དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ལྗོངས་ཀྱི་དྲིལ་བསྒྲཌ་བསམ་བློ་རིག་གནས་ཁོངས་གཏོཌ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“8·19”ཉིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ།

        རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི “8·19” ཉིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་སྐབས་གཞི་འཛུགས་ས་དང་། མདོ་འདུས་ས། ཤུགས་རྒྱག་ས་བཅས་ཁོང་དུ་ཆུད་པ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ནས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་མ་བཏང་བ་རེད། རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ལས་བཟོ་ཚོས་སློབ་སྦྱོང་བྱས་པ་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པར་རྩ་ཚིག་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔ་བལྟས་ཕྱི་བསམ་གྱི་རང་བཞིན། དམིགས་གཏད་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ལྡན་ཡོད་པའི་ངོས་འཛིན་གསལ་པོ་བྱུང་བ་དང་། གསུང་བཤད་གལ་ཆེན་དེས་མིག་སྔར་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གི་ངོས་འཛིན་གསལ་པོ་མེད་པ་འགའ་ཁ་གསལ་དུ་བཏང་ཡོད་པས་ང་ཚོས་ངེས་པར་དུ་གསུང་བཤད་གལ་ཆེན་དང་རང་ཁྱབ་ཁོངས་ཀྱི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་ཁ་ཕྱོགས་དང་དམིགས་ཚད་གསལ་དུ་དང་། འཕེལ་རྒྱས་གཏོང་ཕྱོགས་གསལ་བཀྲོལ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་ཕུགས་འདུན་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ཕུགས་རེ་བཟང་པོར་ཡིད་ཆེས་དང་བློ་སྟོབས་འཛུགས་པ་དང་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གསུང་བཤད་ཀྱི་དགོངས་དོན་དང་ཟུང་འབྲེལ་གང་འདྲ་བྱ་དགོས་པར་དམིགས་ཏེ་རིམ་པ་དེ་བས་མཐོ་བའི་ཐོག་ནས་འཐབ་ཇུས་གལ་ཆེན་ལྡན་པའི་དྲིལ་བསྒྲགས་ཀྱི་གྲུབ་འབྲས་དང་ཤུགས་རྐྱེན་སྔར་བས་ཐེབས་ཆེ་རུ་བཏང་ཁར་གནད་ལ་འཁེལ་ཆེ་བ་དང་། གཞི་ཁྱོན་ཆེ་བ། དབྱེ་ཞིབ་གཏིང་ཟབ་པ་བཅས་ཀྱི་ཐོག་ཤུགས་རྒྱག་རྒྱུ་བྱས་པ་རེད།

        ཚགས་པར་ཁང་ཏང་ཨུད་ཀྱིས་གསར་འགྱུར་ཇུས་འགོད་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་ཤུགས་རྒྱག་པ་དང་། གསར་འགྱུར་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་གསུམ་ཇུས་འགོད་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཇུས་འགོད་ཞིབ་ཚགས་བྱས་ནས་བཟང་ཕྱོགས་ཁྲིད་པ་བཅས་བྱས་ཏེ་གསར་འགྱུར་གཏོང་སྤེལ་གྱི་དམིགས་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་ཏན་ཏིག་བཏང་བ་དང་དུས་མཚུངས་སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་དུ་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་འཚོལ་ཞིབ་རྒྱུན་ཆད་མེད་པར་བྱས་ཡོད། ཚགས་པར་དང་དྲ་རྒྱ་མཉམ་སྤྱོད་དང་མཉམ་འགུལ་སྔར་ལྷག་ཐུབ་པ་བྱས་ནས་ཚགས་པར་དང་དྲ་རྒྱ་མཉམ་འདྲེས་ཐུབ་པའི་ཐོག་ཤུགས་སྣོན་བརྒྱབ་སྟེ་དུས་རབས་ཀྱི་དགོས་མཁོ་དང་འཚམ་པ་དང་རྒྱ་ཆེའི་གཟིགས་མོ་བའི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་རིག་གནས་དང་བསམ་པའི་དགོས་མཁོ་བསྐངས་བ་རེད།

