སྲིད་འཛིན་ཀུང་ཧྲུའུ་ཁག་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་ལྷན་ཁང་དང་། གཞུང་དོན་ཁང་། ཐིང་། ཅུས་བཅས་ཁག་ལ།
ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་མི་རིགས་ལག་ཤེས་བཟོ་ལས་སོགས་སྲོལ་རྒྱུན་ཐོན་ལས་བཟོ་རྩལ་སྲུང་སྐྱོང་དང་། རྒྱུན་འཛིན། གསར་གཏོད་བཅས་ཀྱི་ལས་དོན་ནན་ཏན་ངང་སྤེལ་བས་ལག་རྩལ་བྱང་ཆུབ་པའི་བཟོ་རྩལ་མཛེས་རྩལ་ཤེས་ལྡན་པ་ཁག་གཅིག་ཐོན་ནས་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། སྔོན་ཐོན་ལ་གཟེངས་བསྟོད་དང་ཡར་བརྩོན་ལ་ལྕག་སྐུལ་བྱ་ཆེད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀརྨ་བདེ་ལེགས་སོགས་མི་25ལ་བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད། གཟི་བརྗིད་མཚན་སྙན་ཐོབ་མཁན་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་ཚོས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། ཡང་འབད་བསྐྱར་འབད། རྒྱུན་འཛིན་གསར་གཏོད་བཅས་བྱས་ཏེ་ལག་རྩལ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་རང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
2014ལོའི་ཟླ་4ཚེས་16ཉིན།
སྐབས་དང་པོའི་བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་མཚན་ཐོ།
ཐང་གའི་རིགས། (མི་15)
ཀརྨ་བདེ་ལེགས། (ཀརྨ་སྒར་བྲིས་ལུགས )
ངག་དོན། (སྨན་ཐང་ལུགས )
ནོར་བུ་སྲི་ཐར། (སྨན་གསར་ལུགས )
ངག་དབང་། (སྨན་གསར་ལུགས )
བསྟན་འཛིན་དར་རྒྱས། (ཀརྨ་སྒར་བྲིས་ལུགས )
ཆོས་གཞུང་ཚེ་རིང་། (སྨན་གསར་ལུགས )
བསྟན་དགའ། (ཀརྨ་སྒར་བྲིས་ལུགས )
ལུང་བཟང་། (སྨན་ཐང་ལུགས )
སྤེན་པ་ཚེ་རིང་། (སྨན་ཐང་ལུགས )
ཚེ་རིང་དབང་འདུས། (སྨན་ཐང་ལུགས )
ཚེ་རིང་ནོར་བུ། (མཁྱེན་བརྩེ་ལུགས )
བཀྲ་ཤིས་རྒྱལ་མཚན། (མཁྱེན་བརྩེ་ལུགས )
ལྷག་པ། (སྨན་ཐང་ལུགས )
ཟླ་བ། (སྨན་ཐང་ལུགས )
བཀྲ་ཤིས་ཚེ་ཕུན། (ཀརྨ་སྒར་བྲིས་ལུགས )
ཕྱོགས་བསྡུས་རིགས། (མི་10)
ལྷག་ཆུང་། (གསེར་དངུལ་བཟོ་མཁན )
ནོར་བུ་དགྲ་འདུལ། (ལྷ་སྐུ་བཞེངས་མཁན )
ནོར་བུ། (འཚེམ་དྲུབ་གི་ཐང་ག་བཞེངས་མཁན )
སྤེན་རྡོར། (ཁ་གདན་འཐག་མཁན )
པ་སངས། (ཐེར་མ་འཐག་མཁན )
འབྲུག་རྒྱལ། (སྣམ་བུ་འཐག་མཁན )
སྨོན་ལྷ། (ལྷ་སྐུ་བརྙན་བཞེངས་མཁན )
པད་རྡོར། (བོད་གྲི་རྡུང་མཁན )
བྱམས་པ་བརྩོན་འགྲུས། (ཟོམ་པ་བཟོ་མཁན )
འཇམ་དབྱངས་ཡེ་ཤེས། (འབག་བཟོ་མཁན )