དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་ཡུས་ཧྥུང་སྐུ་གཤེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡིན་པའི་བོད་རང་སྐྱོང་ལྗོངས་ཞིབ་རྩིས་ཐིང་ཏང་ཙུའུ་ཡི་དེ་སྔའི་ཧྲུའུ་ཅི་ཐིང་ཀྲང་གཞོན་པ་བློ་མཐུན་ཡུས་ཧྥུང་ལ་ནད་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ནུས་པ་མ་ཐོན་པར་2014ལོའི་ཟླ་3ཚེས་8ཉིན་སི་ཁྲོན་ཁྲེང་ཏུའུ་རུ་སྐུ་གཤེགས་པ་དང་གྲོངས་སྐབས་དགོངས་ལོ་74ཕེབས་ཡོད་པ་རེད།

        བློ་མཐུན་ཡུས་ཧྥུང་1941ལོའི་ཟླ་གསུམ་པར་བོད་ཀྱི་སོག་རྫོང་དུ་འཁྲུངས་པ་དང་1955ལོའི་ཟླ་དགུ་པར་ལས་ཀར་ཞུགས་པ་དང་1961ལོའི་ཟླ་དྲུག་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྔ་རྗེས་སུ་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཚེར་དབད་ཆུས་ཀྱི་ཆུས་ཀྲང་གཞོན་པ་དང་། གུང་གཞོན་སྡེ་ཚོགས་ཆབ་མདོ་རྫོང་ཨུད་ཀྱི་ཧྲུའུ་ཅི། དཔའ་ཤོད་རྫོང་གི་རྫོང་དཔོན་གཞོན་པ། འཇོ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ལྷོ་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། མཛོ་སྒང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་རེན། རྫོང་དཔོན་བཅས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་གཞོན་པ་བཅས་གནང་བ་དང་། 1992ལོའི་ཟླ་བཅུ་གཉིས་པར་རང་སྐྱོང་ལྗོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ (ཐིང་རིམ་པ )གནང་བ་དང་1995ལོའི་ཟླ་བ་བཅུ་གཅིག་པར་རང་སྐྱོང་ལྗོངས་ཞིབ་རྩིས་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་གནང་བ་རེད། 2001ལོའི་ཟླ་དྲུག་པར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་ནས་ལས་འཁྱུར་ངལ་གསོ་གནང་།

        ཁོང་སྐུ་གཤེགས་པ་ལས་ང་ཚོའི་ཏང་ཡོན་ཡག་པོ་དང་བློ་མཐུན་ཡག་པོ་ཞིག་མེད་པར་གྱུར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།