བོད་ཀྱི་རེས་སྐོར་གསར་པའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པའི་སྐུལ་སློང་བཀའ་རྒྱ།
བོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་གིས།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་རྒྱལ་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཞུམ་མེད་ཀྱིས་སྐྱོད་པ་བཅས་ཀྱི་དུས་བབ་གསར་པའི་འོག་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བའི 《〈སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པའི་གནད་དོན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 〉ལག་ལེན་བསྟར་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར 》(གཤམ་དུ 《བསམ་འཆར 》ཞེས་མིང་བསྡུས་ནས་བརྗོད་རྒྱུ )དང་། ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་གནང་བའི་གསུང་བཤད་གལ་ཆེན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་རེས་སྐོར་གསར་པའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པའི་སྐུལ་སློང་བཀའ་རྒྱ་བཏང་བ་བཅས་བརྒྱུད་རིམ་ལྡན་ལ་ཆ་ཚང་བ་དང་། ཚན་རིག་དང་མཐུན་ལ་དོན་དངོས་དང་མཐུན་པ། ཁྱད་ཆོས་མངོན་གསལ་དོད་ལ་བཀྲག་མདངས་འཚེར་ས་མང་པོ་ཞིག་ཀྱང་ཡོད། དེས་ན་ང་ཚོས་ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་མ་ཟད། ད་དུང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།
མཛུབ་ཁྲིད་བསམ་བློ་མངོན་གསལ་ཤིན་ཏུ་དོད་པ།
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི 《བསམ་འཆར 》ནང་བོད་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པའི་མཛུབ་ཁྲིད་དགོངས་པ་བཏོན་ཡོད་པ་དེ་ཀྲུང་དབྱང་གི་དགོངས་དོན་དང་མཐུན་ལ་བོད་ཀྱི་དོན་དངོས་དང་ཡང་མཐུན་ཡོད། དེར་ཕྱོགས་བཅུའི་ཐད་ཀྱི་ནང་དོན་ལྡན་ཡོད།
——“དར་ཆ་གཅིག་མཐོན་པོར་སྒྲེང་དགོས་པ ”སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་དགོས་པ་དེ་རེད། དེས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་དར་ཆ་གང་ཞིག་སྒྲེང་དགོས་པ་དང་ལམ་བུ་གང་ཞིག་ཐོག་སྐྱོད་དགོས་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་ཡོད།
——“མཛུབ་ཁྲིད་གཅིག་མཐའ་འཁྱོངས་བྱེད་དགོས་པ ”སྟེ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཆེ་རུ་བཏང་ཡོད།
——“དོན་འཁྱོལ་བཞི་དམ་འཛིན་ཡག་པོ་བྱེད་དགོས་པ ”སྟེ། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་ཁྲིད་གལ་ཆེན་གྱི་དགོངས་པ་དང་ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”འཐབ་ཇུས་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་ལྟར་བོད་སྐྱོང་དགོས་པ་དང་ཡུན་རིང་བོད་འཛུགས་སྐྲུན་བྱེད་དགོས་པའི ”མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་བཅས་རེད།
——“དམིགས་དགོས་པ་གཅིག་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ ”སྟེ། ཏང་ཀྲུང་དབྱང་གིས་གསལ་བཏོན་གནང་བའི “ལྟེ་བ་གཅིག ”དང “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་དགོས་པ་དེ་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་རྩ་འཛིན་ཡིན།
——“ལམ་གཅིག་ཏུ་ཡག་པོ་སྐྱོད་དགོས་པ ”སྟེ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དེ་རེད།
ལམ་བུ་དེས་བོད་ཀྱི་སྣེ་ཁྲིད་དེ་མདུན་སྐྱོད་ཀྱི་སྤྱིའི་བླང་བྱ་ཁ་གསལ་བཏོན་པ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་དང་ཐབས་ཤེས་ཁ་གསལ་བཏོན་ཡོད།
——“ཁ་ཕྱོགས་གཅིག་སྟངས་འཛིན་བྱེད་དགོས་པ ”སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་སྒོ་སྡོམ་མཁྲེགས་བཟུང་གི་ལམ་རྙིང་པར་གཏན་ནས་མི་འགྲོ་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་མི་འགྲོ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་བྱ་རྒྱུ་དེ་ཆབ་སྲིད་སྒྲིག་སྲོལ་དང་། རིག་གནས་སྒྲིག་སྲོལ། སྤྱི་ཚོགས་སྒྲིག་སྲོལ། སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ། དེ་བཞིན་ཕྱོགས་གང་ཅིའི་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཁྲོད་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་པ་ཞིག་ཡིན།
—— “དོན་ལ་བབས་ས་གཅིག་དམ་འཛིན་བྱེད་དགོས་པ ”སྟེ། སྤྱི་ཚོགས་དྲང་གཞག་དང་དྲང་བདེན་ལ་སྐུལ་འདེད་དང་མི་དམངས་ཀྱི་བདེ་རྩ་མཐོ་རུ་གཏོང་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་དེ་རེད། དེས་དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཀྱི་ཐོག་ནས་འཕེལ་རྒྱས་ཀྱི་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་རྒྱུའི་འདུ་ཤེས་མངོན་གྱི་ཡོད།
—— “བཅིངས་འགྲོལ་གསུམ་མངོན་གསལ་ཡོང་བ་བྱེད་དགོས་པ ”སྟེ། བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཆེ་རུ་གཏོང་བ་བཅས་ཡིན་ཞིང་། བསམ་བློར་བརྟེན་ནས་སྒྱུར་བཅོས་ལ་སྣེ་ཁྲིད་དང་གསར་གཏོད་ལ་བརྟེན་ནས་གསོན་ཤུགས་འཕེལ་ཐབས་བྱེད་དགོས།
