དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2013ལོའི་ལོ་འཁོར་གྱི“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི”དང“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ”“ལྗོངས་ཡོངས་ཀྱི་ལྔ་བཞི་དར་དམར་གྱི་སྡེ་ཚོགས་ཨུ་ལྷན(སྡེ་ཚོགས་ཀྲི་པུའུ)”བཅས་ཀྱི་མཚན་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-09

        2013ལོའི་ལོ་འཁོར་གྱི “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི ”དང་། “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ ”“ལྗོངས་ཡོངས་ཀྱི་ལྔ་བཞི་དར་དམར་གྱི་སྡེ་ཚོགས་ཨུ་ལྷན (སྡེ་ཚོགས་ཀྲི་པུའུ )”བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

        སྔོན་ཐོན་ལ་གཟེངས་བསྟོད་བྱས་ནས་རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་གཞོན་ནུ་དང་། སྡེ་ཚོགས་ལས་བྱེད་པ་དང་སྡེ་ཚོགས་རྩ་འཛུགས་ཀྱིས་འབད་འབུངས་ཧུར་ལེན་དང་། གསར་འབྱེད་གསར་གཏོད། ལས་དོན་ཏན་ཏིག་བཅས་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱ་ཆེད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་བསོད་ནམས་དབང་འདུས་སོགས་བློ་མཐུན་34ལ་2013ལོའི་ལོ་འཁོར་གྱི “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི ”དང་། བསོད་ནམས་སྟོབས་རྒྱལ་སོགས་བློ་མཐུན་34ལ་2013ལོའི་ལོ་འཁོར་གྱི “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ ” གུང་གཞོན་སྡེ་ཚོགས་མལ་གྲོ་གུང་དཀར་རྫོང་ཨུ་ལྷན་སོགས་སྡེ་ཚོགས་རྩ་འཛུགས་35ལ་2013ལོའི་ལོ་འཁོར་གྱི “ལྗོངས་ཡོངས་ཀྱི་ལྔ་བཞི་དར་དམར་གྱི་སྡེ་ཚོགས་ཨུ་ལྷན (སྡེ་ཚོགས་ཀྲི་པུའུ )”བཅས་ཀྱི་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

        གཟེངས་བསྟོད་ཐོབ་མཁན་ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ནི་རྒྱ་ཆེའི་སྡེ་ཚོགས་ཚོགས་མིའི་ཁྲོད་ཀྱི་ཕུལ་བྱུང་བ་ཤ་སྟག་ཡིན། ཁོང་ཚོས་རང་རྟོགས་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གིས་བསམ་བློར་དྲག་ཆས་སྤྲས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་བྱས་པ་དང་། ཁོང་ཚོ་ནི་མེས་རྒྱལ་དང་། མི་དམངས། ཀྲུང་ཧྭ་མི་རིགས་བཅས་ལ་དགའ་ཞེན་ཆེ་བས་ཕུགས་བསམ་དད་སེམས་བརྟན་པོ་དང་གཤིས་སྤྱོད་བཟང་པོ་དང་ལྡན་པ། ཁོང་ཚོས་ལས་གཅེས་ལས་བཀུར་དང་གསར་འབྱེད་ཡར་བརྩོན་གྱི་ཐོག་ནས་རང་སོ་སོའི་ལས་གནས་ཐོག་ལས་དོན་ཏན་ཏིག་བསྒྲུབས་པར་གྲུབ་འབྲས་བཟང་པོ་ཐོབ་པ། ཁོང་ཚོས་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིའི་འདུ་ཤེས་བརྟན་པོ་བཙུགས་ནས་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིའི་འོས་འགན་སྔོན་ལ་བསྒྲུབས་ཏེ་རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིར་མིག་དཔེ་བསྟན་ཡོད་པ་རེད།

