ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”འཐབ་ཇུས་བསམ་བློ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་ལྟར་བོད་སྐྱོང་བ་དང་ཡུན་རིང་བོད་འཛུགས་སྐྲུན་བྱེད་དགོས་པའི ”མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་སྤྱི་ཚོགས་དོ་དམ་གྱི་ནང་དོན་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་དང་། འཕེལ་རྒྱས་སྐུལ་གཏོང་། འབབ་འཕར་ཕྱུག་འགྱུར་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ཧུར་བརྩོན་རང་བཞིན་དང་། རང་རྟོགས་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱས་ཏེ་ལྗོངས་ཡོངས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་ཞི་མཐུན་བརྟན་ལྷིང་གི་མང་ཚོགས་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་ཕྱིར། འདི་ལོའི་ཟླ་5པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་སུ “དུད་སྦྲེལ་དུད་བདེ་དང་། དུད་སྦྲེལ་འབབ་འཕར ”ནང་དོན་གཙོ་བོར་བྱས་པའི “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”གཏོད་འདེམས་བྱེད་སྒོ་སྤེལ་ཡོད། བྱེད་སྒོ་སྤེལ་བ་ནས་བཟུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྐུལ་སློང་གཏིང་ཟབ་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། རིམ་ཁག་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་གྱིས་སྣེ་འཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། འབྲེལ་ཡོད་སྡེ་ཚན་ཁག་གིས་ཤུགས་ཆེའི་རྒྱབ་སྐྱོར་དང་གཞོགས་འདེགས་དམ་ཟབ་བྱེད་པ། གྲོང་ཚོ (གྲོང་ལྷན )ཨུ་ཡོན་ལྷན་ཁང་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ལེགས་ཆ་འདོན་སྤེལ་དང་རང་འགན་གཙང་སྒྲུབ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོས་དང་ལེན་ཧུར་ཐག་དང་རྒྱ་ཁྱབ་ངང་ཞུགས་པ་བཅས་བྱས་པ་བརྒྱུད་ཐུན་མོང་ཐོག་དུས་བདེ་ཞི་མཐུན་གཏོད་པ་དང་། ཐུན་མོང་ཐོག་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་པ། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད་པས་སྒྲིག་འཛུགས་ནུས་ལྡན་དང་། ལས་ཀ་དོན་ཐོག་ཏུ་འཁྱོལ་བ། བྱ་སྤྱོད་མྱུར་བ། ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་སྔོན་ཐོན་མཉམ་སྡེབ་དང་ཏང་གཅེས་རྒྱལ་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། མཐུན་སྒྲིལ་འཆམ་མཐུན། ཤེས་དཔལ་ཡར་ཐོན་བཅས་ཀྱི “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”འབོར་ཆེན་ཞིག་ཐོན་ཡོད།
ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་དར་སྤེལ་བཏང་ནས་སྔོན་ཐོན་ལ་གཟེངས་བསྟོད་དང་ཁྲིད་ཕྱོགས་བཙུགས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”གཏོད་འདེམས་བྱེད་སྒོའི་ནང་ཞུགས་པའི་སྤྲོ་སེམས་སྔར་བས་འཕེལ་བ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཞིས་རྩེ་ས་ཁུལ་སོགས་སྔོན་ཐོན་ས་ཁུལ (གྲོང་ཁྱེར )3དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སོགས་རྫོང (གྲོང་ཁྱེར་དང་ཆུས )16 ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་གྲོང་རྡལ་སོགས་ཤང་གྲོང (ཁྲོམ་གཞུང )30 ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོ་སོགས་གྲོང་ཚོ (གྲོང་ལྷན )60 ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་སྒྲོན་རིག་སོགས་དུད་སྦྲེལ་ཚན་པ་100ཡི་ཁྱིམ་ཚང་1026བཅས་ལ་གཟེངས་བསྟོད་བྱས་ཡོད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”གྱིས་གཟི་བརྗིད་ལ་གཅེས་སྤྲས་བྱས་ནས་ང་རྒྱལ་དང་འཚབ་འཚུབ་མི་བྱེད་པ་དང་། གྲུབ་འབྲས་དར་སྤེལ་བཏང་ནས་ཡང་འབད་བསྐྱར་འབད་བྱེད་པ། གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱས་ནས་འཕེལ་རྒྱས་གསར་པ་ཐོབ་པ་དང་འོད་སྟོང་གསར་པ་གཏོད་པ་བཅས་བྱེད་དགོས་པའི་རེ་བ་བཏོན་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”གཏོད་འདེམས་བྱེད་སྒོའི་གལ་ཆེའི་དོན་སྙིང་ངོས་འཛིན་གང་ལེགས་ཀྱིས་གཏོད་འདེམས་བྱེད་སྒོའི་ནང་དོན་རྒྱ་སྐྱེད་གཏིང་ཟབ་བྱེད་པ་དང་གཏོད་འདེམས་བྱེད་སྒོའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་བྱེད་སྒོ་གཏིང་ཟབ་སྤེལ་དགོས། རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི “གཉིས་ལྡན་དུད་སྦྲེལ ”གྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང “སྔོན་ཐོན་གཉིས་ལྡན་དུད་སྦྲེལ ”མིག་དཔེར་བྱས་ཏེ་སྔོན་ཐོན་ཚད་གཞིར་བཟུང་ནས་སློབ་སྦྱོང་བྱས་ཏེ་ཚད་བརྒལ་ཡོང་བ་བྱེད་པ་དང་རྩེ་གྲ་གཏོད་ཕོད་པ་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཧུར་ཐག་ཡོང་བ་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།