—— “སེལ་རྒྱུ་གཅིག་མངོན་འགྱུར་བྱེད་དགོས་པ ”སྟེ། ཕྱོགས་གང་ཅིའི་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་སེལ་དགོས་ཤིང་། འགན་འཁྲིའི་བསམ་པ་ཤུགས་ཆེན་དང་ཆོད་སེམས་དེ་བས་ཆེ་བར་བརྟེན་ནས་བསམ་བློའི་འདུ་ཤེས་ཀྱི་བཀག་རྒྱ་དང་ཁེ་ཕན་མཁྲེགས་བཟུང་གི་བཀག་རྒྱ་སེལ་ནས་མདུན་སྐྱོད་ལམ་བུའི་ཐོག་གི་གནད་དོན་ཐག་གཅོད་དང་འགྲན་སློང་ལ་ཁ་གཏད་གཅོག་དགོས།
—— “རྣམ་པ་གཅིག་གཏོད་དགོས་པ ”སྟེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། རིག་གནས་དར་རྒྱས། སྣོད་བཅུད་ཤེས་དཔལ། ཏང་འཛུགས་སྐྱོང་བཅས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་དེ་རེད།
གཞི་རྩའི་རྩ་དོན་ཧ་ཅང་ཁ་གསལ་བ།
《བསམ་འཆར 》ནང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བརྗོད་བྱ་གཙོ་བོ་འབུར་དུ་ཐོན་ཡོད་ལ “ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་བཞིའི ”གཞི་རྩའི་རྩ་དོན་ཡང་བཏོན་ཡོད། “མཐའ་འཁྱོངས་བྱེད་དགོས་པ་བཞི ”ཡིས་སྒྱུར་བཅོས་ཀྱི་ངོ་བོ་དང་ཁ་ཕྱོགས་དང་། འགྲོ་ལམ་དང་ཐབས་ལམ། སྒྱུར་བཅོས་ཀྱི་གཙོ་གཟུགས་དང་རིན་ཐང་གི་ལྟ་བ་འཛིན་ཕྱོགས་བཅས་དང་དེ་བཞིན་ཚན་རིག་དང་མཐུན་པའི་བྱེད་ཐབས་རྒྱས་བཤད་བྱས་པ་དེ་ནི་ལྗོངས་ཡོངས་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་གཞི་རྩའི་བསྟུན་ས་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས།
—— ཏང་གི་འགོ་ཁྲིད་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱ་བཅས་ལག་བསྟར་བྱས་ནས་སྒྱུར་བཅོས་ཀྱི་ཡང་དག་པའི་ཁ་ཕྱོགས་སྔ་ཕྱི་བར་གསུམ་དུ་འགན་ལེན་བྱེད་དགོས།
—— བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས། དམ་པ་དོན་གཉེར་བཅས་ངེས་པར་དུ་མཐའ་འཁྱོངས་བྱེད་པ་དང་ཐམས་ཅད་དོན་དངོས་ལ་གཞིགས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་ཕོད་པ་བྱེད་དགོས།
—— ངེས་པར་དུ་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་གཙོ་གཟུགས་གནས་བབ་ལ་བརྩི་འཇོག་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་འདོན་སྤེལ་བཅས་བྱས་ཏེ་མི་དམངས་ལ་དམ་པོར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས།
—— གཅིག་འདོམས་འཆར་འགོད་ལ་སྐུལ་འདེད་གཏོང་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་པ་དང་བློ་ཁོག་ཆེན་པོ་དང་གོམ་པ་བརྟན་སྤོས་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་བྱ་རྒྱུ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པའི་འབྲེལ་བ་དང་། སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་དང་གཙོ་གནད་འགག་སྒྲོལ་གྱི་འབྲེལ་བ། བརྟན་པོ་གཟབ་ནན་དང་བློ་ཁོག་ཆེན་པོས་གསར་གཏོད་བྱེད་པའི་འབྲེལ་བ། མིག་སྔར་གཞི་ཚུགས་པ་དང་རྒྱང་རིང་ལ་དམིགས་པའི་འབྲེལ་བ་བཅས་ཐག་གཅོད་ཡང་དག་བྱས་ཏེ་སྒྱུར་བཅོས་ཐབས་ཇུས་ཀྱི་ཚན་རིག་རང་བཞིན་མཐོ་རུ་བཏང་ནས་སྒྱུར་བཅོས་ཀྱི་མཉམ་ཤུགས་ཆགས་པ་བྱེད་དགོས།
དམིགས་ཚད་དང་ལས་འགན་ཧ་ཅང་ཁ་གསལ་བ།
དམིགས་ཚད་ཁ་གསལ་ཡོད་ཚེ་གཞི་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་གཏན་འཁེལ་བྱེད་ཐུབ། 《བསམ་འཆར 》ནང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་སྐྱོང་བའི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་མཐའ་མཚམས་སྐྱོང་བ་དང་བོད་དར་རྒྱས་དང་བརྟན་ལྷིང་ཡོང་བ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན། སྤྱིའི་དམིགས་ཚད་དེས་སྒྱུར་བཅོས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་ངོ་བོ་དང་རྩ་བའི་ལས་འགན་གསལ་སྟོན་གཏིང་ཟབ་བྱས་པ་མ་ཟད། ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་པའི་ཐོག་མི་རིགས་ཁག་གི་མང་ཚོགས་ཚོའི་རེ་སྒུག་དང་དོ་ཁུར་ལ་ལན་བཏབ་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལྗོངས་ཡོངས་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཞིར་བཟུང 《བསམ་འཆར 》ནང་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་གཏན་འཁེལ་རང་བཞིན་གྱི་ནུས་པར་དམ་པོར་དམིགས་ནས་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་པ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ཀྱི་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་བཅས་ནུས་ལྡན་གཅིག་གྱུར་ལ་དམ་པོར་དམིགས་ནས་ཆབ་སྲིད་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་སྐྲུན་རྒྱུར་དམ་པོར་དམིགས་ནས་རིག་གནས་སྒྲིག་གཞིའི་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་པ། དམངས་འཚོ་དེ་བས་ལེགས་པའི་སྒོ་ནས་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དང་སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་སྤྱི་ཚོགས་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་རྒྱུར་དམ་པོར་དམིགས་ནས་སྣོད་བཅུད་ཤེས་དཔལ་གྱི་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམ་པོར་དམིགས་ནས་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་པ་བཅས་བཏོན་ཡོད། “དམ་པོར་དམིགས་དགོས་པ་དྲུག ”ནི་ལྗོངས་ཡོངས་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་བསམ་ཕྱོགས་དང་ལམ་ཐིག་རི་མོ་ཡིན་པ་དང་སྒྱུར་བཅོས་ཀྱི་ཁ་ཕྱོགས་ཆེན་པོ་གཏན་འཁེལ་བྱས་ཡོད། སྤྱིའི་བསམ་ཕྱོགས་དང་ལམ་ཐིག་རི་མོ་དེ་ལྟ་བུ་གཏན་འཁེལ་བྱས་པས་ཕྱོགས་གཅིག་ནས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་གཏོང་རྒྱུའི་ནང་དོན་གཙོ་བོ་ཁ་གསལ་བྱུང་བའི་ཐོག་སྒྱུར་བཅོས་ཀྱི་ཁྱོན་ཡོངས་རང་བཞིན་མངོན་པ་དང་། གཅིག་ཤོས་ནས་སྒྱུར་བཅོས་ཀྱི་གཙོ་གནད་དང་ནང་དོན་གཙོ་བོ་ཁ་གསལ་བྱུང་སྟེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཇུས་གཞི་ཕུལ་བྱུང་དང་། སྔོན་སྐྱོད་གོ་རིམ། གཙོ་གནད་ཁྱབ་ཁོངས། འགག་རྩའི་ལྷུ་ཚིགས་བཅས་ཁ་གསལ་ཡོང་བ་བྱས་ཏེ་ངལ་རྩོལ་དང་། ཤེས་བྱ། ལག་རྩལ། དོ་དམ། མ་རྩ་བཅས་ཀྱི་གསོན་ཤུགས་མཉམ་འཕེལ་དང་། སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་གཏོད་ཀྱི་འབྱུང་ཁུངས་མཉམ་འགུལ། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་གཞུང་དྲང་གི་སྒོ་ནས་མི་དམངས་ཡོངས་ལ་ཁྱབ་པ་བྱས་ཡོད།
དཔལ་འབྱོར་སྒྱུར་བཅོས་ཀྱི་གཙོ་གནད་མངོན་གསལ་དོད་པ།
སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ནི་རྒྱ་ཆེ་ལ་རྙོག་འཛིང་ཆེ་བའི་ཞིབ་ཕྲའི་འདུ་འགོད་ཅིག་ཡིན་ལ། རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན། 《བསམ་འཆར 》ནང་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གཙོ་གནད་ཡིན་པས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་གཏན་འཁེལ་རང་བཞིན་ནུས་པར་དམ་པོར་དམིགས་ཏེ་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་ཞེས་བཏོན་ཡོད། 《བསམ་འཆར 》གྱི་རྩོམ་ཡིག་ཧྲིལ་པོ་ཁག་12ལ་ཕྱེ་བ་དང་། ཡིག་འབྲུ་24000 ནང་དོན་དོན་ཚན་66བཅས་ཡོད་པའི་ནང་ཁག་5དང་། ཡིག་འབྲུ་9000 དོན་ཚན་24བཅས་ཀྱི་ཐོག་ནས་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལས་འགན་བཀོད་སྒྲིག་བྱས་པ་དང་ཁག་སོ་སོས་42%དང་། 38% 36%བཅས་བཟུང་ཡོད། དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གཙོ་གནད་དུ་བརྩི་དོན་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསལ་བཤད་གལ་ཆེན་དང་། གསུང་བཤད་གལ་ཆེན། ཀྲུང་དབྱང་གི 《གཏན་འབེབས 》ཀྱི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། ལྗོངས་ཕྱི་ནང་གི་དུས་བབ་སྟངས་འཛིན་ནན་པོ་བྱེད་པ། “དྲུག་ལྡན་བོད་ལྗོངས ”ལ་གཅིག་འདོམས་ཐོག་བསམ་བློ་གཏོང་བ་བཅས་ཀྱི་རྨང་གཞིའི་ཐོག་གཏན་འཁེལ་བྱས་པའི་ཚན་རིག་དང་མཐུན་པའི་བརྡར་ཤ་དང་ཐབས་ཇུས་གལ་ཆེན་ཞིག་ཡིན། འཕེལ་རྒྱས་ནི་གནས་ལུགས་ཉག་ཅིག་ཡིན་པ་དང་བོད་ཀྱི་གནད་དོན་ཡོད་དོ་ཅོག་ཐག་གཅོད་བྱེད་པའི་འགག་རྩའི་ཆོད་གཏམ་གལ་ཆེན་དེ་མཐའ་འཁྱོངས་བྱས་ཡོད། རྩ་བའི་དམིགས་ཡུལ་ནི་དཔལ་འབྱོར་གྱི་སྒྲིག་གཞི་སྒྱུར་བཅོས་སྔོན་ཁྲིད་དུ་བྱེད་པ་དང་དེའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ལྗོངས་ཡོངས་ཀྱི་རེས་སྐོར་གསར་པའི་སྒྱུར་བཅོས་ཟབ་ཏུ་གཏོང་ཆེད་ཆ་རྐྱེན་སྐྲུན་རྒྱུ་དང་སྒུལ་ཤུགས་མཁོ་འདོན་བྱ་རྒྱུ་དེ་ཡིན། 《བསམ་འཆར 》ནང་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བར་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་གཏན་འཁེལ་རང་བཞིན་གྱི་ནུས་པར་དམ་པོར་དམིགས་དགོས་པའི་ནན་བཤད་བྱས་པ་མ་ཟད། དེ་དང་ཆ་འགྲིག་པའི་གཙོ་གནད་སྒྱུར་བཅོས་ཆེན་པོ་ལྔ་ཡང་ནན་བཤད་བྱས་ཡོད།
—— གཙོ་གནད་དང་པོ། གཞི་རྩ་གཅིག་སྲ་བརྟན་དུ་གཏོང་བ། 《བསམ་འཆར 》ནང “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས ”མཐའ་འཁྱོངས་བྱེད་དགོས་པ་སྟེ། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མྱུར་པོ་འགྲོ་བར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་སྐུལ་མ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས་པ་དེ་ཡིན་པའི་ནན་བཤད་བྱས་པ་དང་བྱེད་ཐབས་ཁག་བཞི་བཏོན་པ་སྟེ། ཐོན་དབང་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མཉམ་བསྲེས་ཀྱི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་གཏོང་བ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་རེད། བྱེད་ཐབས་དེ་དག་ཐོག་ནས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གལ་ཆེ་མཉམ་འཛིན་ཡིན་པ་དང་རང་སོ་སོར་ལེགས་ཆ་ལྡན་པ་དང་གཙོ་ཕལ་གྱི་ཁྱད་པར་མེད་པ་གསལ་བཤད་གང་ལེགས་ཐུབ་ཡོད་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཁག་ལ་དེ་བས་དྲང་སྙོམས་ཀྱི་ལྟ་སྟངས་འཛིན་པ་དང་ངོས་འཛིན་པའི་བསམ་བློ་མཚོན་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་འཛིན་པའི་འགལ་རྐྱེན་མཐའ་དག་མེད་པ་བཟོ་དགོས།
—— གཙོ་གནད་གཉིས་པ། མ་ལག་གཅིག་འཐུས་ཚང་དུ་གཏོང་བ། 《བསམ་འཆར 》ནང་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཐོན་ཁུངས་བཀོད་སྒྲིག་གི་ནུས་ཕྱོད་དྲང་སྙོམས་རང་བཞིན་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་དེང་རབས་ཁྲོམ་རའི་མ་ལག་རིམ་བཞིན་འཛུགས་དགོས་པའི་ནན་བཤད་བྱས་པ་དང་བྱེད་ཐབས་ཁག་དྲུག་བཏོན་པ་སྟེ། དྲང་སྙོམས་དང་། སྒོ་དབྱེ། ཁ་གསལ་གཏིང་གསལ་བཅས་ཀྱི་ཁྲོམ་རའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིན་གོང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཚོང་དོན་འཁོར་རྒྱུག་སྒྲིག་སྲོལ་སྒྱུར་བཅོས་མགྱོགས་སུ་གཏོང་བ། དངུལ་རྩའི་ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་བ། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆའི་ཁྲོམ་ར་འཛུགས་པ་བཅས་ཡིན་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་ཆོད་སེམས་མཚོན་ནས་ཁྲོམ་རའི་ནུས་པ་དེ་བས་མངོན་གསལ་དོད་པ་དང་དཔལ་འབྱོར་གྱི་གསོན་ཤུགས་དེ་བས་ལེགས་པའི་ངང་འཕེལ་བ་བྱེད་དགོས།