        གཟེངས་བསྟོད་ཐོབ་མཁན་ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ་ནི་རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ལས་བྱེད་པའི་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཞིག་ཡིན། ཁོང་ཚོས་ཏང་གི་བྱ་གཞག་ལ་ལྷག་བསམ་རྣམ་དག་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་གནས་ལ་དགའ་ཞེན་གྱིས་གཞོན་ནུར་བསམ་པ་རྣམ་དག་གི་སྒོ་ནས་ཞབས་འདེགས་ཞུས་ཤིང་། ལས་ཀར་ཧུར་བརྩོན་ཆེ་བ་དང་བློ་ཐག་ཆོད་པོས་གསར་འབྱེད་བྱས་ནས་གུང་གཞོན་སྡེ་ཚོགས་ཀྱི་ལས་གནས་ཐོག་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཁོང་ཚོས་གཞི་རིམ་དུ་བསྐྱོད་དེ་གཞོན་ནུ་དང་འབྲེལ་གཏུག་དམ་ཟབ་བྱས་ནས་སྤྱོད་ཚུལ་བཟང་པོ་དང་རང་གཅུན་ནན་པོའི་སྒོ་ནས་རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་གཞོན་ནུའི་ཁྲོད་ཤུགས་རྐྱེན་བཟང་པོ་དང་འབོད་སྐུལ་ཆེན་པོ་བྱས་ཡོད་པ་རེད།

        གཟེངས་བསྟོད་ཐོབ་མཁན་ལྗོངས་ཡོངས་ཀྱི་ལྔ་བཞི་དར་དམར་གྱི་སྡེ་ཚོགས་ཨུ་ལྷན (སྡེ་ཚོགས་ཀྲི་པུའུ )ནི་ལྗོངས་ཡོངས་ཀྱི་གཞི་རིམ་སྡེ་ཚོགས་རྩ་འཛུགས་ཁྲོད་ཀྱི་སྔོན་ཐོན་དཔེ་མཚོན་ཞིག་ཡིན། ཁོང་ཚོས་ཏང་སྲིད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་སྡེ་ཚོགས་ཀྱི་རྒྱ་ཆེའི་ཚོགས་མི་གཞོན་ནུར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལས་གཅེས་ལས་བཀུར་དང་འབད་འབུངས་ཀྱིས་ལེགས་སྐྱེས་ཕུལ་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་། ཁོང་ཚོས་དུས་བབ་གསར་པའི་འོག་གི་གཞི་རིམ་གྱི་གསོན་ཤུགས་འཕེལ་བར་བྱེད་པའི་ཐབས་ལམ་གསར་པ་དང་། གཞི་རྟེན་གསར་པ། བྱ་ཐབས་གསར་པ་བཅས་འཚོལ་ཞིབ་ཧུར་ཐག་བྱས་ནས་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱི་ཡིད་དབང་འགུགས་ཤུགས་དང་གོང་བུ་འགྲིལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ། ཁོང་ཚོས་གུང་གཞོན་སྡེ་ཚོགས་ཀྱི་སྒྲིག་ཁྲིམས་ལག་བསྟར་ནན་པོ་དང་གུང་གཞོན་སྡེ་ཚོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ཚན་རིག་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་བཏང་བས་ཁོང་ཚོའི་ལས་དོན་དེ་དུས་བབ་གསར་པའི་འོག་ལྗོངས་ཡོངས་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་གཞི་རིམ་ལས་དོན་ལ་ཤུགས་སྣོན་རྒྱག་པའི་གྲུབ་འབྲས་གསར་པའི་ཐོག་ནས་གཅིག་སྡུད་ཐོག་མངོན་ཡོད་པ་རེད།

        རེ་བར་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱིས་གཟི་བརྗིད་དེ་འགོ་འཛུགས་ས་གསར་པར་བྱས་ནས་ཡང་འབད་བསྐྱར་འབད་ཀྱིས་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུའི་བརྩོན་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་གཞོན་ནུ་དང་། སྡེ་ཚོགས་ཀྱི་ལས་བྱེད་པ། སྡེ་ཚོགས་རྩ་འཛུགས་བཅས་ཀྱིས་སྔོན་ཐོན་དཔེ་མཚོན་མིག་དཔེར་འཛིན་ཏེ་ལས་དོན་ཏན་ཏིག་དང་། གསར་འབྱེད་གསར་གཏོད། འབད་འབུངས་ཧུར་ལེན། སྔོན་ཐོན་བརྩོན་ལེན་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་བཏང་ནས “དྲུག་ལྡན་བོད་ལྗོངས ”ཀྱི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

        གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ནས།

        2014ལོའི་ཟླ་5ཚེས་4ཉིན།

        “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི ”(མི་34)

        བསོད་ནམས་དབང་འདུས། ཕོ། བོད་རིགས། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་མི་དམངས་སྲིད་གཞུང་།

        བཟང་མོ། མོ། བོད་རིགས། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དམའ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ་ལྔ་པའི་སློབ་མ། སློབ་མའི་ལྷན་ཚོགས་ཀྱི་ཁོངས་མི།

        ལི་ཤིས་གཡོད། མོ། རྒྱ་རིགས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ཁོའོ་ཡོན་སྡེ་ཚོགས་ལས་བྱེད་པའི་འགན་གཅིག་ལྕོགས་འཁུར་མཁན།

        སྐལ་བཟང་ཆོས་སྒྲོན། མོ། བོད་རིགས། གཞིས་རྩེ་ས་ཁུལ་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་མཐོ་རིམ་སློབ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་དྲུག་པའི་སྡེ་ཚོགས་ཀྲི་པུའི་ཧྲུའུ་ཅི། སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱི་ཨུ་ཡོན།

        འཇམ་དབྱངས་ཆོས་རྒྱལ། ཕོ། བོད་རིགས། གཞིས་རྩེ་གྲོང་ཁྱེར་སློབ་འབྲིང་དང་པོའི་སློབ་མ།

        བཟང་མོ། མོ། བོད་རིགས། གཞིས་རྩེ་ས་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མ།

        ཟླ་བ་དོན་གྲུབ། ཕོ། བོད་རིགས། ལྷོ་ཁ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་2011ལོའི་རྩིས་རྒྱག་འཕྲུལ་འཁོར་འཛིན་གྲྭ་གཉིས་པའི་པན་ཀྲང་།

        རྒྱལ་མཚན། ཕོ། བོད་རིགས། ལྷོ་ཁ་ས་ཁུལ་མེ་ཟོན་ཉིང་ལག་རུ་ཁག་སྣེ་གདོང་རུ་འབྲིང་གི་འཐབ་འཛིང་པ།

        རྡོ་རྗེ་ཚེ་རིང་། ཕོ། བོད་རིགས། ཉིང་ཁྲི་སྤོ་བོ་རྫོང་སློབ་འབྲིང་སློབ་མའི་ལྷན་ཚོགས་ཀྱི་ཀྲུའུ་ཞི།

        ལི་ཅན་ལེའང་། ཕོ། རྒྱ་རིགས། ཉིང་ཁྲི་རྫ་ཡུལ་རྫོང་ཞིང་འབྲོག་ཅུས་ཀྱི་ཁོའོ་ཡོན།

        ཚེ་རིང་རྡོ་རྗེ། ཕོ། བོད་རིགས། ཆབ་མདོ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མའི་ལྷན་ཚོགས་གཞུང་དོན་ཁང་གི་ཀྲུའུ་རེན།

        བསྟན་འཛིན་ཆོས་མཚོ། མོ། བོད་རིགས། ཆབ་མདོ་ས་ཁུལ་གོ་འཇོ་རྫོང་ཨ་དབང་ཤང་མི་དམངས་སྲིད་གཞུང་གི་དྲུང་ཡིག

        ལྷག་པ་ཚེ་རིང་། ཕོ། བོད་རིགས། ནག་ཆུ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།

        དར་རྒྱས། ཕོ། བོད་རིགས། ནག་ཆུ་ས་ཁུལ་འབྲི་རུ་རྫོང་གཡང་ཤོད་ཤང་མི་དམངས་སྲིད་གཞུང་གི་ཁོའོ་ཡོན།

        བསྟན་འཛིན་གསལ་སྒྲོན། མོ། བོད་རིགས། མངའ་རིས་དགེ་རྒྱས་རྫོང་དམའ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ་གསུམ་པའི་སློབ་སྦྱོང་ཨུ་ཡོན།

        ནོར་ལྷ་ཤེས་རབ། ཕོ། བོད་རིགས། མངའ་རིས་ས་ཁུལ་རུ་ཐོག་རྫོང་ལོ་དགུ་ལམ་ལུགས་སློབ་གྲྭའི་ལོ་རིམ་གསུམ་པའི་པན་ཀྲང་།

