དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་ཡན་ཝུན་ལིན་སྐུ་གཤེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན། བོད་རང་སྐྱོང་ལྗོངས་ཚོང་ལས་ཐིང་གི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི། ཐིང་ཀྲང་གཞོན་པ་བློ་མཐུན་ཡན་ཝུན་ལིན་སྙུང་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2014ལོའི་ཟླ་1ཚེས་15ཉིན་ཨན་ཧུའེ་ཞིང་ཆེན་ཨན་ཆིང་གྲོང་ཁྱེར་དུ་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་90ཕེབས་ཡོད་པ་རེད།

        བློ་མཐུན་ཡན་ཝུན་ལིན་1924ལོའི་ཟླ་10པར་ཧོ་པེ་ཞིང་ཆེན་ཀྲེང་ཏིང་རྫོང་དུ་འཁྲུངས་པ་དང་1943ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1943ལོའི་ཟླ་5པར་གསར་བརྗེར་ཞུགས། ཨན་ཧུའེ་ཞིང་ཆེན་ཨན་ཆིང་སྲིད་འཛིན་ཀུང་ཧྲུའུ་ནོར་སྲིད་ཚོང་དོན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་ས་ཨུད་ནོར་སྲིད་ཚོང་དོན་པུའི་པུའུ་ཀྲང་གཞོན་པ་དང་། ཧོའེ་ཉིང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཨན་ཆིང་ས་ཨུད་ཀྱི་ཨུ་ཡོན། བོད་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་མི་དོན་ཅུས་གཞུང་དོན་ཁང་གི་ཀྲུའུ་རེན། ནག་ཆུ་ས་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྩ་འཛུགས་པུའི་པུའུ་ཀྲང་། ནག་ཆུ་ས་ཁུལ་གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ས་ཨུད་ཀྱི་ཧྲུའུ་ཅི། ས་ཨུད་ཀྱི་ཧྲུའུ་ཅི་དང་པོ། བོད་རང་སྐྱོང་ལྗོངས་ཚོང་ལས་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་ཡོད། 1985ལོའི་ཟླ་9པར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་རྒན་ཡོལ་ཞུས། ཀྲུང་དབྱང་རྩ་འཛུགས་པུའི་ཆོག་མཆན་ཐོབ་པ་བརྒྱུད་2009ལོའི་ཟླ་9པ་ནས་བཟུང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་རིམ་པའི་སྨན་བཅོས་ཐོབ་ཐང་ལོངས་སྤྱོད་ཐུབ་ཡོད།

        ཁོང་སྐུ་གཤེགས་པ་དེས་ང་ཚོར་བློ་མཐུན་བཟང་པོ་ཞིག་མེད་པར་གྱུར།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།