—— གཙོ་གནད་གསུམ་པ། འགྱུར་ལྡོག་གཅིག་ལ་སྐུལ་འདེད་གཏོང་བ། 《བསམ་འཆར 》ནང་སྲིད་གཞུང་གི་འགན་ནུས་སྒྱུར་རྒྱུ་གཙོ་གནད་དུ་བྱས་ཏེ་སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པའི་ནན་བཤད་བྱས་པ་དང་བཏོན་པའི་བྱེད་ཐབས་གཙོ་བོའི་ནང་སྲིད་གཞུང་གི་འགན་ནུས་ཏན་ཏིག་ངང་སྒྱུར་བ་དང་། སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། བྱ་གཞག་ཚན་པའི་རིགས་དབྱེའི་སྒྱུར་བཅོས་མགྱོགས་སུ་གཏོང་བ། མ་འཇོག་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ནོར་སྲིད་ཀྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་བཅས་ཚུད་ཡོད། སྲིད་འཛིན་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་དོན་ནི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་དང་སྲིད་གཞུང་གི་འགན་ནུས་སྒྱུར་བར་སྐུལ་འདེད་བཏང་སྟེ་སྲིད་གཞུང་གི་འགན་ནུས་དབྱེ་མཚམས་གསལ་པོ་ཕྱེ་བ་དང་དོ་དམ་བྱེད་དགོས་རིགས་དོ་དམ་ཡག་པོ་དང་གནད་ལ་འཁེལ་བ་བྱས་ཐོག་གནས་ཚད་ལས་བརྒལ་རིགས་རང་གནས་སུ་འཇོག་པ་དང་། ལས་གནས་སྟོང་པར་ལུས་རིགས་ཁ་གསབ་བྱེད་དགོས་པ། གནས་འཛོལ་རིགས་ཡོ་བསྲང་བྱེད་དགོས་པ་བཅས་རེད།
—— གཙོ་གནད་བཞི་པ། ལམ་སྲོལ་གཅིག་འཐུས་ཚང་དུ་གཏོང་བ། 《བསམ་འཆར 》ནང་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་གཙོ་གནད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གཞི་གཅིག་ཅན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་མ་ལག་གསར་པ་མགྱོགས་མྱུར་བཙུགས་ནས་ཞིང་འབྲོག་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བ་དང་། ཞིང་འབྲོག་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་མཐུན་སྦྱོར་སྐུལ་འདེད་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་དང་དེའི་རྒྱུ་མཚན་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་གྲུབ་ཆ་ནི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གྲུབ་ཆའི་གནད་དོན་ཆེ་ཤོས་དང་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གཞི་གཅིག་ཅན་ལ་ཚོད་འཛིན་བྱེད་པའི་འགལ་རྐྱེན་གཙོ་བོ་ཡིན་ཞིང་། ལྗོངས་ཡོངས་ཀྱི་ཞིང་ལས་ཀྱི་རྨང་གཞི་སྔར་བཞིན་ཞན་པ་དང་གྲོང་ཁྱེར་དང་གྲོང་གསེབ་དབར་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་དང་། ཡུལ་མིའི་ཡོང་འབབ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུའི་ཆུ་ཚད་སོགས་ཐད་ད་དུང་ཧེ་བག་མངོན་གསལ་དོད་པོ་ཡོད་པས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པར་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་དེ་ཞིང་འབྲོག་ཁུལ་དུ་ཡོད། བྱེད་ཐབས་དེ་དག་གིས་བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྐུལ་ཁྲིད་བྱེད་པ། བཟོ་ཞིང་གཉིས་ཕན། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་བཅས་ཀྱི་བཟོ་ཞིང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་གསར་པ་མགྱོགས་མྱུར་འཛུགས་རྒྱུར་ཕན་ཐོགས་ཡོད་པ་དང་རྒྱ་ཆེའི་ཞིང་པས་དེང་རབས་ཅན་གྱི་འཕེལ་རིམ་ནང་འདྲ་མཉམ་ངང་ཞུགས་པ་དང་དེང་རབས་ཅན་གྱི་འབྲས་བུ་མཉམ་རོལ་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད།
—— གཙོ་གནད་ལྔ་པ། གྲུབ་སྟངས་གཅིག་སྐྲུན་པ། 《བསམ་འཆར 》ནང་ནང་ངོས་དང་ཕྱི་ཕྱོགས་ལ་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་སྒོ་དབྱེ་རྣམ་པའི་དཔལ་འབྱོར་མ་ལག་འཛུགས་པ་དང་། ལྗོངས་ཕྱི་ནང་གི་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ། ཐོན་ལས་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ཀྱི་སྒོ་དབྱེ་རྒྱ་ཆེར་གཏོང་བ། བོད་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་དང་དེའི་རྒྱུ་མཚན་ནི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་ཤུགས་རྐྱེན་ཆེ་བ་དང་། འཛམ་གླིང་གི་གྲུབ་སྟངས་ལེགས་སྒྲིག་ཟབ་མོ་བྱེད་པ། འཛམ་གླིང་དང་། རྒྱལ་ཁབ། རང་སྐྱོང་ལྗོངས་བཅས་ཀྱི་གནས་ཚུལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པས་ང་ཚོར་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་མཐོ་རུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་མ་དངུལ་དང་། ཤེས་ལྡན་པ། ལག་རྩལ། ཁྲོམ་ར། དོ་དམ་ཉམས་མྱོང་བཅས་ནང་འདྲེན་བྱས་ཏེ་ནང་ངོས་དང་ཕྱི་ཕྱོགས་ཀྱི་སྒོ་དབྱེ་དབར་ཕན་ཚུན་སྐུལ་འདེད་དང་ཚུར་གདན་འདྲེན་པ་དང་ཕྱིར་བསྐྱོད་རྒྱུ་ཟུང་འབྲེལ་དེ་བས་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ལྗོངས་ཕྱི་ནང་གི་ཆ་རྐྱེན་གོ་རིམ་ལྡན་པ་དང་རང་མོས་ངང་འཁོར་རྒྱུག་དང་། ཐོན་ཁུངས་ནུས་ཆེའི་བཀོད་སྒྲིག ཁྲོམ་ར་མཉམ་བསྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་བཏང་ཐོག་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
