དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • མངའ་རིས་ཀྱིས་རུལ་རྒོལ་གཙང་སྤེལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་ཧུར་ཐག་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ད་ལོ་ནས་བཟུང་མངའ་རིས་ས་ཁུལ་གྱིས “རུལ་རྒོལ་གཙང་སྤེལ་ལ་རྒྱུན་དུ་དམ་འཛིན་ལྷོད་མེད་ཀྱིས། རུལ་རྒོལ་འགྱུར་འགོག་གི་ཉེན་བརྡ་རྟག་ཏུ་སྒྲོག ”པར་དམིགས་པའི་བླང་བྱར་དམ་པོར་དམིགས་པ་དང་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས “ལས་སྟེགས་ཆེ་གྲས་དྲུག ”བཏོད་ནས་རུལ་རྒོལ་གཙང་སྤེལ་གྱི་དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་པ་རེད།

        འགོ་ཁྲིད་ལས་བྱེད་པའི་རུལ་རྒོལ་གཙང་སྤེལ་གྱི་སློབ་གསོའི་གསོ་སྦྱོང་ལས་སྟེགས་བཏོད་པ། མངའ་རིས་ས་ཁུལ་སྒྲིག་ཨུད་ཀྱིས་ས་ཨུད་རྩ་འཛུགས་པུའུ་དང་ས་ཨུད་ཏང་གི་སློབ་གྲྭའི་དབར་མཉམ་འབྲེལ་བྱས་ཐོག་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཛིན་གྲྭའི་ཐབས་ལམ་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ས་ཨུད་ཏང་གི་སློབ་གྲྭ་དང་རྫོང་ཨུད་ཏང་གི་སློབ་གྲྭ་ཁག་གིས “སྲིད་གཙང་འཆད་ཁྲིད ”བཙུགས་པ་དང་། གསོ་སྦྱོང་འཛིན་གྲྭ་དུས་ཐེངས་19གཉེར་བ་དང་ལས་བྱེད་པ་མི་ཐེངས་720གསོ་སྦྱོང་དང་གསོ་སྦྱོང་མི་ཐེངས་363ལེཌ་སྒྲུབ་བྱས་ཚར་ཡོད་པ་རེད།

        ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་རང་བཞིན་གྱི་སྲིད་གཙང་སློབ་གསོའི་ལས་སྟེགས་བཏོད་པ། 《རུལ་རྒོལ་འགྱུར་འགོག་གི་ཟླ་རེའི་སློབ་ཚན་གཅིག 》36མངགས་ཉོ་བྱས་ཏེ་རིམ་ཁག་སྡེ་ཚན་ཁག་གིས་ཟླ་རེར་ཏང་ཡོན་ལས་བྱེད་པར་རུལ་རྒོལ་འགྱུར་འགོག་གི་ཟླ་རེར་སློབ་ཚན་གཅིག་གི་སློབ་གསོ་དང་སྤྱོད་གཙང་སྲིད་སྐྱོང་སློབ་གསོ་རྒྱག་པ་དང་། གཅིག་སྡུད་སློབ་སྦྱོང་དང་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་སློབ་ཁྲིད་བྱེད་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་རྒྱུན་གཏན་རང་བཞིན་གྱི་སྲིད་གཙང་སློབ་གསོར་ཤུགས་སྣོན་རྒྱག་པ། ས་ཁུལ་སྒྲིག་ཨུད་དང་ལྟ་ཞིབ་ཅུས་ཀྱིས་དུས་ངེས་མེད་ཐོག་ཟུར་བཤེར་ཐབས་ལམ་སྤྱད་ནས་གོང་གསལ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཞིབ་བཤེར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

        ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དད་སེམས་ཀྱི་སློབ་གསོའི་ལས་སྟེགས་བཏོད་པ། ས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་དེ “གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་རྟེན་གཞི ”རུ་བསྐྲུན་ནས་ད་ལོ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་སྔོན་གཤེགས་དཔའ་བོའི་བང་སོར་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་ཐེངས་3བརྒྱབ་པ་དང་སློབ་གསོ་ཐེབས་ཁྱོན་མི་གྲངས་མི་ཐེངས་2000ལྷག་ཟིན་པ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས 《སྔོན་སྐྱོད་ལེའན 》སོགས་བརྗོད་བྱ་གཙོ་བོའི་གློག་བཪྙན་ཐེངས་30ལྷག་ལ་བལྟས་པ་མ་ཟད། དུས་ཆེན་གལ་ཆེན་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་ཏང་གཤིས་གསོ་སྐྱོང་གི་སྦྱོང་བརྡར་སློབ་གསོ་སྤེལ་བ་རེད།

        ཏང་ཡོན་ལས་བྱེད་པའི་ཉེན་བརྡ་སློབ་གསོའི་ལས་སྟེགས་བཏོད་པ། ད་ལོ་ཉེན་བརྡ་སློབ་གསོའི་དཔྱད་ཡིག་200ལྷག་བཀྲམས་ནས་རིམ་ཁག་སