དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་2014ལོའི་ཟླ་2ཚེས་12ཉིན་ལྷ་སར་འཚོགས་ཤིང་། ཚོགས་འདུར་ཞུགས་མཁན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཨུ་ཡོན་29དང་ཟུར་ཞུགས་གནང་མཁན་156ཡོད་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། བོད་དམག་ཁུལ་ཁང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་བཅས་ཚོགས་འདུར་ཕེབས་པ་རེད།

        ད་རེས་ཀྱི་ཚོགས་འདུའི་ལས་འགན་གཙོ་བོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཧྲུའུ་ཅི་ཝང་ཆི་ཧྲན་གྱི་སྙན་སྒྲོན་གྱི་དགོངས་དོན། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བཅས་ནན་ཏན་ངང་དོན་འཁྱོལ་བྱ་རྒྱུ། 2013ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་ཕྱིར་དྲན་དང་ཕྱོགས་སྡོམ་བྱ་རྒྱུ། 2014ལོའི་ལས་འགན་ཞིབ་འཇུག་གིས་བཀོད་སྒྲིག་བྱ་རྒྱུ་བཅས་རེད། ཚང་འཛོམས་གྲོས་ཚོགས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་བ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཡུང་ཅུན་གྱིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ 《བྱ་གཞག་གཙོ་བོ་དང་འགན་འཁྲི་གཙོ་བོ་འབུར་དུ་ཐོན་པར་བྱས་ཏེ་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་བཏང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་པ་གསར་པ་ཞིག་གཏོད་དགོས 》ཞེས་པའི་ལས་དོན་སྙན་སྒྲོན་གནང་བ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་གནང་བའི་ལས་དོན་སྙན་སྒྲོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་བཞེངས་ཏེ་ལོ་གཅིག་རིང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་དང་། མིག་སྔའི་རུལ་རྒོལ་གཙང་སྤེལ་གྱི་དུས་བབ་ལ་དབྱེ་ཞིབ་ཁྱོན་ཡོངས་ནས་གནང་བ། ཏང་འཛུགས་སྐྱོང་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ། འདི་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱིའི་བསམ་ཕྱོགས་དང་ལས་འགན་གཙོ་བོ་གསལ་བཏོན་གནང་ཡོད། དེ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན་པ། ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་གནང་བའི་ལས་དོན་སྙན་སྒྲོན་ནང་འདི་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད། ནང་དོན་ཆ་ཚང་བ་དང་། གཙོ་གནད་འབུར་དུ་ཐོན་པ། བྱེད་ཐབས་ཞིབ་ཅིང་ཕྲ་བ། དམིགས་བསལ་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ་བཅས་ཀྱི་སྙན་སྒྲོན་དེ་ནི་ང་ཚོས་འདི་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ངོས་ནས་བརྗོད་ན་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་གནང་བའི་ལས་དོན་སྙན་སྒྲོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་པའི་ནན་བཤད་ཀྱང་གནང་བ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག་ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་གསུང་བཤད་གལ་ཆེན་ནན་ཏན་ངང་སློབ་སྦྱོང་དང་གྲོས་བསྡུར་གནང་ཞིང་། ཚང་མས་གསུང་བཤད་དེའི་ནང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཧྲུའུ་ཅི་ཝང་ཆི་ཧྲན་གྱི་སྙན་སྒྲོན་གྱི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་བསྟར་གནང་བ་དང་། འདས་ཟིན་པའི་ལོ་གཅིག་གི་ལྗོངས་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ད་དུང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་གནད་དོན་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་ཅེས་ནན་གསུངས་གནང་བ་དང་འབྲེལ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོར་བསྲུང་རྒྱུ་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་པོར་བསྲུང་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་པོར་བསྲུང་རྒྱུ། སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་བྱ་རྒྱུ། རུལ་སུངས་ལ་ཆད་པ་ནན་པོ་གཅོད་རྒྱུ། དབང་ཆ་སྤྱོད་ཚུལ་ཚད་ལྡན་དུ་གཏོང་རྒྱུ། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ། སྐོར་ཞིབ་ལས་དོན་ལེགས་སུ་གཏོང་རྒྱུ་བཅས་ཕྱོགས་བརྒྱད་ནས་འདི་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་བཀོད་སྒྲིག་ཀྱང་གནང་ཡོད། རིམ་ཁག་ཏང་ཨུད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་ཏན་ཏིག་འཁུར་དགོས་པ་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བྱ་གཞག་གཙོ་བོ་འབུར་དུ་ཐོན་པར་བྱས་ཏེ་འགན་ནུས་དང་། བྱེད་སྟངས། སྤྱོད་ཚུལ་བཅས་བསྒྱུར་ནས་ཁྲིམས་འཛིན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་རུལ་སུངས་བར་ཆད་པ་མཐའ་གཅིག་ཏུ་གཅོད་རྒྱུའི་འགྱུར་མེད་ཆོད་སེམས་གང་ལེགས་མཚོན་གྱི་ཡོད། དེ་ནི་རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སློབ་སྦྱོང་ཡག་པོ་དང་གོ་བ་ཡག་པོ་ལེན་དགོས་པ་མ་ཟད། ད་དུང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།