ཆབ་སྲིད་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས།
《བསམ་འཆར 》ནང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ཀྱི་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་དམིགས་ཏེ་དམངས་གཙོ་ཁྲིམས་སྐྱོང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ཏང་གི་འགོ་ཁྲིད་ནི་མི་དམངས་རང་ཐག་རང་གཅོད་དང་ཁྲིམས་ལྟར་རྒྱལ་སྐྱོང་གི་རྩ་བའི་འགན་ལེན་ཞིག་ཡིན་པ་དང་། མི་དམངས་ཀྱི་རང་ཐག་རང་གཅོད་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་ངོ་བ་དང་སྲོག་ཤིང་ཡིན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་མཛད་དེ་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་ཡིན། དེ་གསུམ་ནི་འབྲེལ་བ་དམ་ཟབ་ཡོད་པའི་ཚོགས་སྤྱི་ཞིག་ཡིན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལག་ལེན་ལས་གཅིག་འདོམས་བྱེད་ཀྱི་ཡོད་པས་དུས་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་གཡོ་འགུལ་གཏོང་མི་རུང་བ་དང་ཕྱོགས་གཅིག་རྐྱང་འཛིན་མི་རུང་ཞེས་ནན་བཤད་བྱས་ཡོད། 《བསམ་འཆར 》ནང་ཕྱོགས་བརྒྱད་ཀྱི་ཐོག་ནས་བཀོད་སྒྲིག་བྱས་པ་སྟེ། གཅིག་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། ཁྲིམས་བཟོའི་ལམ་ལུགས། ལྟ་སྐུལ་ལམ་སྲོལ། མི་དམངས་འཐུས་ཚོགས་ཀྱི་གྲོས་བསྡུར་དང་གལ་ཆེའི་དོན་ཚན་གཏན་འབེབས་ཀྱི་ལམ་ལུགས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གསོ་སྦྱོང་དང་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་བཅས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཉིས་ནས་གྲོས་མོལ་དམངས་གཙོ་དེ་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་ལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་དང་གྲོས་མོལ་དམངས་གཙོའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས་པ། གསུམ་ནས་གཞི་རིམ་དམངས་གཙོ་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གསོན་ཤུགས་ཀྱིས་ཁེངས་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལས་བཟོའི་འཐུས་མི་ཚོགས་ཆེན་གྱིས་གཞི་རྩའི་རྣམ་པ་བྱས་པའི་ཁེ་ལས་དང་བྱ་གཞག་ཚན་པའི་དམངས་གཙོ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ། བཞི་ནས་སྲིད་འཛིན་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་ཕྱོགས་བསྡུས་ཁྲིམས་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་སྲིད་འཛིན་ཁྲིམས་འཛིན་གོ་རིམ་ཚད་ལྡན་དུ་བཏང་ནས་སྲིད་འཛིན་ཁྲིམས་འཛིན་ཆུ་ཚད་མཐོ་རུ་གཏོང་དགོས་པ། ལྔ་ནས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་ཁྲིམས་འཛིན་དོ་དམ་སྒྲིག་གཞི་སྒྱུར་བཅོས་དང་། སྡེ་ཁུལ་གྱི་ཡོ་བསྲང་ལམ་ལུགས་འཛུགས་པ། བཅའ་ཁྲིམས་ཀྱི་རོགས་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བཙོན་ཁང་གི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་བཅས་གཏོང་དགོས་པ། དྲུག་ནས་དབང་ཆ་ཚོད་འཛིན་དང་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ་ཏང་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་དོན་འཁྱོལ་བྱེད་པ་དང་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་དབང་ཆ་སྤྱོད་པའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། བདུན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིག་གཞི་ལམ་སྲོལ་གསར་གཏོད་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགོ་ཁྲིད་ཀྱི་སྒྲིག་གཞི་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཕྱོགས་གཉིས་ཀྱི་འགོ་ཁྲིད་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྐོར་ཞིབ་ལས་དོན་ལེགས་སུ་གཏོང་བ་དང་གསར་གཏོད་བཅས་བྱེད་དགོས་པ། བརྒྱད་ནས་སྤྱོད་ཚུལ་ལེགས་གཏོང་རྒྱུན་གཏན་ཅན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་དབྱང་གི “གཏན་འབེབས་དོན་ཚན་བརྒྱད ”དང་། 《ཏང་སྲིད་ལས་ཁུངས་ཀྱི་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག 》 ལྗོངས་ཏང་ཨུད་ཀྱི “སྲུང་བྱ་རྣམ་བཅུ ”དང “བླང་བྱ་ཁག་དགུ ”བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་ཞིབ་ཕྲ་ཅན་དང་། རྒྱུན་གཏན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
རིག་གནས་དར་རྒྱས་གཏོང་བའི་འགག་རྩ་ནི་གསར་གཏོད་བྱ་རྒྱུར་ཐུག་ཡོད།