        སྐལ་བཟང་དར་རྒྱས། ཕོ། བོད་རིགས། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་རྒྱབ་ཕྱོགས་མཁོ་སྒྲུབ་དོ་དམ་པ།

        ལིའུ་པིན། ཕོ། རྒྱ་རིགས། རྒྱལ་ཁབ་གློག་དྲ་བོད་ལྗོངས་མངའ་རིས་གློག་མཁོ་འདོན་ཚད་ཡོད་ཀུང་སིའི་སྙོམས་སྒྲིག་ཚོད་འཛིན་ལྟེ་གནས་གློག་མཐུད་སྲུང་སྐྱོང་ཆེད་འགན་འཁུར་མཁན།

        ལུའུ་ཐིང་། མོ། རྒྱ་རིགས། ཀྲུང་གོ་རྡོ་སྣུམ་བོད་ལྗོངས་ནག་ཆུ་བྲིན་ཚོང་ཡན་ལག་ཀུང་སིའི་ནག་ཆུ་སྣུམ་མཛོད།

        ལྷག་པ་དོན་གྲུབ། ཕོ། བོད་རིགས། བོད་ལྗོངས་སློབ་ཆེན་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི།

        ལིའུ་དབྱང་། ཕོ། རྒྱ་རིགས། བོད་ལྗོངས་སློབ་ཆེན་སློབ་མའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།

        ཚེ་དབང་དངོས་གྲུབ། ཕོ། བོད་རིགས། བོད་ལྗོངས་མི་རིགས་སློབ་གླིང་གསོ་རིག་སློབ་གླིང་2010ལོའི་ནད་ཐོག་སྨན་བཅོས་གསོ་རིག་དངོས་གཞིའི་ཚན་ཁག་འཛིན་གྲྭ་གཉིས་པའི་སློབ་མ།

        པའེ་ཅིན་ཤིང་། ཕོ། རྒྱ་རིགས། བོད་ལྗོངས་མི་རིགས་སློབ་གླིང་ཁྲིམས་ལུགས་རིག་གཞུང་སློབ་གླིང་2011ལོའི་ཁྲིམས་རྩོད་པའི་ལས་དོན་གྱི་འཛིན་གྲྭ་དང་པོའི་སློབ་མ།

        བཀྲ་ཤིས་ཟླ་བ། ཕོ། བོད་རིགས། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཨར་ལས་ཚན་ཁག་གི་སློབ་མ།

        བློ་བཟང་མཐར་ཕྱིན། ཕོ། བོད་རིགས། བོད་ལྗོངས་གསོ་རིག་སློབ་གླིང་སློབ་མའི་ལྷན་ཚོགས་ཀྱི་ཀྲུའུ་ཞི།

        བློ་བཟང་བསྟན་པ། ཕོ། བོད་རིགས། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་ཟུར་ཁྲིད་དགེ་རྒན།

        ཕན་དབྱི་ཅུན། མོ། རྒྱ་རིགས། བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་མའི་ལྷན་ཚོགས་ཀྱི་རིག་གནས་དྲིལ་བསྒྲགས་པུའི་པུའུ་ཀྲང་།

        ཧྲི་ཁྲེང་རེན། ཕོ། རྒྱ་རིགས། བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་གློག་ཤུགས་བཟོ་ལས་སློབ་གླིང་གློག་ཤུགས་རྫས་འགྱུར་བཟོ་ལས་དང་རང་འགུལ་ཅན་གྱི་2011ལོའི་དངོས་གཞིའི་ཚན་ཁག་འཛིན་གྲྭ་དང་པོའི་སློབ་མ། གློག་ཤུགས་བཟོ་ལས་སློབ་གླིང་སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའུ་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ།

        ལུའོ་ཅེ། ཕོ། རྒྱ་རིགས། བོད་དམག་ཁུལ་ཁང་77629དཔུང་སྡེའི་ཡན་ལག་དཔུང་སྡེ་44པའི་པན་ཀྲང་གཞོན་པ།