        ཚང་འཛོམས་གྲོས་ཚོགས་ཐོག་འདས་ཟིན་པའི་ལོ་གཅིག་རིང་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་སྒྲིག་ཨུད་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བཅས་ཀྱི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་བྱས་པའི་ཐོག་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོར་བསྲུངས་ནས་བཀོད་པ་ལུང་དུ་འགྲོ་བ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བ་བྱས་པ་དང་། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་། ལྗོངས་ཏང་ཨུད་ཀྱི “བསྲུང་བྱ་དོན་ཚན་བཅུ ”དང “བླང་བྱ་དོན་ཚན་དགུ ”ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་སྤྱོད་ཚུལ་བསྒྱུར་ནས་ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་སྤྱོད་སྲོལ་རྒྱུན་མཐུད་ལེགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་བ། གྱོད་གཞི་ཞིབ་གཅོད་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། གྱོད་གཞི་ཞིབ་དཔྱོད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དེ་ལེགས་སུ་གཏོང་བ། སྒྲིག་འགལ་ཁྲིམས་འགལ་རིགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། མང་ཚོགས་ཀྱི་གམ་དུ་ལྷགས་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས་རུལ་སུངས་བ་འཕེལ་བ་དང་མཆེད་པའི་གནས་ཚུལ་བཀག་འགོག་ནན་པོ་བྱས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་སྲིད་གཙང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། སྐོར་གཡེང་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་དེ་ལེགས་སུ་གཏོང་བ། གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་རུལ་སུངས་ལ་ཆད་པ་གཅོད་པ་དང་སྔོན་འགོག་བྱེད་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་མ་ལག་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་ཅིག་བཙུགས་ནས་ལས་དོན་ཁག་ལ་ཕན་འབྲས་ མངོན་གསལ་གསལ་དོད་པོ་ཐོབ་པ་བྱས་ཏེ་ལྗོངས་ཡོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་སྤྱི་ཡོངས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

        ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་སྔར་བས་རིག་པ་དྭངས་གསལ་གྱིས་ངོས་འཛིན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་ནན་པོར་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དང་ལམ་ལུགས་ཀྱི་འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྲིད་དོན་གཙང་སྐྱོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་པ། ཏང་གི་སྒྲིག་ཁྲིམས་ཁག་དང་ལྷག་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་ནས་རྩ་འཛུགས་ཉམས་ཞན་དང་སྒྲིག་ཁྲིམས་ལྷོད་པའི་སྣང་ཚུལ་མཐའ་གཅིག་ཏུ་ཁྱད་བསད་བྱེད་དགོས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལྗོངས་ཏང་ཨུད་ཀྱི “སྲུང་བྱ་རྣམ་བཅུ ”དང “བླང་བྱ་ཁག་དགུ ”དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྒྲིག་ཁྲིམས་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས “སྤྱོད་ཚུལ་བཞི ”དང “གནད་དོན་གཉིས ”རྒྱུན་འཁྱོངས་ལྷོད་མེད་ངང་ཡོ་བསྲང་བྱེད་དགོས་པ། སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་རུལ་སུངས་བཅོས་སྒྲིག་ནན་པོ་བྱེད་པ་དང་རུལ་སུངས་སྔོན་འགོག་ནུས་ལྡན་བྱས་ནས་རུལ་སུངས་བྱེད་འདོད་མེད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་ཕོད་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་བྱས་པ་སྟེ།

        དང་པོ། སྒྱུར་བཅོས་གཏིང་ཟབ་ཏུ་ཧུར་ཐག་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དང་ལམ་ལུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་ཏན་ཏིག་ངང་འཁུར་བ་དང་རིམ་ཁག་སྒྲིག་ཨུད (སྒྲིག་བཤེར་ཚོགས་ཆུང )ཀྱིས་ལྟ་སྐུལ་གྱི་འགན་འཁྲི་འཁུར་དགོས་པ། ཏང་གི་རྩ་འཛུགས་དང་། དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར། སྲིད་ཁྲིམས་སོགས་སྡེ་ཚན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བླང་བྱ་དེ་རང་ངོས་ཀྱི་ལས་ཀའི་ཁྲོད་ཁྱབ་པར་བྱེད་པ་དང་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཏང་རྩ་འཛུགས་ཚང་མས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་འཁུར་དགོས་པ། རིམ་ཁག་ཏང་ཨུད (ཏང་ཙུའུ )དང་ལྷག་པར་དུ་འགོ་ཁྲིད་པ་གཙོ་བོས་ངེས་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་མི་བྱེད་པ་ནི་འགན་འཛོལ་ཚབས་ཆེན་ཤོར་བ་ཞིག་ཡིན་པའི་འདུ་ཤེས་བཙུགས་ནས་འགོ་ཁྲིད་པ་གཙོ་བོ་ནི་འགན་འཁྲི་བ་ཨང་དང་པོ་ཡིན་པས་ཚན་ཁག་གི་ཁོངས་མིས་འགན་ཁུར་བའི་ཁྱབ་ཁོངས་ནང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགོ་ཁྲིད་ཀྱི་འགན་འཁུར་དགོས་པ། འགན་འཁྲི་འདྲི་རྩད་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་འགན་འཁྲི་མགོ་མཇུག་སློག་ནས་ཞིབ་བཤེར་བྱེད་པའི་ལམ་སྲོལ་ལག་བསྟར་བྱེད་དགོས་པ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་དང་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རང་ལྗོངས་ཀྱི་ཞིབ་ཕྲའི་ལག་བསྟར་ཇུས་གཞི་བཟོ་བ་དང་གོང་རིམ་སྒྲིག་ཨུད་ཀྱིས་འོག་རིམ་སྒྲིག་ཨུད་ལ་འགོ་འཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། སྒྲིག་བཤེར་ལྟ་ཞིབ་ཀྱིས་མངགས་གཏོང་བྱས་པའི་ལས་ཁུངས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་སྐོར་ཞིབ་ལམ་ལུགས་ལེགས་སུ་གཏོང་དགོས་པ་དང་།