རིག་གནས་ནི་མི་རིགས་ཀྱི་ཁྲག་རྒྱུན་དང་མི་དམངས་ཀྱི་བསམ་པའི་ཁྱིམ་གཞིས་ཡིན། རིག་གནས་ཀྱི་དགེ་མཚན་ལྡན་པའི་ཁྲིད་སྟོན་མེད་ཚེ་རྒྱལ་ཁབ་གཅིག་གམ་མི་རིགས་གཅིག་འཛམ་གླིང་མི་རིགས་མང་པོའི་ཁྲོད་འགྱིང་ངེར་གནས་མི་ཐུབ། ཀྲུང་གོའི་འགྲོ་ལམ་མཐའ་འཁྱོངས་དང་། ཀྲུང་གོའི་སྙིང་སྟོབས་དར་སྤེལ། ཀྲུང་གོའི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་རིག་གནས་ཀྱི་བསམ་པའི་ཁྲིད་སྟོན་དང་། གླེང་ཕྱོགས་ཀྱི་སྐུལ་འདེད། བསམ་པའི་སྐུལ་ལྕག་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བོད་འདི་ཉིད་ཁྱད་ལྡན་རིག་གནས་སྟོབས་ཆེན་ཁུལ་དུ་འཛུགས་སྐྲུན་བྱེད་རྒྱུ་ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། 《བསམ་འཆར 》ནང་བསྟན་དོན། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་དང་། མི་དམངས་ལྟེ་བར་བྱས་པའི་ལས་ཀའི་ཕྱོགས་སྟོན། སྤྱི་ཚོགས་ཀྱི་ཕན་འབྲས་གནས་བབ་ཨང་དང་པོར་འཇོག་པ་དང་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་ཡོང་བ་བཅས་མཐའ་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་བྱས་ནས་རིག་གནས་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པ་དང་། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་སྟངས་འཛིན་བྱེད་པར་གཙོ་གནད་ནི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྟན་པོ་འཛུགས་པ། འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཀྱི་མདོ་གནད་ལ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གསར་འགྱུར་སྨྱན་སྦྱོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་གཙོ་གནད་ནི་རིག་གནས་དམངས་ཕན་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ་རིག་གནས་གཤམ་སྤེལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་གསར་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིག་གནས་ཁྲོམ་རའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་གཙོ་གནད་ནི་རིག་གནས་ཁྲོམ་ར་སྐྱེད་སྲིང་ཧུར་ཐག་བྱས་ཏེ་བསམ་པའི་རིག་གནས་ཐོན་རྫས་གསར་གཏོད་དང་ཐོན་སྐྱེད་དར་འཕེལ་གཏོང་བ་དང་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་རིག་གནས་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། བོད་འབྲེལ་གྱི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་རྒྱག་པར་གཙོ་གནད་ནི་རྒྱལ་སྤྱིའི་བརྒྱུད་བསྒྲགས་ནུས་པ་ཆེ་རུ་བཏང་སྟེ་ནང་དུ་གདན་འདྲེན་དང་ཕྱིར་བསྐྱོད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་མཐའ་འཁོར་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་གཏིང་ཟབ་སྤེལ་དགོས། དྲ་སྦྲེལ་དྲིལ་བསྒྲགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་དྲ་སྦྲེལ་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་དྲ་རྒྱའི་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས།
དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ནི་རང་རེའི་ཏང་གི་གཞི་རྩའི་དམིགས་ཡུལ་ཡིན་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྩ་བའི་དམིགས་ཡུལ་ཞིག་ཀྱང་ཡིན། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་མཐར་གཏུགས་ནས་བརྗོད་ན་ཏང་གི་འབད་འཐབ་དང་ལས་དོན་མཐའ་དག་ནི་མི་དམངས་ལ་ཕན་བདེ་སྐྲུན་ནས་མི་དམངས་བདེ་སྐྱིད་ཡོང་བ་བྱ་རྒྱུ་དེ་ཡིན། ཞིབ་ཕྲའི་དམངས་འཚོའི་ཁྱབ་ཁོངས་ནང་དམངས་འཚོར་ཁེ་ཕན་མང་ཙམ་ཐོབ་པ་བྱེད་པ་དང་དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་ཐད་རྒྱུན་མཐུད་ངང་འཕེལ་རིམ་གསར་པ་ཐོབ་པ་བྱེད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོ་དེ་བས་ལེགས་པའི་ངང་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས། 《བསམ་འཆར 》ནང་ཕྱོགས་དྲུག་ཐད་ནས་བཀོད་སྒྲིག་བྱས་པ་སྟེ། གཅིག་ནས་སློབ་གསོའི་ཁྱབ་ཁོངས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་འོས་འགན་སློབ་གསོའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དེང་རབས་ལས་རིགས་སློབ་གསོའི་མ་ལག་སྐྲུན་མགྱོགས་སུ་གཏོང་བ། མཐོ་རིམ་སློབ་གསོ་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ། ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནས་ལས་ཞུགས་ལས་གཏོད་ལ་སྐུལ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ལས་ཞུགས་ལས་གཏོད་ཀྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ། གསུམ་ནས་ཡོང་འབབ་བགོ་བཤའི་ལམ་ལུགས་སྒྱུར་བཅོས་འཐུས་ཚང་དུ་བཏང་ནས་གླ་ཕོགས་ཀྱི་གཏན་འབེབས་དང་རྒྱུན་ལྡན་འཕར་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མ་མཐའི་གླ་ཕོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལས་བྱེད་ལས་བཟོའི་གླ་ཕོགས་ཐོབ་ཐང་གི་སྲིད་ཇུས་དོན་འཁྱོལ་བྱེད་པ། ཡོང་འབབ་བགོ་བཤའ་དང་སྙོམས་སྒྲིག་གི་ལམ་སྲོལ་འཛུགས་པ། ཡོང་འབབ་བགོ་བཤའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས་པ། བཞི་ནས་སྤྱི་ཚོགས་འགན་སྲུང་གི་མ་ལག་སྐྲུན་པ་དང་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་སྐྲུན་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་འགན་བཅོལ་འབྲེལ་བ་གཞན་སྒྱུར་རྗེས་མཐུད་སྲིད་ཇུས་འཐུས་ཚང་དུ་གཏོང་བ། སྡོད་ཁང་འགན་ལེན་གྱི་མ་ལག་དང་མཁོ་སྤྲོད་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པ། ལྔ་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