དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ་ཁག་གསུམ་པའི་མིང་འདོགས་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་ས་ཁུལ། ལྷོ་ཁ་ས་ཁུལ། ཉིང་ཁྲི་ས་ཁུལ་བཅས་འབྲེལ་ཡོད་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རེ་ཞུ་བྱས་པ་དང་ས་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ཐོག་མའི་ཞིབ་དཔྱད་སྒྲིག་འཛུགས་བྱས་རྗེས་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས 《བོད་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་ཡིག་ཐོག་སྙན་ཞུ་དང་དོ་དམ་གཏན་འབེབས (ཚོད་ལྟའི་ལག་བསྟར )》དགོངས་དོན་གཞིར་བཟུང་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་ས་ཁུལ། ལྷོ་ཁ་ས་ཁུལ། ཉིང་ཁྲི་ས་ཁུལ་བཅས་ཀྱི་སྲིད་འཛིན་གྲོང་ཚོ (སྡེ་ཁུལ )186ལ་དཔྱད་གཞིའི་ཡིག་ཆ་ཞིབ་ལྟ་དང་སྙན་ཞུ་ཉན་པ་ས་ཆ་དངོས་སུ་ལྟ་ཞིབ། རྩ་འཛུགས་ཀྱིས་དཔྱད་ཞིབ་སོགས་ཀྱི་གོ་རིམ་ལ་གཞིགས་ནས་བསྐྱར་ཞིབ་བྱས་པ་བརྒྱུད་པའི་ནང་སྲིད་འཛིན་གྲོང་ཚོ (སྡེ་ཁུལ )161རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་གཞི་རྩའི་ཆ་རྐྱེན་དང་འཛུགས་སྐྲུན་གྱི་དམིགས་ཚད་དང་མཐུན་ཡོད་ད་ལྟ 《བོད་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་ཡིག་ཐོག་སྙན་ཞུ་དང་དོ་དམ་གཏན་འབེབས (ཚོད་ལྟའི་ལག་བསྟར )》གྱི་བླང་བྱ་གཞིར་བཟུང་ཁྱབ་བསྒྲགས་བྱ་རྒྱུ་ཡིན། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ཚན་པ་ཁག་དང་མི་སྒེར་ལ་བསམ་འཆར་རམ་ཡང་ན་གྲོས་འགོ་གང་ཡོད་ཚེ་ཁ་པར་དང་འཕྲིན་ཡིག་བསྐུར་ནས་ཞུ་བ་དང་ཇུས་འདྲི་བྱེད་ཆོག

        གཅིག ཁྱབ་བསྒྲགས་ཀྱི་དུས་ཚོད། 2013ལོའི་ཟླ་11ཚེས་1ཉིན་ནས་2013ལོའི་ཟླ་11ཚེས་10ཉིན་བར།

        གཉིས། ཐེར་འདོན་གོང་ཞུའི་འབྲེལ་གཏུག་བྱེད་ཐབས་དང་། བདག་སྤྲོད་བྱེད་སྟངས། འཕྲིན་ཡིག་དང་། ཁ་པར། ཇུས་འདྲི་བཅས་ཀྱི་ཐོག་ནས་སྣེ་ལེན་བྱེད་སྟངས།

        བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་སྣོད་བཅུད་ཁྲུའི་ཁ་པར། 0891—6849041( བཪྙན་སྐྱེལ་བརྒྱུད་ཆོག་པ )

        ས་གནས། ལྷ་ས་གྲོང་ཁྱེར་བཅིངས་འགྲོལ་དཀྱིལ་ལམ་ཨང་26སྦྲག་སྲིད་ཨང་གྲངས། 850000

        གསུམ། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་མིང་འདོགས་རྒྱུའི་སྐོར་གྱི་མིང་ཐོ།

        ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང (3) བདེ་ཆེན་གྲོང་རྡལ་གྱི་བདེ་ཆེན་གྲོང་ཚོ། པད་ནག་གྲོང་ཚོ། དར་རྒྱས་ཤང་གི་བྲག་དཀར་ཞོལ་གྲོང་ཚོ་བཅས།

        ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང (1) རུ་ཐོག་ཤང་གི་ལྷ་ལུང་གྲོང་ཚོ།

        ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་(1) གནམ་ཤང་གི་ལྗང་གྲོང་ཚོ།

        ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང (1) སྙེ་མོ་ཤང་རི་མཚོ་གྲོང་ཚོ།