        གཉིས་པ། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་ཁྲིམས་ལ་བརྟེན་ནས་འགྱུར་མེད་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། ནོར་དཔལ་གྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་སྒྲིག་ཁྲིམས་ཁག་ལག་བསྟར་དང་སྲུང་སྐྱོང་ནན་པོ་བྱེད་པ་དང་ཏང་ཡོན་གྱིས་ངེས་པར་དུ་ཏང་གིས་སྒྲིག་ཁྲིམས་ལ་བརྟེན་ནས་ཚོད་འཛིན་བྱེད་པར་དང་ལེན་ཞུ་དགོས་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ། ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་བྱེད་ཐབས་དོན་ཚན་བཅུ་ལག་བསྟར་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འགན་འཛོལ་གྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་ཏང་གི་འདུ་ཤེས་དང་རྩ་འཛུགས་ཀྱི་འདུ་ཤེས་ཆེ་རུ་གཏོང་བའི་ཁར་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱས་ནས་ཏང་གི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ།

        གསུམ་པ། སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས “སྤྱོད་ཚུལ་བཞི ”དང “གནད་དོན་གཉིས ”རྒྱུན་འཁྱོངས་ལྷོད་མེད་ངང་ཡོ་བསྲང་བྱེད་དགོས་ཤིང་། གཞི་རྟེན་གཉིས་ཡག་པོ་སྤྱད་དེ་ཁག་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གོ་སྐབས་སུ་བྱས་ནས “སྤྱོད་ཚུལ་བཞི ”དང “གནད་དོན་གཉིས ”རྒྱུན་འཁྱོངས་ལྷོད་མེད་ངང་ཡོ་བསྲང་བྱེད་དགོས་པ་དང་། རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་གཞི་རིམ་རྩ་འཛུགས་ཀྱི་ཞན་ཆའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། མང་ཚོགས་ཚོའི་འཁྲིས་ཀྱི་རུལ་སུངས་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པ། 《ཏང་སྲིད་ལས་ཁུངས་ཀྱིས་བསྲི་ཚགས་ནན་ཏན་བྱས་ནས་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་སྲོལ་ཡིག 》དང་དེ་བཞིན་རང་ལྗོངས་ཀྱི་ལག་བསྟར་ཞིབ་སྲོལ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་གཞུང་དངུལ་སྤྱད་དེ་གསོལ་སྟོན་བཤམས་ནས་ཕན་ཚུན་མགྲོན་པོར་འབོད་པ་དང་། དུས་ཆེན་གྱི་ཕྱགས་རྟགས་སྤྲོད་རེས་བྱེད་པ། སྒྲིག་འགལ་འཛད་སྤྱོད་བྱེད་པ་བཅས་གཏན་འགོག་བྱེད་དགོས་པ། འགོ་ཁྲིད་ལས་བྱེད་པ་སྒེར་གྱི་འདུ་གནས་སུ་བསྐྱོད་དེ་བྱེད་སྒོ་སྤེལ་བ་དང་རྣམ་པ་བསྒྱུར་ནས་གཞུང་དངུལ་བཏང་སྟེ་ཡུལ་སྐོར་བྱེད་པ་བཅས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ། དངུལ་དང་རྒྱུ་ནོར་བསྡུ་ལེན་བྱེད་པ་དང་། རྒྱན་འགྱེད་ནང་ཞུགས་པ། གཞུང་འཁོར་སྒེར་སྤྱོད་བྱེད་པ། འབུལ་རྟེན་དངུལ་ལེན་པ་བཅས་རྒྱས་སྤྲོས་རྒྱས་གཤོམ་བྱེད་པའི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས་པ། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་མིང་དངོས་བཀོད་ནས་མཚང་འདོན་བརྡ་ཁྱབ་གཏོང་དགོས་པ།