        རང་སྐྱོང་ལྗོངས་རླུང་འཕྲིན་དང་བཪྙན་འཕྲིན་ཅུས་ཀྱི་རྒྱ་ཆེའི་ལས་བཟོ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ཀླད་པར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་སླད་ཕྱིན་དུས་སྐབས་ཤིག་རིང་རང་ལྗོངས་ཀྱི་རླུང་འཕྲིན་བཪྙན་འཕྲིན་བྱ་གཞག་གི་འཕེལ་རྒྱས་བསམ་ཕྱོགས་ཁ་གསལ་བྱུང་ཡོད་པ་རེད། ལྗོངས་ཡོངས་ཀྱི་རླུང་འཕྲིན་བཪྙན་འཕྲིན་སྡེ་ཚན་གྱིས “གཉིས་བརྒྱུད་གཏོང་བྱེད་པ་དང་། གཅིག་བཀག་ཉར་བྱེད་པ། ལྟ་དགའ་ཉན་སྤྲོའི་གནད་དོན་ཐག་གཅོད་བྱེད་པ། མ་ལག་བཞི་འཛུགས་པའི ”འཕེལ་རྒྱས་གཏོང་ཕྱོགས་ལ་གཞིགས་ཏེ་རླུང་འཕྲིན་བཪྙན་འཕྲིན་ལྟ་ཉན་བྱེད་མཁན་གྱི་མི་འབོར་ཁྱབ་ཚད་སྔར་བས་སྲ་བརྟན་དང་མང་དུ་བཏང་བ་དང་། རླུང་འཕྲིན་དང་བཪྙན་འཕྲིན “ཁྱིམ་ཚང་ཀུན་ཁྱབ ”གྱི་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུར་སྐུལ་མ་བཏང་བ། དགོན་སྡེར་རླུང་འཕྲིན་དང་བཪྙན་འཕྲིན་ཁྱབ་པ་བྱེད་པའི་འཛུགས་སྐྲུན་བརྟན་གཏོང་དང་འཐུས་ཚང་དུ་བཏང་བ། རླུང་འཕྲིན་བཪྙན་འཕྲིན་གྱི་ལེ་ཚན་གསར་གཏོད་བྱེད་ནུས་དང་བོད་སྐད་དུ་སྒྱུར་བཟོ་བྱེད་པའི་ཆུ་ཚད་མཐོ་རུ་བཏང་བ། རླུང་འཕྲིན་བཪྙན་འཕྲིན་གྱི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོབ་ཡག་པོ་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་གསུང་སྒྲ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་བྱས་པ། བོད་གསར་པའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། རྣམ་པ་གསར་པ་བཅས་འཛམ་གླིང་ས་གནས་ཁག་ལ་བརྒྱུད་བསྒྲགས་ཧུར་ཐག་བྱས་པ་བཅས་རེད།

        ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སླད་ཕྱིན་ལས་ཀའི་གཙོ་གནད་ནི་ལས་ཀའི་གཡུལ་ས་བརྟན་སྲུང་དང་རྒྱ་སྐྱེད་གཏོང་རྒྱུ་དང་། ཆབ་སྲིད་ཀྱིས་ཁྲིད་སྟོན་དང་ཆབ་སྲིད་ཀྱིས་བསྡུ་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལས་ཀའི་བྱ་ཐབས་མང་དུ་གཏོང་བ། རྩ་འཛུགས་ཀྱི་རྣམ་པ་གསར་གཏོད་བྱེད་པ། ལས་ཀའི་བྱ་ཐབས་འཚོལ་ཞིབ་བྱེད་པ་བཅས་ཡིན་པ་རེད། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་རིག་རྩལ་མཁས་པ་མཐུན་ཚོགས་10ཡི་སྐབས་བརྗེའི་གོ་སྐབས་སྤྱད་དེ་ཚོགས་འདུའི་དགོངས་དོན་དང་ཟུང་འབྲེལ་དམ་ཟབ་ཐོག་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་རྒྱུ་དང་སྒྲིག་གཞིའི་ནང་གི་རིག་རྩལ་ལས་དོན་པའི་ལས་ཀ་མུ་མཐུད་ཡག་པོ་སྒྲུབ་པ་དང་དུས་མཚུངས་བསྡུར་ཚད་ངེས་ཅན་ལྡན་པའི་བོད་དུ་ཡོང་བ་ཚུད་པའི་སྒྲིག་གཞི་ཕྱི་ལོགས་ཀྱི་རིག་རྩལ་མཁས་དབང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཁག་ནང་ཞུགས་རྒྱུར་མཐོང་ཆེན་བྱ་རྒྱུ། རིག་གནས་ཀྱི་སྤུས་རྟགས་གཏོད་རྒྱུའི་ཐད་བོད་ཀྱི་ཁྱད་ཆོས་ལྡན་པ་དང་། ཡུན་རིང་ལག་བསྟར་ཆོག་པ། ཤུགས་རྐྱེན་རྒྱ་ཆེར་གཏོང་ཐུབ་པ་བཅས་ཀྱི་རིག་གནས་སྤུས་རྟགས་ཁག་གཅིག་འཚོལ་ཞིབ་དང་། འཛུགས་པ། ལག་བསྟར་བཅས་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།