དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་བའི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་སྔོན་ཐོན་ལས་དོན་རུ་ཁག་ཁག་གཉིས་པ་དང་གྲོང་ཚོར(གྲོང་ལྷན)བཅའ་སྡོད་སྔོན་ཐོན་ལས་དོན་རུ་མི་དང་ཕུལ་བྱུང་སྒྲིག་འཛུགས་ཚན་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་རྒྱ་ཁྱབ་དང་གཏིང་ཟབ་ངང་སྤེལ་རྒྱུ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བླང་བྱ་རབ་དང་རིམ་པ་དང་འཚམ་པ་ཞིག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱེད་པའི་ཆེས་ནུས་ལྡན་གྱི་བྱ་ཐབས་ནུས་ལྡན་ཞིག་ཀྱང་རེད། 2012ལོའི་ཟླ་12པ་ནས་བཟུང་ཁག་གཉིས་པའི་རྒྱ་ཆེའི་གྲོང་ཚོར (གྲོང་ལྷན )བཅའ་སྡོད་ལས་དོན་རུ་མིས་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་ལྡན་འོག་དང་མངགས་གཏོང་ཚན་པ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གཙོ་ཐིག་ཏུ་བྱས་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གོ་སྐབས་སུ་འཛིན་པ། ལས་འགན་ཁག་ལྔ་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞི་བཅས་སུ་བྱས་ནས་དཀའ་སྤྱད་འབད་བརྩོན་དང་དམ་པ་དོན་གཉེར་དང་། རང་ཉིད་བློས་གཏོང་གིས་ལས་ཀ་བྱེད་པ་དང་། ལེགས་སྐྱེས་འབུལ་འདོད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ལས་བྱེད་པའི་སྤྱོད་ཚུལ་ལ་འགྱུར་ལྡོག་གསར་པ་བྱུང་བ་དང་། གྲོང་ཚོར (གྲོང་ལྷན )བཅའ་སྡོད་ལས་དོན་གྱི་ཆུ་ཚད་མཐོ་རུ་གསར་པ་ཕྱིན་པ། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་བཅས་ཀྱི་ཐོག་ནས་དགའ་སྐྱོ་གཉིས་ལྡན་གྱི་བརྗིད་ཉམས་ལྡན་པའི་ལེའུ་ཞིག་བརྩམས་པར་བརྟེན་མི་རིགས་ཁག་གི་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ནས་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་འབོར་ཆེན་ཞིག་ཐོན་ཡོད་པ་རེད། སྔོན་ཐོན་ལ་གཟེངས་བསྟོད་དང་དཔེ་མཚོན་བཏོད་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་གཏོང་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་བརྒྱད་གཅིག་གྲོང་རྡལ་ཐང་སྟེང་གྲོང་ཚོའི་ལས་དོན་རུ་ཁག་སོགས་ལས་དོན་རུ་ཁག་678ལ “སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར (གྲོང་ལྷན )བཅའ་སྡོད་སྔོན་ཐོན་ལས་དོན་རུ་ཁག ”དང་། རྡོ་ཐོགས་བཟང་པོ་སོགས་ལས་དོན་རུ་མི་2719ལ “སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར (གྲོང་ལྷན )བཅའ་སྡོད་སྔོན་ཐོན་ལས་དོན་རུ་མི ” གཞིས་རྩེ་ས་ཁུལ་གྱི་རྨང་བརྟན་དམངས་ཕན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་སོགས་ཚན་པ་260ལ “སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཕུལ་བྱུང་སྒྲིག་འཛུགས་ཚན་པ ”བཅས་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་ཡིན།

        ད་རེས་གཟེངས་བསྟོད་བྱས་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ནི་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་བའི་ཕུལ་བྱུང་འཐུས་མི་ཡིན་པ་རེད། ཁོང་ཚོས་ཏང་གི་དམངས་ཕྱུག་དང་དམངས་ཕན་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་སྤྲོ་སེམས་ཆེན་པོ་འཕེལ་བ་བྱས་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་ཏེ་གཞི་རིམ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་པ། རང་འགན་གཙང་སྒྲུབ་ཀྱིས་བརྟན་ལྷིང་ལས་དོན་ཡག་པོ་བསྒྲུབས་ནས་ཡུན་རིང་བདེ་འཁོད་ཀྱི་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་བ། ནུས་ཤུགས་ཡོད་རྒུ་བཏོན་ནས་བྱ་བ་དངོས་བསྒྲུབ་པ་དང་སྒྲུབ་དཀའ་བའི་བྱ་བ་བསྒྲུབས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་མཚོན་པར་བྱས་པ། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བ་བཅས་བྱས་ཡོད། ཁོང་ཚོའི་སྔོན་ཐོན་བྱས་རྗེས་དང་ལས་ཀའི་གྲུབ་འབྲས་ཀྱིས་ཏང་དང་སྲིད་གཞུང་གི་གཟུགས་བཪྙན་བཟང་པོ་གང་ལེགས་མཚོན་པར་བྱས་ཐོག་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མངགས་གཏོང་ཚན་པ་དང་གྲོང་ཚོར (གྲོང་ལྷན )བཅའ་སྡོད་ལས་དོན་རུ་ཁག་ཁག་དང་དེ་བཞིན་རྒྱ་ཆེའི་གྲོང་ཚོར (གྲོང་ལྷན )བཅའ་སྡོད་ལས་དོན་རུ་མིས་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་སློབ་སྦྱོང་གི་མིག་དཔེ་དང་རྗེས་བསྙེགས་ཀྱི་ཚད་གཞིར་འཛིན་ཏེ་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་གྲོང་ཚོར (གྲོང་ལྷན )བཅའ་སྡོད་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ཚད་མཐོའི་ངོས་འཛིན་བྱས་ཏེ་ལས་བྱེད་པ་གྲོང་ཚོར (གྲོང་ལྷན )བཅའ་སྡོད་ལས་དོན་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ནས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཡོང་བ་བྱས་ཏེ་བསམ་བློའི་ངོས་འཛིན་ཐད་ཡར་རྒྱས་གསར་པ་ཡོད་པ་དང་། བྱེད་སྒོ་སྤེལ་བར་བསམ་ཕྱོགས་གསར་པ་ཡོད་པ། ལས་དོན་སྤེལ་བར་བྱ་ཐབས་གསར་པ་ཡོད་པ། གྲོང་ཚོར་བཅའ་སྡོད་ཀྱི་ཕན་འབྲས་ལ་རྣམ་པ་གསར་པ་ཡོད་པ་བཅས་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་གཟེངས་སྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་འཛིན་དང་ཡང་འབད་བསྐྱར་འབད་བྱས་ནས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས་པའི་རེ་བ་འདོན་རྒྱུ་ཡིན།

        དེང་སྐབས་རང་ལྗོངས་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་འགག་རྩའི་དུས་མཚམས་སུ་གནས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། བློ་མཐུན་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས ”པའི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ལྷག་པར་དུ “ཁྲིམས་ལྟར་བོད་སྐྱོང་བ་དང་ཡུན་རིང་བོད་འཛུགས་སྐྲུན་བྱེད་པའི ”མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་བསམ་བློ་བཅིངས་འགྲོལ་དང་། གསར་འབྱེད་ཡར་བརྩོན། འགག་སྒྲོལ་དཀའ་སེལ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།