དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2013ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་། དགོན་སྡེར་བཅའ་སྡོད་ཕུལ་བྱུང་ལས་བྱེད་པ། ཆོས་ལུགས་ལས་དོན་གྱི་ཕུལ་བྱུང་ལས་བྱེད་པ་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

    ལོ་གཅིག་རིང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་ཁག དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ། ཆོས་ལུགས་ལས་དོན་གྱི་ལས་བྱེད་པ་བཅས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”ཐབས་ཇུས་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ། “ཁྲིམས་ལྟར་བོད་བཅོས་སྐྱོང་དང་ཡུན་རིང་བོད་འཛུགས་སྐྲུན་བྱེད་དགོས་པའི ”སྐོར་གྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་མཛུབ་སྟོན་བླང་བྱ་སློབ་སྦྱོང་དང་ལག་བསྟར་བྱས་པ། ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་ལག་བསྟར་བཅས་བྱས་ནས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ་གྲྭ་བཙུན་ནི་གཉེན་ཉེ་དང་གྲོགས་པོ་ལྟ་བུར་བརྩི་བ་དང་དགོན་སྡེའི་གྲྭ་བཙུན་ལ་དོ་དམ་དང་། ཞབས་ཞུ། སློབ་གསོ་བཅས་བྱེད་པའི་འཐབ་ས་དང་པོར་ཡུན་རིང་བརྟན་སྲུང་གིས་སེམས་གནས་པ་བྱེད་པ་དང་། གཞི་ཚུགས་ཏེ་དཀའ་ངལ་ལ་མི་སྐྲག་པ་དང་དཀའ་ངལ་ཁྱད་བསད་བྱས་ནས་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་པ་དང་། འཐུས་ཚང་དུ་བཏང་བ་དང་། གྲྭ་བཙུན་དང་དགོན་སྡེར་ཁེ་ཕན་སྐྲུན་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་པ། ལྷག་བསམ་རྣམ་དག་ངང་དགོན་སྡེ་དང་གྲྭ་བཙུན་གྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱས་ནས་གྲྭ་བཙུན་ཚོའི་འཚོ་བ་དང་ཐོས་བསམ་གྱི་ཆ་རྐྱེན་ལེགས་སུ་ཆེས་ཆེར་བཏང་བས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་དང་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་ཀྱི་ཚད་མཐོའི་གདེང་འཇོག་དང་ཁས་ལེན་གང་ལེགས་ཐོབ་པ་དང་རྒྱ་ཆེའི་གྲྭ་བཙུན་དང་སྤྱི་ཚོགས་ལས་རིགས་ཁག་གི་མགྲིན་གཅིག་གི་བརྩི་བཀུར་དང་ཡོངས་ཁྱབ་ཀྱི་དགའ་བསུ་ཐོབ་སྟེ་རྒྱ་ཆེའི་གྲྭ་བཙུན་གྱིས་ཏང་གཅེས་རྒྱལ་གཅེས་ཆོས་གཅེས་བཅས་བྱེད་པའི་སྤྲོ་སེམས་ཆེས་ཆེར་འཕེལ་བ་དང་ལྗོངས་དེ་ཡོངས་ཀྱི་དགོན་སྡེ་1787དང་གྲྭ་བཙུན་ཁྲི་4.6ནང་རང་སྲེག་བྱེད་མཁན་མེད་པ་འགན་ལེན་བྱུང་བས་ལྗོངས་ཡོངས་ཀྱི་ཞི་མཐུན་དང་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱ་ཕྱིར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ནས་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་འབོར་ཆེན་ཞིག་ཐོན་ཡོད་པ་རེད།

    སྔོན་ཐོན་ལ་གཟེངས་བསྟོད་བྱ་ཕྱིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགའ་ལྡན་དགོན་སོགས་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང (གླིང་ཁུལ་དོ་དམ་ཨུ་ལྷན་དང་ཆེད་ལས་མངགས་གཏོང་པ )150ལ “2013ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང ”གི་གཟི་བརྗིད་མཚན་སྙན་དང་། ཆུང་བདག་སོགས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་900ལ “2013ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེར་བཅའ་སྡོད་ཕུལ་བྱུང་ལས་བྱེད་པའི ”གཟི་བརྗིད་མཚན་སྙན། མཚོ་མོ་སོགས་ཆོས་ལུགས་ལས་བྱེད་པ་100ལ “2013ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་ཕུལ་བྱུང་ལས་བྱེད་པའི ”གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་ཡིན། རེ་བར་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱིས་ཁེངས་དྲེགས་དང་ལྷོད་གཡེང་མི་བྱེད་པར་མཚན་སྙན་ལ་གཅེས་སྤྲས་བྱས་ནས་ཡང་འབད་བསྐྱར་འབད་དང་གྲུབ་འབྲས་དར་སྤེལ་བཏང་ནས་གསར་འབྱེད་གསར་གཏོད་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མངགས་བཅོལ་ལྕི་པོ་ཆུད་ཟོས་སུ་མི་གཏོང་བར “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”མུ་མཐུད་དར་སྤེལ་གཏོང་བ་དང་། “གཅིག་དྲུག ”དང་། “ཡོད་པ་དགུ ”“ཁྱབ་པ་གཅིག ”“གསར་གཏོད་གཅིག ”སོགས་དགོན་སྡེར་ཕན་པ་ཐོབ་པ་དང་གྲྭ་བཙུན་ལ་ཁེ་ཕན་སྐྲུན་པའི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་ཐོག་དོ་དམ་དང་། ཞབས་ཞུ། སློབ་གསོ་བཅས་ཀྱི་འགན་ནུས་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་རྒྱ་ཆེའི་གྲྭ་བཙུན་ལ་མཐུན་སྒྲིལ་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་བརྒྱབ་ནས་ཆོས་ལུགས་འཆམ་མཐུན་དང་། ཆོས་ཕྱོགས་ལས་དོན་བདེ་བླག དགོན་སྡེ་ཞི་མཐུན་བཅས་ཡོང་རྒྱུའི་འགན་ལེན་བྱེད་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་། རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ། ཆོས་ལུགས་ལས་བྱེད་པ་བཅས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་པ་དང་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ལས་དོན་ཁག་ཏན་ཏན་ཏིག་ཏིག་ངང་ཡག་པོ་བསྒྲུབས་ཏེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་བྱ་རྒྱུར་སྣེ་འཁྲིད་ཧུར་ཐག་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་རྒྱུའི་འགན་ལེན་བྱེད་པ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སྔར་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།