དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་ཅང་ཅེ་དང་། ཧོ་ཝུན་ཧའོ། ཙང་དབན་མིང་། ཀྲའོ་ཧུང་དབྱང་། སུང་པའོ་ཧྲན། ལིའུ་ལེའང་ཁྲེང་། ཞུས་ཡུང་། ཡུན་ཁུན། བྱམས་པ་བསོད་ནམས་བཅས་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་ཁྲིམས་ལྟར་གསབ་འདེམས་བྱས་པ་རེད།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་12ལས་གནས་འཕོས་པ་སྟེ། ཆིན་དབྱི་ཀྲི (རྒྱ་རིགས། ལྷ་སའི་འཐུས་མི་ཚོགས་པ ) ཕུའུ་མིང་ཀའོ (རྒྱ་རིགས། ལྷ་སའི་འཐུས་མི་ཚོགས་པ ) ཀུང་ཕུའུ་ཀོང (རྒྱ་རིགས། གཞིས་རྩེའི་འཐུས་མི་ཚོགས་པ ) ཁྲེང་ཀྲུང་ལི (བུད་མེད། རྒྱ་རིགས། གཞིས་རྩེའི་འཐུས་མི་ཚོགས་པ ) ཧའོ་ཕུང (རྒྱ་རིགས་ལྷོ་ཁའི་འཐུས་མི་ཚོགས་པ ) མ་ཅེ (རྒྱ་རིགས། ཆབ་མདོའི་འཐུས་མི་ཚོགས་པ ) ལི་ཀྲའོ (རྒྱ་རིགས། ནག་ཆུའི་འཐུས་མི་ཚོགས་པ ) ལུའེ་ཡིའུ་ཅན (རྒྱ་རིགས། ནག་ཆུའི་འཐུས་མི་ཚོགས་པ ) ཏོན་ཅིན་ལེན (བུད་མེད། རྒྱ་རིགས། མངའ་རིས་ཀྱི་འཐུས་མི་ཚོགས་པ ) དབྱང་ཅིན་ཧྲན (རྒྱ་རིགས། བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པ ) སུང་ཅིན་ཡོན (རྒྱ་རིགས། བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པ ) རྟ་མགྲིན་དབང་མོ (བུད་མེད། བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པ ) བཅས་ཡིན་པ་དང་། འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆིན་དབྱི་ཀྲི་དང་། ཕུའུ་མིང་ཀའོ། ཀུང་ཕུའུ་ཀོང་། ཁྲེང་ཀྲུང་ལི། ཧའོ་ཕུང་། མ་ཅེ། ལི་ཀྲའོ། ལུའེ་ཡིའུ་ཅན། ཏོན་ཅིན་ལེན། དབྱང་ཅིན་ཧྲན། སུང་ཅིན་ཡོན། རྟ་མགྲིན་དབང་མོ་བཅས་ཀྱི་འཐུས་མིའི་ཐོབ་ཐང་མེད་པ་བཟོ་རྒྱུ་རེད།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་འཐུས་མི་ཀུའོ་དབྱི་ལི་ནད་གཞིས་རྐྱེན་པས་ཚེ་ལས་འདས་པ་དང་དེའི་འཐུས་མིའི་ཐོབ་ཐང་རང་ཤུགས་སུ་མེད་པ་བཟོ་རྒྱུ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཀུའོ་དབྱི་ལི་ཚེ་ལས་འདས་པར་མྱ་ངན་ཞུ་རྒྱུ་ཡིན།

        ད་ཆ་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་པར་དངོས་སུ་འཐུས་མི་441ཡོད་པ་རེད།

        ཆེད་མངགས་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

        2014ལོའི་ཟླ་1ཚེས་6ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།