དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་བཟང་དོན་ཡོད་སོགས་བློ་མཐུན་བཅུ་གཉིས་ལ་སྐབས་བཅུ་པའི“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        དེང་རབས་བོད་ཀྱི་གཞོན་ནུའི་ཕུལ་བྱུང་གི་མིག་དཔེ་གཏོད་ཅིང་དྲིལ་བསྒྲགས་བྱེད་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས་བླ་ན་མེད་པའི་ཕུགས་བསམ་དོན་གཉེར་བྱེད་པ། ཏན་ཏན་ཏིག་ཏིག་ངང་ལག་ལེན་གསར་གཏོད་བྱེད་པར་སྣེ་ཁྲིད་དང་ལྕག་སྐུལ་གཏོང་ཆེད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བློ་བཟང་དོན་ཡོད་སོགས་བློ་མཐུན་12ལ་སྐབས་བཅུ་པའི “བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས ”སྤྲོད་རྒྱུའི་གཏན་འབེབས་བྱས་པ་ཡིན།

        སྐབས་བཅུ་པའི “བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས ”ཐོབ་མཁན་ནི་དེང་རབས་ཀྱི་བོད་ཀྱི་གཞོན་ནུའི་ཕུལ་བྱུང་གི་འཐུས་མི་རེད། ཁོང་ཚོའི་ནང་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོ་ནས་ཡིན་པའི་ངལ་བ་དང་འཁང་ར་གཉིས་བཟོད་དང་ལས་གཅེས་ལས་བཀུར་བྱེད་མཁན་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་དང་། གཞི་རིམ་ལ་གཞི་ཚུགས་ནས་ལས་དོན་ཏན་ཏིག་སྒྲུབ་ཅིང་འབད་འབུངས་ཀྱིས་ལེགས་སྐྱེས་འབུལ་མཁན་གཞི་རིམ་གྱི་ཏང་དང་སྡེ་ཚོགས་ཀྱི་གཞོན་ནུ་ལས་བྱེད་པ། འགག་སྒྲོལ་དཀའ་སེལ་དང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ནས་ཞིང་འབྲོག་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་ལ་ཞབས་འདེགས་ཞུ་མཁན་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ། དཀའ་སྤྱད་ལས་གཏོད་དང་བློ་ཁོག་ཆེན་པོས་ཡར་བརྩོན་གྱིས་མང་ཚོགས་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་མཁན་གཞོན་ནུ་ཞིང་འབྲོག་པ། གསར་འབྱེད་གསར་གཏོད་དང་སྙིང་རུས་ཆེན་པོས་བརྩོན་ཞིབ་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པའི་གཞོན་ནུ་ཚན་རྩལ་ལས་དོན་པ། རྒྱལ་སྲུང་ལ་རང་སྲོག་འབུལ་བ་དང་དམག་ལ་གཅེས་ཤིང་། དྲག་རྩལ་བྱང་ཆུབ་པར་སྦྱངས་ནས་རང་རྟོགས་ངང་དེང་རབས་གསར་བརྗེའི་དམག་མིའི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་མཁན་གཞོན་ནུ་དཔོན་དམག ཕུགས་བསམ་ཆེ་ལ་སྤྱོད་ཡོན་གཉིས་ལྡན་གྱི་གཞོན་ནུ་ཤེས་ཡོན་ཅན་སོགས་ཡོད། ཁོང་ཚོས་བླ་ན་མེད་པའི་ཕུགས་བསམ་དང་། སྲ་ཞིང་བརྟན་པའི་དད་སེམས། ཏན་ཏིག་གི་སྤྱོད་ཚུལ། མངོན་གསལ་དོད་པའི་བྱས་རྗེས་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཁོང་ཚོའི་འབད་འཐབ་ཀྱི་ལོ་རྒྱུས་དང་སྔོན་ཐོན་གྱི་བྱས་རྗེས་ནས་དེང་རབས་བོད་ཀྱི་གཞོན་ནུ་ཚོས་མཐུན་སྒྲིལ་འབད་འཐབ་དང་གསར་འབྱེད་གསར་གཏོད་ཀྱི་ཕུལ་བྱུང་སྤྱོད་ཚུལ་དང་དུས་རབས་ཀྱི་ཉམས་འགྱུར་གཅིག་སྡུད་ངང་མཚོན་ཞིང་། “བདག་གི་ཕུགས་འདུན ” “ཀྲུང་གོའི་ཕུགས་འདུན ”ལ་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་གཅིག་གྱུར་དམ་ཟབ་བྱེད་པ་མཚོན་ཡོད་པས། ཁོང་ཚོ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་ཚོས་སློབ་སྦྱོང་བྱེད་སའི་མིག་དཔེ་ཞིག་རེད།

        རེ་བར “བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས ”ཐོབ་མཁན་བློ་མཐུན་ཚོས་མཚན་སྙན་ལ་གཅེས་སྤྲས་དང་། ང་རྒྱལ་དང་འཚབ་འཚུབ་སྤང་བ། ཡང་འབད་བསྐྱར་འབད་བཅས་བྱས་ནས་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་དང་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས “བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས ”ཐོབ་མཁན་གྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་རྒྱ་ཁྱབ་དང་གཏིང་ཟབ་ངང་སྤེལ་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུའི་ཁྲོད་སྔོན་ཐོན་ལ་དད་བཀུར་དང་། སྔོན་ཐོན་ལ་སློབ་སྦྱོང་། སྔོན་ཐོན་བརྩོན་ལེན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་ཚོས་ཁོང་ཚོ་མིག་དཔེར་བྱེད་པ་དང་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། འཇོན་ཐང་བྱང་ཆུབ་པར་སྦྱོང་བ། གསར་འབྱེད་གསར་གཏོད་བྱེད་ཕོད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དཀའ་སྤྱད་འབད་འཐབ་བྱེད་པ། བླ་ན་མེད་པའི་གཤིས་རྒྱུད་སྦྱོང་བརྡར་བཅས་བྱས་ནས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི “ཀྲུང་གོའི་ཕུགས་འདུན ”མངོན་འགྱུར་ཡོང་ཆེད་ལང་ཚོའི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

          གུང་གཞོན་སྡེ་ཚོགས་བོད་སྐྱོང་རང་ལྗོངས་ཨུ་ཡོན་ལྷན་ཁང་དང་།          

         བོད་རང་སྐྱོང་ལྗོངས་གཞོན་ནུའི་མཉམ་འབྲེལ་ལྷན་ཚོགས་ནས།

         2014ལོའི་ཟླ་5ཚེས་4ཉིན།

    བློ་བཟང་དོན་ཡོད །  

    པ་སངས་ཚེ་རིང་།   

    ཁྲེན་མིང་གོ  

    པདྨ་དགྲ་འདུལ །   

    གྲགས་པ་བསྟན་འཛིན །

    རྡོ་རྗེ་ཚེ་ཐར །    ས་བཟང་།   

    ཆུང་བདག  

      ཧོང་ཤང་།

    ཀྲུའུ་ལུའེ །  

    ལིའུ་ཁེ་གྲུན །  

    པ་ཆིང་།  

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།