ་པར། 13856947406
བརྙན་སྐྱེལ། 0891-6955528
སྦྲག་གཏོང་ས་གནས། ལྷ་ས་གྲོང་ཁྱེར་བཅིངས་འགྲོལ་ནུབ་ལམ་སྒོ་རྟགས་54པ།
གློག་རྡུལ་ཡིག་སྒམ། 283737929@qq.com
(གཉིས ) ཁོར་ཡུག་ཞིབ་དཔྱད་ལས་ཁུངས།
ཁོར་ཡུག་ཞིབ་དཔྱད་ལས་ཁུངས། ཧྲན་ཏུང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཚན་རིག་ཞིབ་འཇུག་ཇུས་འགོད་ཁང་།
འབྲེལ་གཏུག་བྱེད་མི། ལི་ཕེང་། འབྲེལ་གཏུག་ཁ་པར། 0531-85870067
བརྙན་སྐྱེལ། 0531-85870068
སྦྲག་གཏོང་ས་གནས། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ལི་ཧྲན་ལམ་སྒོ་རྟགས་50པ།
གློག་རྡུལ་ཡིག་སྒམ། 13220580857@163.com
གསུམ། རྣམ་གྲངས་འདིའི་སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་གནས་ཚུལ།
རྣམ་གྲངས་ནས་ཐོན་པའི་སྦགས་བཙོག་དངོས་པོའི་ནང་བཙོག་ཆུ་དང་། བཙོག་རླངས། འཛེར་སྒྲ་དང་དེ་བཞིན་བེད་མེད་ཟོག་རོ་བཅས་ཚུད་ཡོད། བཙོག་ཆུ་ནི་སྒྲིག་བཀོད་ཆ་ཚང་བསྐྲུན་པའི་བཙོག་ཆུ་དྭངས་གསིང་ས་ཚིགས་ནས་དྭངས་གསིང་བྱས་རྗེས་མཁོ་འདོན་བྱ་རྒྱུ། རླངས་རོ་གཙོ་བོ་ནི་མེར་བསྲེགས་ཐབ་ཀྱི་དུ་བ་ཡིན་ཞིང་། དུ་བ་གཙང་སེལ་བྱས་པ་བརྒྱུད 《འཚོ་བའི་གད་སྙིགས་མེར་བསྲེགས་སྦགས་བཙོག་ཚོད་འཛིན་ཚད་གཞིའི 》(GB18485-2014)བླང་བྱ་དང་འཚམ་རྗེས་ཕྱིར་འབུད་བྱ་རྒྱུ། ཟོག་རོའི་གྲས་སུ་མེར་བསྲེགས་ཐབ་ཀྱི་དུ་དྲེག་དང་། གོ་ཐལ་ཚུད་ཡོད་པ་ཚང་མ་ཕྱོགས་བསྡུས་བེད་སྤྱོད་དམ་ཡང་ན་ཐག་གཅོད་འོས་འཚམ་བྱས་ནས་ཕྱིར་འབུད་མི་བྱེད་རྒྱུ། འཛེར་སྒྲ་ནི་གཙོ་བོ་འཁོར་ཁང་གི་རླུང་འཁོར་དང་། ཆུ་འཐེན་འཕྲུལ་ཆས་སོགས་སྒྲིག་བཀོད་ནས་ཐོན་ཞིང་། འཛེར་སྒྲ་འགོག་པའི་བྱ་ཐབས་ངེས་གཏན་སྤྱོད་པ་བརྒྱུད་ས་གནས་དེ་གའི་བླང་བྱ་དང་འཚམ་པ་བྱ་རྒྱུ།
བཞི། ཁོར་ཡུག་ཞིབ་དཔྱད་ལས་ཀའི་བརྒྱུད་རིམ་དང་ནང་དོན་གཙོ་བོ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་བཅའ་ཁྲིམས་》སོགས་ཀྱི་གཏན་འབེབས་གཞིར་བཟུང་འཛུགས་སྐྲུན་ཚན་པས་ཧྲན་ཏུང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཚན་རིག་ཞིབ་འཇུག་ཇུས་འགོད་ཁང་ལ་རྣམ་གྲངས་འདིའི་ཁོར་ཡུག་ཞིབ་དཔྱད་མངགས་བཅོལ་བྱས་ཡོད། ལས་ཀའི་ནང་དོན་གཙོ་བོ་ནི་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་སྙན་ཞུ་འབྲི་བ་དང་། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་ལས་ཀའི་ནང་དོན་གཙོ་བོ་དང་དེ་བཞིན་ལས་ཀའི་གོ་རིམ་རི་མོ་དང་པོ་ལྟར་ཡིན།
