དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་ལིའུ་ཧྲུའུ་ཤན་སྐུ་གཤེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དང་། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ (ཐིང་རིམ་པ་རྒན་པ )ཡིན་པའི་བློ་མཐུན་ལིའུ་ཧྲུའུ་ཤན་སྙུན་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2013ལོའི་ཟླ་12ཚེས་17ཉིན་སི་ཁྲོན་ཁྲེང་ཏུའུ་རུ་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་91ལ་ཕེབས་ཡོད་པ་རེད།

        བློ་མཐུན་ལིའུ་ཧྲུའུ་ཤན་1922ལོའི་ཟླ་9པར་ཧོ་པེ་ནན་ཀུང་རྫོང་དུ་འཁྲུངས་པ་དང་1938ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1938ལོའི་ཟླ་4པར་གསར་བརྗེར་ཞུགས་ནས་སྔ་རྗེས་སུ་ཧྲི་ཤོག་129པའི་མཁོ་སྤྲོད་པུའུ་དང་། ཧྲན་ཤིས་བྱང་རྒྱུད་དང་ཧྲན་ཏུང་དང་ཧོ་ནན་གྱི་མཐའ་ཁུལ། ཁའེ་ཧྥུང་དང་ཝུའུ་ཧན་སོགས་སུ་ཕྱག་ལས་གནང་མྱོང་བ་དང་བཅིངས་འགྲོལ་བཏང་རྗེས་པེ་ཅིང་འགྲིམ་འགྲུལ་དངུལ་ཁང་རྩིས་གཉེར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་། འཛུགས་སྐྲུན་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་རྩིས་གཉེར་ཁྲུའུ་ཡི་ཁྲུའུ་ཀྲང་དང་གཞུང་དོན་ཁང་གི་ཀྲུའུ་རེན། ནོར་སྲིད་པུའི་གཞི་རྩའི་འཛུགས་སྐྲུན་ནོར་དོན་སིའི་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་སོགས་ཀྱི་འགན་བཞེས་མྱོང་ཡོད། 1961ལོའི་ཟླ་10པར་བོད་དུ་ཕྱག་ལས་གནང་བར་ཕེབས་ནས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་ནོར་སྲིད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་གཅིག་ལྕོགས་དང་། ནོར་སྲིད་འབྲུ་རིགས་ཐིང་གི་ཐིང་ཀྲང་གཞོན་པ། རང་སྐྱོང་ལྗོངས་གསར་བརྗེ་ཨུ་ལྷན་ཐོན་སྐྱེད་བཀོད་འདོམས་ཚོགས་ཆུང་ནོར་ཚོང་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། ནོར་སྲིད་དངུལ་རྩ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཐོན་སྐྱེད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། དཔལ་འབྱོར་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གཅིག་ལྕོགས། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ (ཐིང་རིམ་པ་རྒན་པ )སོགས་ཀྱི་འགན་བཞེས་མྱོང་ཡོད། 1983ལོའི་ཟླ་4པར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ལས་བྲལ་ངལ་གསོ་ཞུས་པ་རེད། 2009ལོའི་ཟླ་9པར་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་རིམ་པའི་སྨན་བཅོས་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད།

        ཁོང་སྐུ་གཤེགས་པ་དེས་ང་ཚོར་ཏང་ཡོན་བཟང་པོ་ཞིག་དང་བློ་མཐུན་བཟང་པོ་ཞིག་མེད་པར་གྱུར་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།