        བཞི་པ། སྟག་སྦྲང་མཉམ་རྡུང་བྱེད་པ་དང་རྒྱ་ཡན་དུ་རྩ་བ་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་གཅོད་ནན་པོ་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད་ཀྱིས་རུལ་སུངས་མཆེད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རིམ་ཁག་སྒྲིག་ཨུད་ཀྱིས་གྱོད་གཞི་ཐག་གཅོད་མ་བྱས་ཚེ་འགན་འཛོལ་ཤོར་བ་དང་གྱོད་གཞི་ཡོད་རུང་ཞིབ་དཔྱོད་མ་བྱས་ཚེ་འགན་འཛོལ་ཤོར་བའི་འདུ་ཤེས་འཛུགས་པ་དང་གྱོད་གཞི་ཡོད་ཚེ་ངེས་པར་དུ་ཞིབ་དཔྱོད་བྱེད་པ་དང་རུལ་སུངས་ཡོད་ཚེ་ངེས་པར་དུ་ཆད་པ་གཅོད་རྒྱུ་མཐའ་འཁྱོངས་ཀྱིས་འགོ་ཁྲིད་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་ལ་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་ནན་པོ་ཡང་བྱེད་དགོས་པ་དང་ལྷག་པར་དུ་གནས་ཚུལ་ཚབས་ལྕི་བ་དང་། ངོ་བོ་ཐ་ཤལ། ཤུགས་རྐྱེན་ཆེ་ཙམ་ཡོད་པ་བཅས་ཀྱི་གྱོད་གཞི་ཁག་གཅིག་སྟོབས་ཤུགས་གཅིག་སྡུད་ཀྱིས་ཐག་གཅོད་བྱས་ཏེ་རུལ་སུངས་བ་ནུས་ལྡན་ངང་ཟིལ་གྱིས་གནོན་དགོས་ལ་རྒྱ་ཆེའི་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་ཀྱང་ཆེ་རུ་གཏོང་དགོས།

        ཏང་ཁྲིམས་དང་སྲིད་སྐྱོང་སྒྲིག་ཁྲིམས་ལས་འགལ་བ་དང་ཁྲིམས་འགལ་དང་འབྲེལ་བ་ཡོད་པའི་ཏང་ཡོན་ལས་བྱེད་པའི་བྱེད་སྤྱོད་ལ་ཞིབ་དཔྱད་དང་ཐག་གཅོད་ནན་པོ་བྱས་ཏེ་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་རྗེས་སུ་འབྲངས་ནས་མེས་རྒྱལ་ཁ་ཕྲལ་དང་བོད་ཀྱི་བརྟན་ལྷིང་གཏོར་བཤིག་གཏོང་བའི་ཆབ་སྲིད་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་ལ་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད་ཐོན་པའི་ལྐོག་ཟ་ལྐོག་རྔན་སྤྲོད་ལེན་དང་། དཔོན་གནས་ཉོ་འཚོང་། ཉེར་ཕྱོགས་ཁྲིམས་འགལ། ཁོག་རུལ་ངན་འགྱུར། འགན་ཤོར་ལས་འཛོལ་བཅས་ཀྱི་རུལ་སུངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། སྔ་ཙམ་དམ་འཛིན་དང་ཆུང་ས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་ལས་བྱེད་པའི་ལུས་ཐོག་གི་ཐོན་བཟོའི་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་དྲན་སྐུལ། སྔ་ཙམ་ཡོ་བསྲང་། སྔ་ཙམ་ཞིབ་བཤེར་ཐག་གཅོད་བཅས་བྱེད་དགོས་པ།