        ཅ་ཤན་ཅན། ཕོ། རྒྱ་རིགས། བོད་དམག་ཁུལ་ཁང་77598དཔུང་སྡེའི་ཡན་ལག་དཔུང་སྡེ་60པའི་དྲུང་ཡིག

        ཧུའུ་ཝུན་ཐའོ། ཕོ། རྒྱ་རིགས། བོད་དམག་ཁུལ་ཁང་77626དཔུང་སྡེའི་ཡན་ལག་དཔུང་སྡེ་15པའི་འཐབ་འཛིང་པ།

        དབྱང་ཞའོ་ཅུན། ཕོ། རྒྱ་རིགས། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཉིང་ཁྲི་ས་ཁུལ་ཉིང་ལག་རུ་ཁག་ཉེན་རྟོག་ལས་སྒྲུབ་རུ་འབྲིང་པན་གཉིས་པའི་པན་ཀྲང་ཤ་ཧྲིའི་ཉེན་རྟོག་པའི་གོ་ཐོབ།

        བཀྲ་ཤིས་ཕུན་ཚོགས། ཕོ། བོད་རིགས། དྲག་ཆས་ཉེན་རྟོག་བོད་ལྗོངས་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གཞིས་རྩེ་མཐའ་སྲུང་ཉིང་ལག་རུ་ཁག་འབྲོང་པ་མཐའ་སྲུང་རུ་ཆེན་བླ་རང་མཐའ་སྲུང་མངགས་གཏོང་ཁང་གི་ཤ་ཧྲི།

        ཁྲེན་ཧུའུ། ཕོ། རྒྱ་རིགས། དྲག་ཆས་ཉེན་རྟོག་མེ་ཟོན་སྤྱི་ཁྱབ་རུ་ཁག་མངའ་རིས་ས་ཁུལ་མེ་ཟོན་ཉིང་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་འབྲིང་རྒྱབ་ཕྱོགས་མཁོ་སྒྲུབ་པན་གྱི་ཤ་ཧྲི།

        “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ ”(མི་34)

        བསོད་ནམས་སྟོབས་ལགས། ཕོ། བོད་རིགས། གུང་གཞོན་སྡེ་ཚོགས་འདམ་གཞུང་རྫོང་གནམ་མཚོ་ཤང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།

        ཝང་ཆིའུ་ཕུང་། མོ། རྒྱ་རིགས། གུང་གཞོན་སྡེ་ཚོགས་ཆུ་ཤུར་རྫོང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ།

        ཏེང་ཧྲོང་། ཕོ། རྒྱ་རིགས། གུང་གཞོན་སྡེ་ཚོགས་སྟག་རྩེ་རྫོང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།

        ཙའུ་ཁྲུན་མེ། མོ། རྒྱ་རིགས། གུང་གཞོན་སྡེ་ཚོགས་གཞིས་རྩེ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་གཞོན་ནུ་ལོ་ཆུང་ཁོའོ་ཡི་ཁོའོ་ཀྲང་།

        ཚེ་བརྟན་འཛོམས་སྐྱིད། མོ། བོད་རིགས། གུང་གཞོན་སྡེ་ཚོགས་ས་སྐྱ་རྫོང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།

        ཕུར་སྒྲོལ་དཀར། མོ། བོད་རིགས། གུང་གཞོན་སྡེ་ཚོགས་རྒྱལ་རྩེ་རྫོང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།

        བློ་བཟང་ཆོས་འཛོམས། མོ། བོད་རིགས། ལྷོ་ཁ་ས་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པའི་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ།

        བསོད་ནམས་སྒྲོལ་དཀར། མོ། བོད་རིགས། གུང་གཞོན་སྡེ་ཚོགས་ཆུ་གསུམ་རྫོང་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ།

        ཕུན་ཚོགས་དབང་ཆེན། ཕོ། བོད་རིགས། གུང་གཞོན་སྡེ་ཚོགས་སྨན་གླིང་རྫོང་གཏམ་སྙན་ཤང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།

        ཀུན་དགའ་ཚེ་རིང་། ཕོ། བོད་རིགས། གུང་གཞོན་སྡེ་ཚོགས་སྣང་རྫོང་སྡེ་ཚོགས་ཨུ་ལྷན་གྱི་ཁོའོ་ཡོན།

