དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་12ཚེས་30ཉིན་འཚོག་རྒྱུའི་གཏན་འབེབས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱིས 〈སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 〉ལག་ལེན་དཔྱིས་ཕྱིན་པ་བསྟར་རྒྱུའི་ལག་བསྟར་བསམ་འཆར 》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ་ཡིན་པ།

        ཉེ་ཆར་འཚོགས་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་ཀྱི་ཚོགས་འདུའི་ཐོག་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་12ཚེས་30ཉིན་ལྷ་སར་འཚོག་རྒྱུའི་གཏན་འབེབས་བྱས་པ་དང་འཚོགས་ཡུན་ཉིན་གཅིག་ཡིན་པ་རེད།

        ད་རེས་ཀྱི་ཚོགས་འདུའི་གྲོས་རིམ་གཙོ་བོ་ནི 《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱིས 〈སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 〉ལག་ལེན་དཔྱིས་ཕྱིན་པ་བསྟར་རྒྱུའི་ལག་བསྟར་བསམ་འཆར 》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།