ལྔ། སྤྱི་དམངས་ཞུགས་པའི་བསམ་འཆར་རམ་ཡང་ན་གྲོས་འགོ་བསྡུ་ལེན་བྱེད་པའི་དོན་དག་གཙོ་བོ།
མིག་སྔར་རྣམ་གྲངས་འདི་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་ཞུགས་པའི་དཔྱད་བྱེད་པའི་ཐོག་མའི་དུས་རིམ་དུ་སླེབས་ཡོད་ཅིང་། རྒྱ་ཆེའི་གྲོང་མི་རྣམས་དང་། ལྷག་པར་དུ་རྣམ་གྲངས་འདིའི་བཟོ་གྲྭ་གནས་ཡུལ་གྱི་གྲོང་མིས་རྣམ་གྲངས་འདི་སྔར་བས་ཤེས་རྟོགས་ཐུབ་ཆེད་ཆ་འཕྲིན་འདི་ཁྱབ་བསྒྲགས་བྱས་པ་ཡིན། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་རྣམ་གྲངས་འདིའི་འཛུགས་སྐྲུན་ཚན་པ་དང་དེ་བཞིན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་ལས་ཁུངས་ལ་རྩ་ཆེའི་བསམ་འཆར་དང་གྲོས་འགོ་འདོན་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ནང་དོན་ནི།
1.རྣམ་གྲངས་འདིའི་འཛུགས་སྐྲུན་ལ་བསམ་འཆར་དང་རེ་བ་གང་ཞིག་ཡོད་མེད་དང་།
2.རྣམ་གྲངས་འདིའི་གནས་ཡུལ་འདེམས་སྟངས་ལ་བསམ་འཆར་དང་གྲོས་འགོ་གང་ཞིག་ཡོད་མེད།
3.རྣམ་གྲངས་འདིའི་ལས་གྲྭའི་དུས་ཚོད་དང་གཉེར་སྐྱོང་དུས་སྐབས་ནང་ཁོར་ཡུག་སྲུང་སྐྱོང་ཐད་བསམ་འཆར་དང་རེ་བ་གང་ཡོད་མེད།
4.རྣམ་གྲངས་འདིའི་ལས་གྲྭའི་དུས་ཚོད་དང་གཉེར་སྐྱོང་དུས་སྐབས་ནང་དོ་ཁུར་དང་སེམས་ཁྲལ་བྱེད་པའི་ཁོར་ཡུག་གི་གནད་དོན་གང་ཞིག་ཡོད་མེད།
5.ཞིབ་དཔྱད་ལས་ཁུངས་དང་འཛུགས་སྐྲུན་ལས་ཁུངས་ལ་རེ་བ་གང་ཡོད་མེད།
6.རྣམ་གྲངས་ལ་ཞིབ་མཆན་འགོད་མཁན་དང་ཁོར་ཡུག་སྲུང་སྐྱོང་ཚན་པར་རེ་བ་གང་ཡོད་མེད།
དྲུག སྤྱི་དམངས་ཞུགས་པའི་བྱ་ཐབས་གཙོ་བོ།
འཕྲིན་ཡིག་དང་། བརྙན་སྐྱེལ། སྦྲག་བསྐུར་སོགས་ཀྱི་རྣམ་པ་སྤྱད་དེ་མི་སྒེར་དང་། ཚན་པ། ལས་ཁུངས་བཅས་ལ་གྲོས་འགོ་བཏོན་ཆོག གལ་ཏེ་རྣམ་གྲངས་ཀྱི་གནས་ཚུལ་སྔར་བས་རྒྱུས་ལོན་བྱེད་དགོས་ན་འཛུགས་སྐྲུན་ལས་ཁུངས་སམ་ཁོར་ཡུག་ཞིབ་དཔྱད་ལས་ཁུངས་དང་འབྲེལ་བ་གནང་རོགས།
དུས་བཅད་དུས་ཚོད། 2014ལོའི་ཟླ་7ཚེས་15ཉིན།
ལྷ་ས་ཧྲེང་ཡུན་ཁོར་ཡུག་སྲུང་སྐྱོང་གློག་ཤུགས་ཚད་ཡོད་ཀུང་སིས།
2014ལོའི་ཟླ་7ཚེས་5ཉིན།