ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་བློ་མཐུན་ལིའུ་ཨན་ཧྥེ་སྙུན་གཞིས་རྐྱེན་པས་2014ལོའི་ཟླ་2ཚེས་17ཉིན་ཧོ་ནན་ཀྲེང་ཀྲོའུ་རུ་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་94ཡིན་པ་རེད།
བློ་མཐུན་ལིའུ་ཨན་ཧྥེ་1920ལོའི་ཟླ་9པར་ཧྲན་ཏུང་ཞིང་ཆེན་ལེང་ཧྲན་རྫོང་དུ་འཁྲུངས་པ་དང་། 1938ལོར་གསར་བརྗེའི་ལས་ཀར་ཞུགས་པ་དང་1940ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྔ་རྗེས་སུ་ཧྲན་ཏུང་ཝུན་ཧྲང་ཁུལ་དྲུག་པའི་རི་འགོག་སྐུལ་སློང་ཨུ་ལྷན་ལས་དོན་ཚོགས་པ་དང་། ཁུལ་བརྒྱད་པའི་ཡུས་པའོ་མེའོ་ལུའུ་ཤིས་ཉིང་ལག་རུ་ཁག་བརྒྱད་པ། ལུའུ་ཤིས་རྨ་ཆུའི་ཉིང་ལག་རུ་ཁག་ཐོན་གསུམ་པ། ཧུའུ་ཤིས་ཧྲེ་གཅིག་གཅིག་ལྔའི་སློབ་སྟོན་རུ་ཁག་བཞི་པ། དམག་ཁུལ་བཅུ་གཅིག་པའི་ཐོན་དགུ་པ། ཧོ་པེ་དང་ཧྲན་ཏུང་དམག་ཁུལ་ཁང་གཞུང་སྒྲིག་རུ་ཁག་བདུན་པའི་ལུའེ་ཉི་ཤུའི་ཐོན་ང་ལྔ། ཧྲན་ཤིས་དང་ཧོ་པེ་ཧྲན་ཏུང་དམག་ཁུལ་ཁང་གཞུང་སྒྲིག་རུ་ཁག་དང་པོ་དམག་སྡེ་བཅོ་བརྒྱད་པའི་ཧྲེ་ང་གཉིས་སོགས་སུ་ཕྱག་ལས་གནང་། 1950ལོའི་ཟླ་9པར་བོད་དུ་ཕེབས་ནས་སྔ་རྗེས་སུ་བོད་དམག་ཁུལ་ཁང་འཕྲོད་བསྟེན་ཁྲུའུ་བདེ་སྲུང་ཁོའོ་ཡི་ཁོའོ་ཀྲང་དང་། བོད་ལྗོངས་སྤྱི་སློབ་གསོ་རིག་སྨན་ཁང་གི་ཡོན་ཀྲང་དང་གཞུང་དོན་ཁང་གི་ཀྲུའུ་རེན། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་འཕྲོད་བསྟེན་ཁྲུའི་ཁྲུའུ་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་སོགས་ཀྱི་འགན་བཞེས་མྱོང་ཡོད། 1982ལོའི་ཟླ་9པར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ལས་བྲལ་ངལ་གསོ་བརྒྱབ། 2009ལོའི་ཟླ་9པར་ཀྲུང་དབྱང་རྩ་འཛུགས་པུའི་ཆོག་མཆན་ཐོབ་པ་བརྒྱུད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་སྨན་བཅོས་ཐོབ་ཐང་ལོངས་སྤྱོད་གནང་།
ཁོང་སྐུ་གཤེགས་པ་ལས་ང་ཚོར་ཏང་ཡོན་དང་བློ་མཐུན་བཟང་པོ་ཞིག་མེད་པར་གྱུར་ཡོད།