        ཉིང་ཁྲི་ས་ཁུལ་སྣང་རྫོང (34) སྐྱེམས་སྟོང་ཤང་གི་ཁང་དམར་གྲོང་ཚོ་དང་། གླ་གཡེར་གྲོང་ཚོ། ཤྲི་རི་ཁ་གྲོང་ཚོ། སྟོང་གཤོངས་གྲོང་ཚོ། འབང་དམར་གྲོང་ཚོ། སྤག་གླུང་གྲོང་ཚོ་བཅས། གདོང་དཀར་གྲོང་རྡལ་གྱི་བསྡུད་ཞིང་གྲོང་ཚོ་དང་། དཀྲོགས་གྲོང་ཚོ། བཀྲ་ཤིས་ཐང་གྲོང་ཚོ། བསྡམས་གྲོང་ཚོ། དགོན་གྲོང་ཚོ། དཀར་སྒོང་གྲོང་ཚོ་བཅས། ལྡེ་མོ་ཤང་གི་རྡོ་ལུང་གྲོང་ཚོ་དང་། སྦི་གླིང་གྲོང་ཚོ། ལྡེ་མོ་གྲོང་ཚོ། མཛོ་དཀར་གྲོང་ཚོ། སྦུང་དཀར་གྲོང་ཚོ། སེམས་མོ་གྲོང་ཚོ། པ་བཟང་གྲོང་ཚོ། སླེ་གླུང་གྲོང་ཚོ་བཅས། སྣང་གྲོང་རྡལ་གྱི་འཁྲུངས་ཁང་གྲོང་ཚོ་དང་། ཐོགས་མེད་གྲོང་ཚོ། ཟིམ་གྲོང་ཚོ། སྙ་གྲོང་ཚོ། དོད་པ་གྲོང་ཚོ། སྣང་པ་སྡེ་ཁུལ། དོད་པ་ཐང་གྲོང་གསར་གྲོང་ཚོ། སྦལ་རབས་གྲོང་ཚོ་བཅས། གྲོང་མདའ་གྲོང་རྡལ་གྱི་ཝ་ལེ་གྲོང་ཚོ་དང་། དུས་ཞོལ་གྲོང་ཚོ། སྤྲོ་ཁང་གྲོང་ཚོ། ལྷ་དོན་ཞོལ་གྲོང་ཚོ། བྱ་བཤད་གྲོང་ཚོ། གྲོང་མདའ་གྲོང་ཚོ་བཅས་ཡིན།

        ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང (66) འགྲོ་བ་དགོན་གྲོང་རྡལ་གྱི་བྲག་དཀར་གྲོང་ཚོ་དང་། ཞོལ་སྙེ་གྲོང་ཚོ། དགྲ་ལྷ་གྲོང་ཚོ། ལུང་མགོ་གྲོང་ཚོ། སངས་འགྱུར་གྲོང་ཚོ། གཤོང་མཇུག་གྲོང་ཚོ། ཁུག་ཐང་གྲོང་ཚོ། དགའ་པ་གྲོང་ཚོ། རི་གདོང་གྲོང་ཚོ། སྐྱིད་སྒང་སྡེ་ཁུལ། མུ་རུབ་གྲོང་ཚོ་བཅས། རྫ་ཡུལ་སྟོད་གྲོང་རྡལ་གྱི་དམིགས་སྒོ་གྲོང་ཚོ་དང་། གུ་ཡངས་གྲོང་ཚོ། སོག་བརླིང་གྲོང་ཚོ། འཁྲིས་པ་གྲོང་ཚོ། ཐོག་ཡུལ་གྲོང་ཚོ། བསིལ་གྲོང་ཚོ། སྒང་ཀུ་གྲོང་ཚོ། སྐྱིད་པོ་གྲོང་ཚོ། སྦལ་རྟག་གྲོང་ཚོ། རོང་ཡུལ་གྲོང་ཚོ། ཚོད་ཞིང་གྲོང་ཚོ། བུ་གཙང་གྲོང་ཚོ། བསམ་པ་ཡར་གྲོང་ཚོ་བཅས། རྫ་ཡུལ་སྨད་གྲོང་རྡལ་གྱི་ལ་སྟེང་གྲོང་ཚོ་དང་། ས་མ་གྲོང་ཚོ། སབ་ཆུང་གྲོང་ཚོ། གྲོང་གསར། ཤག་གཉིས་གྲོང་ཚོ། ཐ་གླིང་གྲོང་ཚོ། སྒང་མཐང་གྲོང་ཚོ། སྒ་ཡབས་གྲོང་ཚོ། སྤང་ངག་ཐང་གྲོང་ཚོ། བསམ་ཐང་གྲོང་ཚོ། སྒ་སྟོད་སྒ་སྨད་གྲོང་ཚོ། རི་མ་གྲོང་ཚོ། ཐ་མ་གྲོང་ཚོ། གྲོང་གཉིས་གྲོང་ཚོ་བཅས། འགོ་ཡུལ་ཤང་གི་སྤོ་གཞུ་གྲོང་ཚོ་དང་། ལོ་མ་གྲོང་ཚོ། མགོ་ཆེན་གྲོང་ཚོ། པ་ཡུལ་གྲོང་ཚོ། རིའུ་ཤོད་གྲོང་ཚོ་བཅས། ཚ་བ་རོང་ཤང་གི་གྲ་སྣ་གྲོང་ཚོ་དང་། སྟེང་ཤོད་གྲོང་ཚོ། ལུང་ཕུང་གྲོང་ཚོ། སྐྲ་ཨེན་གྲོང་ཚོ། ཁྲང་ཤིའི་གྲོང་ཚོ། སངས་མཐའ་གྲོང་ཚོ། ཨ་བན་གྲོང་ཚོ། ཆེན་གྲོང་བ་གྲོང་ཚོ། བཙོག་བུ་གྲོང་ཚོ། ཁང་རུ་གྲོང་ཚོ། རྩ་རིང་གྲོང་ཚོ། འབྲུག་ལ་གྲོང་ཚོ། དབའ་སྦུག་གྲོང་ཚོ། ཞོལ་པ་གྲོང་ཚོ། དཀར་བུ་གྲོང་ཚོ། བསག་བུ་གྲོང་ཚོ། མུ་པ་གྲོང་ཚོ། རྨོག་བཀྲ་གྲོང་ཚོ། མགོ་མདའ་གྲོང་ཚོ། སྤ་བུ་གྲོང་ཚོ། ལྷ་ཁ་གྲོང་ཚོ། སྐེད་རི་གྲོང་ཚོ། གྲོང་གཉིས་གྲོང་ཚོ་བཅས།

        ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང (6) རྒྱ་ཤིང་ཤང་གི་གསུམ་མདོ་གྲོང་ཚོ་དང་། ཤན་པ་ཐང་གྲོང་ཚོ། གྲོང་གསར་ཤང་གི་དགོན་པ་ནང་གྲོང་ཚོ་དང་སྨད་པ་གྲོང་ཚོ། དཔའ་ནང་གྲོང་ཚོ་བཅས། བྲག་ཆུ་གྲོང་རྡལ་གྱི་བཙུན་མོ་ཚལ་གྲོང་ཚོ།

        ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་(4) ཁྲབ་རྨོག་གྲོང་རྡལ་གྱི་ཁྲབ་རྨོག་སྡེ་ཁུལ་དང་། ཆུ་མདོ་གྲོང་རྡལ་གྱི་སྟན་ཀྲུང་གྲོང་ཚོ་དང་ཁ་རྟགས་གྲོང་ཚོ། ར་བཞི་གྲོང་ཚོ་བཅས།

        ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང (3) བུ་ཆུ་ཤང་གི་གྲོང་གསར་པ་གྲོང་ཚོ་དང་། དགུན་ཚང་མོན་པ་མི་རིགས་ཤང་གི་པད་མ་སྡེམ་གྲོང་ཚོ། ཉིང་ཁྲི་གྲོང་རྡལ་གྱི་ཁང་གྲ་གྲོང་ཚོ་བཅས།

        ལྷོ་ཁ་ས་ཁུལ་གྲ་ནང་རྫོང (4 ) གྲ་ཕྱི་ཤང་གི་བདེ་སྐྱིད་གྲོང་ཚོ་དང་། རྔ་སྒྲ་ཤང་གི་གྲམ་མདའ་གྲོང་ཚོ། ལྕང་ཅན་གྲོང་ཚོ། རྔ་སྒྲ་གྲོང་ཚོ་བཅས།

        ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང (6) ཆུ་གསུམ་གྲོང་རྡལ་གྱི་ཆུ་གསུམ་གྲོང་ཚོ་དང་། དུང་དཀར་གྲོང་ཚོ། ཁྱུང་དཀར་གྲོང་ཚོ། གོང་སྨད་གྲོང་ཚོ། ཤག་ལྷོ་གྲོང་ཚོ། གོང་སྟོད་གྲོང་ཚོ།

        ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང (2)མཚོ་སྨད་གྲོང་རྡལ་གཏམ་ཞོལ་གྲོང་ལྷན། གྲི་གུ་གྲོང་རྡལ་གྲི་གུ་གྲོང་ལྷན།

        ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང (2)རྫ་ར་ཤང་གི་ཟམ་པ་མདོང་གྲོང་ཚོ་དང་གྲོང་ནང་གྲོང་ཚོ།

        ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང (3)ལ་རྒྱབ་ཤང་གི་ལ་རྒྱབ་གྲོང་ཚོ། ལྷོ་བྲག་གྲོང་རྡལ་སྐྱིད་འདོད་སྡེ་ཁུལ་གྲོང་ལྷན། ལྷ་ཁང་གྲོང་རྡལ་གྱི་ལྷ་ཁང་སྡེ་ཁུལ་གྲོང་ལྷན།

        ལྷོ་ཁ་ས་ཁུལ་ཟངས་རི་རྫོང (3)རོང་ཤང་གི་འཕྲིན་པ་གྲོང་ཚོ། ཁྲོམ་མདའ་གྲོང་ཚོ། རྒྱ་ཐང་གྲོང་ཚོ།

        ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང (4)རྩེད་ཐང་གྲོང་རྡལ་གྱི་རྩེད་ཐང་སྡེ་ཁུལ་དང་། བཙན་ཐང་སྡེ་ཁུལ། དགོན་གསར་སྡེ་ཁུལ། སྐྱེ་ས་སྡེ་ཁུལ་བཅས།

        ལྷོ་ཁ་ས་ཁུལ་གོང་དཀར་རྫོང་(4) སྐྱིད་གཤོངས་གྲོང་རྡལ་གྱི་སྐྱིད་གཤོངས་སྡེ་ཁུལ། བྲག་ཆེན་སྡེ་ཁུལ། ཧུང་ཤིན་སྡེ་ཁུལ། སླེའུ་ཆུང་གྲོང་ཚོ་བཅས།

        ལྷོ་ཁ་ས་ཁུལ་རྒྱ་ཚ་རྫོང་(2)མངར་རབ་གྲོང་རྡལ་གྱི་རུ་མི་གྲོང་ཚོ། རྒྱ་ཚ་གྲོང་རྡལ་གྱི་བྱང་ཐང་གྲོང་ཚོ།

        ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་(3)ལམ་ཕུག་ཤང་གི་ཆུ་ནག་གྲོང་ཚོ། མག་མང་མོན་པ་མི་རིགས་ཤང་གི་མག་མང་གྲོང་ཚོ། ཁ་ཆུ་ཤང་གི་བཟང་ཡུལ་གྲོང་ཚོ།

        ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང (4)ལྷ་ཡུལ་ཤང་གི་སྡེ་ཆེན་སྡང་གྲོང་ཚོ། ཤ་གསོས་ཤང་གི་འཇུ་གྲོང་ཚོ། རྒྱལ་སྨན་ཤང་གི་རྒྱལ་སྨན་གྲོང་ཚོ། འཕྲང་ཁ་གྲོང་ཚོ།

        ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང (2)སྣ་དཀར་རྩེ་གྲོང་རྡལ་སྣ་དཀར་རྩེ་སྡེ་ཁུལ་དང་དཔལ་དི་ཤང་གི་དཔལ་དི་གྲོང་ཚོ།

        གཞིས་རྩེ་ས་ཁུལ་གཏིང་སྐྱེས་རྫོང (3)ཁྱུང་རྩེ་ཤང་གི་རྨུག་གྲོང་ཚོ་དང་། རྒྱལ་མཁར་གྲོང་རྡལ་གྱི་རྒྱལ་མཁར་གྲོང་ཚོ། འདྲེན་ཐང་གྲོང་རྡལ་གྱི་ནགས་ཐང་གྲོང་ཚོ་བཅས།

        བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས།

        2013ལོའི་ཟླ་11ཚེས་1ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།