དམངས་ཡོངས་ཀྱི་སྨན་བཅོས་འགན་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཕྱོགས་བསྡུས་སྒྱུར་བཅོས་ཧུར་ཐག་བྱེད་པ། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱིས་སྨན་ཁང་འཛུགས་རྒྱུར་སྐུལ་ལྕག་བྱེད་པ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་ཤུགས་ཆེན་གཏོང་བ། བཟའ་ཚང་གཉིས་ལས་ཕྱོགས་གཅིག་བུ་གཅིག་མ་ཡིན་ན་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་བྱེད་པ། འཆར་ལྡན་བུ་བཙའི་གཞི་རྩའི་རྒྱལ་ཇུས་དོན་འཁྱོལ་བྱེད་པ་བཅས་བྱེད་དགོས་པ། དྲུག་ནས་དབུལ་སྐྱོར་གསར་སྤེལ་གྱི་སྒྲིག་གཞི་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དབུལ་སྐྱོར་མ་དངུལ་བགོ་བཤའ་རྒྱག་སྟངས་དང་དབུལ་སྐྱོར་རྣམ་གྲངས་ལ་ཞིབ་མཆན་འགོད་རྒྱུར་སྒྱུར་བཅོས་བྱེད་པ་དང་། ཞིབ་ཚགས་ལ་གནད་སྨིན་འཐུས་ཚང་གི་དབུལ་སྐྱོར་ལས་དོན་གྱི་ལམ་སྲོལ་འཛུགས་དགོས་པ་བཅས་རེད།
སྤྱི་ཚོགས་བཅོས་སྐྱོང་བྱས་པ་ལས་ཞི་མཐུན་བྱུང་བ།
ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་ཀྱི་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་ཞིང་། 《བསམ་འཆར 》ནང་མེས་རྒྱལ་གོང་བུ་གཅིག་གྱུར་དང་། རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་། མི་རིགས་ཁག་གི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དམིགས་སར་བྱ་རྒྱུར་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་སྒྲིག་གཞི་གསར་གཏོད་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ཚད་གཞི་མཐོ་ཤོས་ངང་ཞི་མཐུན་གྱི་རྒྱུ་རྐྱེན་མང་དུ་གཏོང་བ། སྤྱི་ཚོགས་གོང་འཕེལ་གྱི་གསོན་ཤུགས་འཕེལ་བ་བཅས་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགོ་ཁྲིད་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་ཚན་ཁག་ཆ་ཚང་གཉིས་འཛུགས་པ་དང་གོང་འཕེལ་བརྟན་ལྷིང་གི་དོན་ཆེན་གཉིས་ལ་དམ་འཛིན་ནན་པོ་བྱེད་དགོས་པ་དང་། གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་གཏིང་ཟབ་སྤེལ་ཏེ་ཏང་ཡོན་ལས་བྱེད་པ “གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་གཉེན་འཚོལ་གྲོགས་སྒྲིག ”གི་ལམ་ལུགས་འཛུགས་པ་དང་། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”གཏོད་འདེམས་བྱེད་སྒོ་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་དགོས་པ། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་དགོན་སྡེ་དོ་དམ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། དགོན་སྡེའི་སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བ། དགོན་སྡེའི་གྲྭ་བཙུན་ལ་གཅེས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དོན་འཁྱོལ་བྱེད་པ། ཆོས་ལུགས་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས་པ། གྲོང་ཁྱེར་དང་གྲོང་རྡལ་ལ་དྲ་མིག་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཞབས་ཞུ་དང་སྤྱི་ཚོགས་དོ་དམ་གྱི་སྟེགས་བུ་སྐྲུན་པ་དང་འཐུས་ཚང་དུ་གཏོང་དགོས་པ་དང་། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་བཏང་སྟེ་མི་རིགས་ཁག་ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག་བཅས་མཉམ་འགུལ་གྱི་འདུམ་འགྲིག་ཆེན་པོའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཧུར་ཐག་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
སྣོད་བཅུད་ཤེས་དཔལ་ལས་མཛེས་སྡུག་མངོན་པ།
མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཐོག་མར་བཏོན་པ་ཞིག་རེད། དེར་བརྟེན་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་དམ་པོར་དམིགས་ནས་སྣོད་བཅུད་ཤེས་དཔལ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་དུ་གཏོང་དགོས་པའི་ནན་བཤད་བྱས་པ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ལྡོག་མེད་བླང་བྱ་ཞིག་དང་། ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་ལེགས་པ་བཅས་ཀྱི་ཤེས་དཔལ་གོང་འཕེལ་གྱི་བགྲོད་ལམ་མཐའ་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག “འཛམ་གླིང་ཐོག་གི་དག་པའི་ཞིང་ཁམས་མཐའ་མ ”དེ་སྲུང་སྐྱོང་ཡག་པོ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་རེད། 《བསམ་འཆར 》ནང་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་དམ་པོར་དམིགས་ནས་སྣོད་བཅུད་ཤེས་དཔལ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། སྣོད་བཅུད་ཁོར་ཡུག་བདེ་འཇགས་མཐའ་འཁྱོངས་བྱ་རྒྱུ་དེ་མ་མཐའི་མཚམས་ཐིག་དང་། དམར་ཐིག