ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། མུ་མཐུད་སློབ་སྦྱོང་བྱས་ནས་རང་ངོས་ཀྱི་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཡར་བརྩོན་ཧུར་བསྐྱེད་དང་། ལས་བཀུར་ལས་གཅེས། དཀའ་སྤྱད་འབད་འབུངས། ལས་གཏོད་ཕྱུག་འགྱུར་བྱེད་པའི་སྒོ་ནས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ནང་ཧུར་ཐག་ཞུགས་ཏེ་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་ཆེན་པོ་བཏོན་པ་མ་ཟད། རང་སོའི་ལས་གནས་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ནས་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ཇི་སྙེད་ཅིག་ཐོན་ཡོད།
དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཧུར་ཐག་འདོན་པ་དང་རྒྱ་ཆེའི་བུད་མེད་ཚོའི་རང་ངོས་ཀྱི་སྤྱང་གྲུང་དང་བློ་གྲོས་མུ་མཐུད་བཏོན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ལེགས་པར་ཞུགས་ཆེད། རང་སྐྱོང་ལྗོངས་བུད་མེད་མཉམ་སྦྲེལ་ལྷན་ཚོགས་དང་། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ལྷག་ཕན་སོགས་བློ་མཐུན་5ལ་བོད་རང་སྐྱོང་ལྗོངས་ཀྱི “གསུམ་བརྒྱད ”དར་དམར་བའི་དཔེ་དམག་དང་། བསོད་ནམས་སྒྲོལ་དཀར་སོགས་བློ་མཐུན་32ལ་བོད་རང་སྐྱོང་ལྗོངས་ཀྱི “གསུམ་བརྒྱད ”དར་དམར་བ། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་སོགས་ཚན་པ་15ལ་བོད་རང་སྐྱོང་ལྗོངས་ཀྱི “གསུམ་བརྒྱད ”དར་དམར་མཉམ་སྡེབ་ཚན་པ་བཅས་ཀྱི་མཚན་སྙན་སྤྲོད་རྒྱུའི་གཏན་འཁེལ་བྱས་ཡོད།
གཟེངས་རྟགས་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱིས་ཐོབ་པའི་མཚན་སྙན་ལ་གཅེས་སྤྲས་ཀྱིས་དུས་བསྟུན་འཕེལ་རྒྱས་ཡོང་བ་དང་ཡང་འབད་བསྐྱར་འབད་ཐོག་ནས་གྲུབ་འབྲས་གསར་པ་སྔར་ལས་ལྷག་པ་གཏོད་དགོས་པ་མ་ཟད། རྒྱ་ཆེའི་བུད་མེད་ཚོས་སྔོན་ཐོན་མིག་དཔེར་བཟུང་ནས་ཁོང་ཚོའི་དཀའ་སྤྱད་འབད་བརྩོན་དང་དཔའ་མི་ཞུམ་པའི་སྙིང་སྟོབས་དང་། ལས་གཅེས་ལས་བཀུར་དང་བྱ་བ་ཏན་ཏིག་བསྒྲུབས་པའི་སྲོལ་བཟང་། གསར་འབྱེད་ཡར་བརྩོན་དང་འབད་འབུངས་ཕྱུག་འགྱུར་གྱི་ཕུལ་བྱུང་རང་གཤིས་བཅས་ལ་སློབ་སྦྱོང་བྱས་ཏེ་ཕུགས་བསམ་དད་སེམས་སྔར་བས་བརྟན་པ་དང་རང་བཀུར་དང་། རང་ཡིད་རང་ཆེས། རང་ཚུགས། རང་སྟོབས་རང་འཕེལ་གྱི་དུས་རབས་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་བོད་འདི་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་གཏོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཀྱི་ཕུགས་འདུན་འགྲུབ་པ་བཅས་ལ་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
བོད་རང་སྐྱོང་ལྗོངས་བུད་མེད་མཉམ་སྦྲེལ་ལྷན་ཚོགས།
བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོཌ་འགན་སྲུང་ཐིང་ནས།
2014ལོའི་ཟླ་2ཚེས་27ཉིན།
གཅིག བོད་རང་སྐྱོང་ལྗོངས་ཀྱི “གསུམ་བརྒྱད ”དར་དམར་བའི་དཔེ་དམག (མི་གྲངས་5)
ལྷག་ཕན། གཞིས་རྩེ་ས་ཁུལ་པ་སྣམ་རྫོང་དབང་ལྡན་ཤང་ཤར་སྨད་གྲོང་ཚོའི་བུད་མེད་འཐུས་མི་ལྷན་ཚོགས་ཀྱི་ཀྲུའུ་རེན།
ཤི་ལོག་སྒྲོལ་མ། བོད་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་སྦེ་ག་པ།