        ཚེ་སྐྱིད་སྒྲོལ་མ། མོ། བོད་རིགས། ཆབ་མདོ་མཐོ་རིམ་སློབ་འབྲིང་དང་པོའི་སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི།

        ཆོས་དབང་ཕྱུག ཕོ། བོད་རིགས། ཀྲུང་གོ་གློག་འཕྲིན་ཆབ་མདོ་ཡན་ལག་ཀུང་སིའི་སྡེ་ཚོགས་ཀྲི་པུའི་ཧྲུའུ་ཅི།

        ཆུས་ཐིང་ཐིང་། མོ། རྒྱ་རིགས། གུང་གཞོན་སྡེ་ཚོགས་ནག་ཆུ་ས་ཁུལ་ཨུ་ཡོན་ལྷན་ཁང་།

        ཧུང་པིང་། ཕོ། བོད་རིགས། ནག་ཆུ་ས་ཁུལ་ཀྲེ་ཅང་སློབ་འབྲིང་གི་སློབ་སྤྱི་གཞོན་པ།

        ཝང་ལི་ཅོན། མོ། རྒྱ་རིགས། ཤན་རྩ་རྫོང་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་གཞུང་དོན་ཁང་གི་ཀྲུའུ་རེན་ཁོའོ་ཡོན་གཞོན་པ།

        ཝང་ཅན། ཕོ། རྒྱ་རིགས། གུང་གཞོན་སྡེ་ཚོགས་མངའ་རིས་ས་ཁུལ་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ།

        བུ་ཆུང་། ཕོ། བོད་རིགས། གུང་གཞོན་སྡེ་ཚོགས་སྒེར་རྩེ་རྫོང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།

        ཝང་ཕིང་། མོ། རྒྱ་རིགས། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་སྨན་ཁང་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ།

        ལེའང་ཧྲོང་། ཕོ། རྒྱ་རིགས། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིའི་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི།

        ལིའུ་ཕུང་ཧྭ། ཕོ། རྒྱ་རིགས། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གསར་འགོད་པ།

        ཚེ་དོན། ཕོ། བོད་རིགས། བོད་ལྗོངས་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི།

        པའེ་ཧུའེ་ཅོན། མོ། ཧུའེ་རིགས། བོད་ལྗོངས་མི་རིགས་སློབ་གླིང་སྡེ་ཚོགས་ཨུ་ལྷན་རྩ་འཛུགས་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་།

        བཀྲ་ཤིས་ལྷ་མོ། མོ། བོད་རིགས། བོད་ལྗོངས་མི་རིགས་སློབ་གླིང་དོ་དམ་སློབ་གླིང་སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི།

        གསལ་སྒྲོན། མོ། བོད་རིགས། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ཀན་ཧྲི།

        ཀའོ་མིང་། ཕོ། རྒྱ་རིགས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ།

        བློ་བཟང་རྒྱལ་མཚན། ཕོ། བོད་རིགས། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ།

        མ་ཁུན། ཕོ། རྒྱ་རིགས། བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭའི་2013ལོའི་སྡེ་ཚོགས་ཀྲི་པུའི་ཧྲུའུ་ཅི།

        ཁང་ཅེ། ཕོ། རྒྱ་རིགས། བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་རྩི་ཤིང་ཚན་རིག་སློབ་གླིང་སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི།

        ལི་ཧུང་། ཕོ། རྒྱ་རིགས། བོད་དམག་ཁུལ་ཁང་77675དཔུང་སྡེའི་ཡན་ལག་དཔུང་སྡེ་20པའི་ཀན་ཧྲི།

        བསྟན་རྡོར་རྒན་པ། ཕོ། བོད་རིགས། བོད་དམག་ཁུལ་ཁང་77526དཔུང་སྡེའི་ཡན་ལག་དཔུང་སྡེ་71པའི་མཛུབ་ཁྲིད་པ་གཞོན་པ།

        ཧུའུ་ཡུས། ཕོ། རྒྱ་རིགས། བོད་དམག་ཁུལ་ཁང་77626དཔུང་སྡེའི་ཡན་ལག་དཔུང་སྡེ་20པའི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ།