མཐོ་གནོན་ཐིག་བཅས་སུ་བྱེད་པ་དང་ཆེས་ནན་ཤོས་ཀྱི་སྣོད་བཅུད་སྲུང་སྐྱོང་ལམ་ལུགས་དང་། ཁོར་ཡུག་ཆོག་འཐུས་ལམ་ལུགས། གནོད་འཚེ་གུན་གསབ་ལམ་ལུགས། འགན་འཁྲི་བདའ་འདེད་ལམ་ལུགས་བཅས་ལག་བསྟར་བྱས་ནས་གངས་ལྗོངས་ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ། འབྱུང་རྩ་ནས་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་གཙོ་གནད་ནི་རང་བྱུང་ཐོན་ཁུངས་མཐའ་གཅིག་ཏུ་ངོས་འཛིན་བྱེད་པའི་དབང་ཆ་དང་། རྣམ་གྲངས་ཆོག་འཐུས་ནན་པོ། ཐོན་ཁུངས་གསར་སྤེལ་ཚོད་འཛིན་བྱེད་པ་བཅས་ཡིན་པ་དང་། སྣོད་བཅུད་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་ཤུགས་ཆེན་བྱེད་པའི་གཙོ་གནད་ནི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚད་ལྡན་ཅན་གྱི་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་དྲ་བ་འཛུགས་པ། བཙོག་འབུད་ཉུང་གཏོང་བཅོས་སྒྲིག་ཤུགས་ཆེན་བྱེད་པ། སྣོད་བཅུད་ཁོར་ཡུག་ཆ་འཕྲིན་འགྲེམས་སྤེལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་ནགས་ཁུལ་གཉེར་སྐྱོང་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཡིན་པ། ཐོན་ཁུངས་རིན་དོད་བེད་སྤྱོད་སྐྱིན་གསབ་ལམ་སྲོལ་འཛུགས་པའི་གཙོ་གནད་ནི་ཐོན་ཁུངས་རིན་དོད་བེད་སྤྱོད་ལག་བསྟར་བྱེད་པ་དང་། སྣོད་བཅུད་ཕན་འབྲས་སྐྱིན་གསབ་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྨོ་བསྐྱུར་ནགས་གསོ་དང་ཕྱུགས་བཀག་རྩྭ་གསོའི་ཁྱབ་ཁོངས་བརྟན་ལ་རྒྱ་ཆེར་གཏོང་བ་བཅས་ཡིན་པ། སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་འཆར་འགོད་འཐུས་ཚང་དུ་གཏོང་བའི་གཙོ་གནད་ནི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་བཟོ་བཅོས་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་ནུས་པའི་ཁུལ་གྱི་འཆར་འགོད་སྒྲིག་བཟོ་བྱེད་པ། གཙོ་གནད་སྲུང་སྐྱོང་ཁུལ་གྱི་ཆེད་དོན་སྲུང་སྐྱོང་འཆར་འགོད་བཟོ་བ། འཆར་འགོད་ལག་བསྟར་གྱི་འགྱུར་མེད་རང་བཞིན་ཆེ་རུ་གཏོང་བ་བཅས་ཡིན་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འགན་འཁྲི་དོན་འཁྱོལ་བྱེད་པའི་གཙོ་གནད་ནི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ས་ཁོངས་ཀྱི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་བདའ་འདེད་ལམ་ལུགས་བཟོ་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་བྱེད་པའི་ལམ་ལུགས་བཟོ་བ་བཅས་ཡིན་པའི་ནན་བཤད་བྱས་ཡོད།
ཏང་འཛུགས་སྐྱོང་ཤུགས་ཆེན་བྱ་རྒྱུའི་འགན་ལེན་བྱེད་པ།
ཏང་གི་འགོ་ཁྲིད་ཀྱི་ཆུ་ཚད་དང་སྲིད་སྐྱོང་ནུས་པ་གཉིས་སྒྱུར་བཅོས་རྒྱལ་ཕམ་དང་ཐད་ཀར་འབྲེལ་བ་ཡོད་ཅིང་། ལྗོངས་ཡོངས་ཀྱི་རེས་སྐོར་གསར་པའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པའི་དཀའ་ཚེགས་ཆེ་ལ་རྙོག་འཛིང་ཆེ་བའི་ལོ་རྒྱུས་ལས་འགན་གྱི་མདུན་དུ་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་གནས་བབ་མངོན་གསལ་དོད་པོར་བཞག་ནས་སྔོན་ཐོན་རང་བཞིན་དང་དྭངས་གསལ་རང་བཞིན་མཐའ་འཁྱོངས་བྱེད་རྒྱུ་དང་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམ་པོར་དམིགས་ཏེ་ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། GDPཁོ་ནར་བརྟེན་ནས་བཟང་ངན་འབྱེད་རྒྱུ་སྔོན་འགོག་བྱེད་པ། དམངས་གཙོའི་འོས་སྦྱོར་དང་དམངས་གཙོའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱེད་སྟངས་ལེགས་སུ་གཏོང་བ། འགྲན་རྩོད་རང་བཞིན་གྱི་ལས་བྱེད་པ་འདེམས་སྒྲུག་བྱེད་སྟངས་ལེགས་སྒྲིག་བྱེད་པ། ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་འདེམས་སྒྲུག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་བྱེད་བར་གྱི་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། གཞུང་ཞབས་པའི་རིགས་དབྱེ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། འདེམས་ཤོག་དང་སྐར་གྲངས་ཁོ་ནར་བརྟེན་ནས་བཟང་ངན་འབྱེད་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས་པ། ཤེས་ལྡན་མི་སྣ་ཉར་ཐུབ་པ་དང་བེད་སྤྱོད་ཡག་པོ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བར་བྱ་གཞག་ལ་བརྟེན་ནས་ཉར་བ་དང་། བརྩེ་སེམས་ལ་བརྟེན་ནས་ཉར་བ། ཐོབ་ཐང་འོས་འཚམ་མཁོ་འདོན་བྱེད་པར་བརྟེན་ནས་ཉར་བ་བཅས་དང་། རིགས་ཁག་ཤེས་ལྡན་མི་སྣའི་སློབ་སྦྱོང་དང་། ལས་དོན། འཚོ་བ། བདེ་ཐང་། འཚར་ལོངས་ཡར་རྒྱས་བཅས་ལ་དོ་ཁུར་ཏན་ཏིག་བྱེད་པ། ཤེས་ལྡན་མི་སྣ་གཞི་རིམ་དང་། དཀའ་སྡུག་ཆེ་བའི་ས་ཁུལ་དང་ལས་གནས་ཐོག་སྐྱོད་རྒྱུ་དང་འཐབ་ཕྱོགས་དང་པོར་ལས་གཏོད་བྱེད་རྒྱུའི་ཡར་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གསར་གཏོད་བྱེད་པར་གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་ནས་ཏང་རྩ་འཛུགས་དེ་ཞིང་འབྲོག་ཁུལ་གྱི་གྲོང་ཚོ་དང་། སྡེ་ཁུལ་གྱི་སྒོ་ར། དྲ་སྦྲེལ་ས་ཚིགས། མཐོ་སློབ་འཛིན་གྲྭ ཁེ་ལས་ལས་ཡུལ། ཐོན་ལས་འབྲེལ་ཐག་བཅས་ཐོག་བཙུགས་ནས་ཏང་འཛུགས་སྐྱོང་ལས་དོན་དེ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ་དང་། ལས་ཁུངས་ཀྱི་ལས་བྱེད་པ་དང་། དམག་ཞབས་ཐིམ་པའི་ཕྱིར་ལོག་དམག་མི། སློབ་ཆེན་ཐོན་པའི་གྲོང་དཔོན་བཅས་གྲོང་ཚོར (གྲོང་མི་ཨུ་ལྷན )འདེམས་གཏོང་བྱས་ནས་ལས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཚོ (གྲོང་མི་ཨུ་ལྷན )གྱི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་ཡག་པོ་འདེམས་པ། ཚད་གཞི་ནན་པོ་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་ཚོགས་པ་དང་རྩ་འཛུགས་སྣ་ཚོགས་ཀྱི་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བོད་ཀྱི་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