བསོད་ནམས་ཆོས་སྒྲོན། ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུས་ཀྱི་ལས་བཟོ།
གནམ་གང་ཚེ་རིང་། མངའ་རིས་ས་ཁུལ་རུ་ཐོག་རྫོང་རུ་ཐོག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི།
ལུའུ་ཅིན་ཅིན། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སློབ་གྲྭའི་ཁེ་ལས་མཉམ་ལས་གཞུང་ལས་ཁང་གི་ཀྲུའུ་རེན།
གཉིས། བོད་རང་སྐྱོང་ལྗོངས་ཀྱི “གསུམ་བརྒྱད ”དར་དམར་བ (མི་གྲངས་32)
བསོད་ནམས་སྒྲོལ་དཀར། ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཁོར་ཡུག་འཕྲོད་བསྟེན་པ།
སྒྲོལ་མ་གཡང་འཛོམས། ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དར་རྒྱས་ཤང་བྲག་དཀར་ཞོལ་ཚོགས་ཆུང་3པའི་གྲོང་མི།
ཕུང་ཆིན། གཞིས་རྩེ་ས་ཁུལ་སློབ་ཆུང་གི་སློབ་སྤྱི།
གཡང་ལྷ་མོ། གཞིས་རྩེ་ས་ཁུལ་གམ་པ་རྫོང་གམ་པ་གྲོང་རྡལ་སྨན་སྡེ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི།
གཡང་འཛོམས་སྒྲོལ་དཀར། ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན།
ཆོས་སྒྲོན། ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གཏམ་སྙན་ཤང་ཁམ་བུ་རྭ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི།
སྐལ་བཟང་བདེ་སྐྱིད། ཉིང་ཁྲི་ས་ཁུལ་མེ་ཏོག་རྫོང་སྤང་ཞིང་ཤང་སློབ་ཆུང་གི་དགེ་རྒན།
ཚེ་དབང་བདེ་སྐྱིད། ཆབ་མདོ་ས་ཁུལ་བུད་མེད་མཉམ་སྦྲེལ་ལྷན་ཚོཌ་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ།
རྣམ་རྒྱལ་ཚེ་སྒྲོན། ཆབ་མདོ་ས་ཁུལ་རི་བོ་ཆེ་རྫོང་བུད་མེད་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི།
བཀྲ་ཤིས་གཡང་འཛོམས། ཆབ་མདོ་ས་ཁུལ་རི་བོ་ཆེ་རྫོང་ཆོས་འཁོར་དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ (དགོན་སྡེར་བཅའ་སྡོད་ལས་བྱེད་པ )
བསོད་ནམས་ཆོས་འཛོམས། ནག་ཆུ་ས་ཁུལ་སློབ་གསོ (ལུས་རྩལ )ཅུས་ལུས་རྩལ་འཕྲོད་བསྟེན་སྒྱུ་རྩལ་ཁོའོ་ཡི་ཁོའོ་ཀྲང་།
སྤེན་སྐྱིད། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལྟ་ཞིབ་ཅུས་ཀྱི་ཅུས་ཀྲང།
ཧྲེན་ཧྲུའུ་ཝུའེ། དཔུང་སྡེ་77546པའི་ཡན་ལག་རུ་ཁག་61པའི་ཡན་ལག་རུ་དཔོན།
ཀྲང་ལི་ཝུའེ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སི་ལིང་པུའུ་འཕྲིན་གཏོང་ས་ཚིགས་སྐུད་ཡོད་རུ་འབྲིང་གི་རུ་འབྲིང་དཔོན།
ལེ་ཅེ། དཔུང་སྡེ་95662པའི་སི་ལིང་པུའི་བཀོད་འདོམས་རང་འགུལ་ཅན་ལས་དོན་ས་ཚིགས་མཐའ་སྐོར་སྒྲིག་ཆས་བཟོ་བཀོད་པ།
རིག་འཛིན་ཆོས་མཚོ། དྲག་ཆས་ཉེན་རྟོག་བོད་ལྗོངས་མཐའ་སྲུང་སྤྱི་ཁྱབ་རུ་ཁག་ལྷ་ས་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ལན་ཀྲང་གཞོན་པའི་གོ་གནས་ལྡན་པའི་ཚན་མོའུ།
ཉི་མ། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གཞུང་ལས་ཁང་གི་བརྟག་ཞིབ་པ་གཞོན་པ།
ལི་ཀུའེ་ཧྭ། ཆབ་མདོ་ས་ཁུལ་སྤྱི་བདེ་ཁྲུའི་ལྟ་སྐུལ་དོ་དམ་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན།
ཅི་ཅིན་ལི། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ།
བདེ་སྐྱིད་མཚོ་མོ། རང་སྐྱོང་ལྗོངས་ནོར་སྲིད་ཐིང་སྲིད་འཛིན་ཁྲིམས་འཛིན་ཁྲུའི་ཁྲུའུ་ཀྲང་།