        བློ་བཟང་ཆོས་ལྡན། ཕོ། བོད་རིགས། དྲག་ཆས་ཉེན་རྟོག་ལྷོ་ཁ་ཉིང་ལག་རུ་ཁག་རུ་འབྲིང་བཞི་པའི་ཆབ་སྲིད་མཛུབ་ཁྲིད་པ་གཞོན་པ་སྡེ་ཚོགས་ཀྲི་པུའི་ཧྲུའུ་ཅི།

        ལི་ལེའང་། ཕོ། རྒྱ་རིགས། དྲག་ཆས་ཉེན་རྟོག་ཉིང་ཁྲི་མཐའ་སྲུང་ཉིང་ལག་རུ་ཁག་སྒང་དགའ་ཟམ་ཆེན་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཇུས་འདོན་པ།

        བསྟན་འཛིན་ལེགས་བཤད། ཕོ། བོད་རིགས། དྲག་ཆས་ཉེན་རྟོག་ནག་ཆུ་ས་ཁུལ་མེ་ཟོན་ཉིང་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་འབྲིང་གི་རུ་དཔོན་གཞོན་པ (ལན་རིམ་པ་རྒན་པ )རུ་འབྲིང་སྡེ་ཚོགས་ཀྲི་པུའི་ཧྲུའུ་ཅི།

        “ལྗོངས་ཡོངས་ཀྱི་ལྔ་བཞི་དར་དམར་གྱི་སྡེ་ཚོགས་ཨུ་ལྷན ”(11)

        གུང་གཞོན་སྡེ་ཚོགས་མལ་གྲོ་གུང་དཀར་རྫོང་ཨུ་ཡོན་ལྷན་ཁང་།

        གུང་གཞོན་སྡེ་ཚོགས་ཁང་དམར་རྫོང་གནས་རྙིང་ཤང་ཨུ་ཡོན་ལྷན་ཁང་།

        གུང་གཞོན་སྡེ་ཚོགས་མཛོ་སྒང་རྫོང་ཨུ་ཡོན་ལྷན་ཁང་།

        གུང་གཞོན་སྡེ་ཚོགས་ཨ་མདོ་རྫོང་ཨུ་ཡོན་ལྷན་ཁང་།

        གུང་གཞོན་སྡེ་ཚོགས་མཚོ་ཆེན་རྫོང་ཨུ་ཡོན་ལྷན་ཁང་།

        གུང་གཞོན་སྡེ་ཚོགས་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་ཨུ་ཡོན་ལྷན་ཁང་།

        གུང་གཞོན་སྡེ་ཚོགས་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་ཨུ་ཡོན་ལྷན་ཁང་།

        ནག་ཆུ་ས་ཁུལ་ཀྲེ་ཅང་སློབ་འབྲིང་སྡེ་ཚོགས་ཨུ་ལྷན།

        རང་སྐྱོང་ལྗོངས་མི་དམངས་སྲིང་གཞུང་གཞུང་དོན་ཐིང་སྡེ་ཚོགས་ཨུ་ལྷན།

        བོད་ལྗོངས་ལྷོ་ཁ་ས་ཁུལ་མེ་ཟོན་ཉིང་ལག་རུ་ཁག་སྡེ་ཚོགས་ཨུ་ལྷན།

        ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་77626དཔུང་སྡེའི་སྡེ་ཚོགས་ཨུ་ལྷན།

        “ལྗོངས་ཡོངས་ཀྱི་ལྔ་བཞི་དར་དམར་གྱི་སྡེ་ཚོགས་ཀྲི་པུའུ ”(24)

        བོད་ལྗོངས་གསར་སྐྱེས་ཨར་ལས་རྒྱུ་ཆ་སྒྲིག་ཆས་ཚད་ཡོད་ཀུང་སིའི་སྡེ་ཚོགས་ཀྲི་པུའུ།

        གཞིས་རྩེ་ས་ཁུལ་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་སྡེ་ཚོགས་ཀྲི་པུའུ།