        ལྔ་པ། ལས་ཀའི་འཆར་འགོད་དོན་འཁྱོལ་བྱས་ཏེ་ཚན་རིག་དང་མཐུན་ལ་ནུས་ལྡན་ངང་རུལ་སུངས་འགོག་བཅོས་བྱེད་དགོས་ཤིང་། 《རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་2013ལོ་ནས་2017ལོ་བར་གྱི་ལས་ཀའི་འཆར་འགོད 》ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བྱ་ཐབས་བཟོ་བ་དང་ཕུགས་བསམ་དད་སེམས་དང་དམིགས་ཡུལ་གྱི་སློབ་གསོ་དང་ཏང་སྲོལ་ཏང་ཁྲིམས་དང་སྤྱོད་གཙང་རང་འདོམས་ཀྱི་སློབ་གསོ་གཏིང་ཟབ་གཏོང་དགོས། ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། 《ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་རྩད་གཅོད་བྱེད་རྒྱུའི་སྐོར་གྱི་གནས་སྐབས་གཏན་འབེབས 》དང་རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལག་བསྟར་ནན་པོ་བྱེད་པ་བཅས་བྱེད་དགོས། དབང་ཆ་སྤྱོད་རྒྱུ་ཚད་ལྡན་བཟོ་བ་དང་། དབང་ཚད་ཁ་གསལ་ལམ་ལུགས་ཁྱབ་གདལ་གཏོང་བ། དབང་ཆ་བེད་སྤྱོད་ཀྱི་གོ་རིམ་ཁྲིམས་ལྟར་ཡོངས་བསྒྲགས་བྱེད་པ་བཅས་བྱས་ཏེ་དབང་ཆ་ཀུན་གསལ་ངང་སྤྱོད་ཐུབ་པ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་རང་ཉིད་ཀྱི་འབྲེལ་ཡོད་དོན་དག་དང་གནས་ཚུལ་སྙན་སེང་ཞུས་པར་དམིགས་སའི་རང་བཞིན་གྱི་སྒོ་ནས་ཟུར་འཐེན་ཞིབ་བཤེར་དང་ཞིབ་དཔྱད་བྱེད་དགོས་པ།

        དྲུག་པ། “འགྱུར་ལྡོག་གསུམ ”གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱི་འགན་ནུས་སྒྲུབ་ནུས་ཆེར་གཏོང་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་འགན་ནུས་ལ་འགྱུར་ལྡོག་གཏོང་བ་དང་། བྱེད་ཐབས་ལ་འགྱུར་ལྡོག་གཏོང་བ། སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ། འགན་འཁྲི་གཏན་འཁེལ་ཁ་གསལ་བཟོ་བ། དོ་དམ་བྱེད་མི་འོས་པའི་ལས་དོན་གཙོ་འགན་སྡེ་ཚན་ལ་རྩིས་སྤྲོད་པ་བཅས་བྱས་ཏེ་དབང་ཚད་ལས་མི་འགལ་བ་དང་། དབང་གནས་སྟོང་པར་མི་ལུས་པ། དབང་གནས་མི་འཛོལ་བ་བཅས་བྱེད་ཐུབ་པ་བྱེད་པ་དང་། བསམ་བློའི་འདུ་ཤེས་གསར་གཏོད་དང་བྱེད་སྟངས་དང་བྱེད་ཐབས་ལེགས་སུ་བཏང་སྟེ་ཁྲིམས་ལག་བསྟར་ཡག་པོ་དང་། འགན་འཁྲི་རྩད་གཅོད་ཡག་པོ། འགག་སྒོ་ཡག་པོ་སྲུང་བ་བཅས་བྱེད་ཐུབ་པ་བྱེད་པ། གཞན་སྐྱོན་མ་བརྗོད་སྔོན་ལ་རང་སྐྱོན་ཞིབ། སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པས་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སུ་བཏང་ནས་སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། རྩ་འཛུགས་ཀྱི་ལམ་ལུགས་གསར་གཏོད་དང་རང་གིས་རང་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་རྩ་འཛུགས་དང་། མི་དམངས་མང་ཚོགས། གསར་འགྱུར་གླེང་ཕྱོགས་བཅས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་དགོས། རྒྱ་ཆེའི་སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པར་དམ་པ་དོན་གཉེར་དང་། དངོས་འཛིན་དངོས་སྒྲུབ། གཞུང་དྲང་ཚུགས་ལྡན། ཁྲིམས་འཛིན་སྒྲིག་ཁྲིམས་ནན་པོ་སྲུང་བ་བཅས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས་པའི་བླང་བྱ་འདོན་དགོས་པ་བཅས་རེད།

        ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཀྲུང་དབྱང་སྒྲིག་ཨུད་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་གཏོང་། སྒྱུར་བཅོས་གསར་གཏོད། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ནས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་། ཡུན་རིང་བདེ་འཁོད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།