སྲིད་ལོ། མཚོ་བོད་གཞུང་ལམ་ཡན་ལག་ཅུས་བྲག་སྨུག་གཞུང་ལམ་བདག་སྐྱོང་དུམ་བུའི་བུད་མེད་ལས་ཡུལ་གྱི་འགན་ཁུར་བ་གཞོན་པ།
ཏིང་ལི་ཧུང་། རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་ལས་མི།
ཧྲུའེ་ཡན་ཕིང་། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་འཆར་འགོད་ནོར་དོན་ཁྲུའི་ཁྲུའུ་ཀྲང་།
ཉི་སྒྲོན། བོད་ལྗོངས་ཧྲུའུ་ཤིན་ཚོང་དོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བ་གཞོན་པ།
གཡུ་སྒྲོན། བོད་ལྗོངས་གསོ་རིག་སློབ་གླིང་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ (དགེ་རྒན་ཆེ་མོ་བ་གཞོན་པ )
ལུའེ་ཧྲུའུ་ཞ། བོད་ལྗོངས་ལྷ་ས་སློབ་འབྲིང་གི་དབྱིན་ཡིག་མཐོ་རིམ་དགེ་རྒན།
ལི་མེ་ལན། བོད་ལྗོངས་ཐོག་བརྩེགས་ཁང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་སྤྱི་གཉེར་བ།
པེ་ཡན་ཆུང་། བོད་ལྗོངས་མཐོ་བརྩོན་དམངས་སྤྱོད་འབར་རྫས་ཀུང་སིའི་ཏུང་ཧྲེ་ཀྲང་དང་སྤྱི་ཁྱབ་སྤྱི་གཉེར་བ།
བདེ་སྐྱིད་མེ་ཏོག ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་མི་དམངས་ཁྲིམས་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཡོའན་ཀྲང་།
བདེ་སྐྱིད། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གཞུང་གཏུག་ཁྲུའུ་དང་པོའི་ཁྲུའུ་ཀྲང་།
ཚེ་བརྟན་སྒྲོལ་དཀར། བོད་ལྗོངས་ཞོལ་ཤང་ཡུན་དངོས་ཚན་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་།
ཁང་ཕུའུ་ཀྲེན། བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་མང་ཚོགས་ལས་དོན་པུའི་སྤྱི་གཉེར་བ་གཞོན་པ་བུད་མེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།
གསུམ། བོད་རང་སྐྱོང་ལྗོངས་ཀྱི (གསུམ་བརྒྱད )དར་དམར་མཉམ་སྡེབ (ཚན་པ་15)
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་།
གཞིས་རྩེ་ས་ཁུལ་བསྡོམས་རྩིས་ཅུས་རྒྱལ་ཁབ་བསྡོམས་རྩིས་ཅུས་གཞིས་རྩེ་བརྟག་ཞིབ་རུ་ཁག
ལྷོ་ཁ་ས་ཁུལ་མ་བུ་འཕྲོད་སྦྱོར་ཁང་།
ཉིང་ཁྲི་ས་ཁུལ་སྤྱི་བདེ་ཁྲུའུ་བུད་མེད་ཨུ་ཡོན་ལྷན་ཁང་།
ཆབ་མདོ་ས་ཁུལ་སྤྱི་བདེ་ཁྲུའུ་སྐོར་ཞིབ་ཉེན་རྟོག་ཉིང་ལག་རུ་ཁག་ཁང་ལེ་གྲོང་གསར་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས།
ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་ནག་ཆུ་ཡན་ལག་ཁང་ལས་གཉེར་པུའུ།
དམངས་སྤྱོད་མཁའ་འགྲུལ་མངའ་རིས་ས་ཚིགས་ས་ཁུལ་ཞབས་ཞུ་པུའུ།
བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་སྦིར་སྨན་ཁོའོ།
རང་སྐྱོང་ལྗོངས་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་བདེ་འཇགས་ཞིབ་བཤེར་ས་ཚིགས་ཨང་བདུན་པ།
བོད་རང་སྐྱོང་ལྗོངས་རྒྱལ་ཁབ་དཔྱ་ཁྲལ་ཅུས་བུད་མེད་ཨུ་ཡོན་ལྷན་ཁང་།
ཀྲུང་གོ་རྡོ་སྣུམ་བོད་ལྗོངས་ཕྱིར་ཚོང་ཀུང་སིའི་བུད་མེད་ལས་དོན་ཨུ་ཡོན་ལྷན་ཁང་།
བོད་ལྗོངས་ཧུང་ཕེ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སི།
བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་ཉོ་ཚོང་སྐྱེལ་འདྲེན་ཀུང་སིའི་ནོར་དོན་པུའུ།
ཀྲུང་གོ་དངུལ་ཁང་གཱ་མཉམ་སྦྲེལ་རྩ་འཛུགས་བོད་ལྗོངས་ཡན་ལག་ཀུང་སིའི་བུད་མེད་ཨུ་ཡོན་ལྷན་ཁང་།