        གཞིས་རྩེ་ས་ཁུལ་རྡོ་ཐ་ཆེད་ཚོང་ཅུས (ཀུང་སི )སྡེ་ཚོགས་ཀྲི་པུའུ།

        གཞིས་རྩེ་ས་ཁུལ་གམ་པ་རྫོང་སློབ་འབྲིང་སྡེ་ཚོགས་ཀྲི་པུའུ།

        གཞིས་རྩེ་ས་ཁུལ་རྣམ་གླིང་གྲོང་རྡལ་སྒང་པ་གྲོང་ཚོ་སྡེ་ཚོགས་ཀྲི་པུའུ།

        ལྷོ་ཁ་གོང་དཀར་རྫོང་གྲོང་གསེབ་ཚོད་ལྟའི་སློབ་འབྲིང་ལོ་རིམ་དགུ་པའི་འཛིན་གྲྭ་གཉིས་པའི་སྡེ་ཚོགས་ཀྲི་པུའུ།

        ཉིང་ཁྲི་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་སྡེ་ཚོགས་ཀྲི་པུའུ།

        ཆབ་མདོ་ས་ཁུལ་སྨན་རྩིས་ཁང་སྡེ་ཚོགས་ཀྲི་པུའུ།

        ནག་ཆུ་དཔལ་མགོན་རྫོང་སྤོ་ཆེ་ཤང་ཀྲི་པུའུ།

        ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི་ནག་ཆུ་ཡན་ལག་ཀུང་སིའི་ཀྲི་པུའུ།

        མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་སྡེ་ཚོགས་ཀྲི་པུའུ།

        ཀྲུང་གོ་རྡོ་སྣུམ་བོད་ལྗོངས་བྲིན་ཚོང་བདུན་གཉིས་ལྔ་སྣུམ་མཛོད་སྡེ་ཚོགས་ཀྲི་པུའུ།

        བོད་ལྗོངས་ས་གཤིས་རྩད་ཞིབ་ཅུས་ས་ཁོངས་ས་གཤིས་བརྟག་དཔྱད་རུ་ཆེན་སྡེ་ཚོགས་ཀྲི་པུའུ་དང་པོ།

        བོད་ལྗོངས་སློབ་ཆེན་བཟོ་ལས་སློབ་གླིང་2011ལོའི་དངོས་སྤྱོད་གློག་རྡུལ་སྡེ་ཚོགས་ཀྲི་པུའུ།

        བོད་ལྗོངས་མི་རིགས་སློབ་གླིང་གསར་འགྱུར་བརྒྱུད་སྤེལ་སློབ་གླིང་སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའུ།

        བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་འཕྲུལ་གློག་ཚན་ཁག་སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའུ།

        བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་བོད་སྨན་ཚན་ཁག་སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའུ།

        ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་གསོ་ཚན་ཁག་སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའུ།

        བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭའི་2011ལོའི་སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའུ།

        བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་ཆུ་བེད་ཆུ་གློག་བཟོ་ལས་ཀྱི་2011ལོའི་དངོས་གཞིའི་ཚན་ཁག་འཛིན་གྲྭ་གཉིས་པའི་སྡེ་ཚོགས་ཀྲི་པུའུ།

        དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཆབ་མདོ་ཉིང་ལག་རུ་ཁག་རུ་ཆེན་གཉིས་པའི་རུ་འབྲིང་དྲུག་པའི་སྡེ་ཚོགས་ཀྲི་པུའུ།

        དྲག་ཆས་ཉེན་རྟོག་མཐའ་སྲུང་སྤྱི་ཁྱབ་རུ་ཁག་ལྷོ་ཁ་མཐའ་སྲུང་ཉིང་ལག་རུ་ཁག་ལེགས་པོ་མཐའ་སྲུང་མངགས་གཏོང་ཁང་སྡེ་ཚོགས་ཀྲི་པུའུ།

        ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་77546དཔུང་སྡེའི་ཡན་ལག་དཔུང་སྡེ་61པའི་སྡེ་ཚོགས་ཀྲི་པུའུ།

        དྲག་ཆས་ཉེན་རྟོག་མེ་ཟོན་སྤྱི་ཁྱབ་རུ་ཁག་ལྷོ་ཁ་མེ་ཟོན་ཉིང་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་འབྲིང་སྡེ་ཚོགས་ཀྲི་པུའུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།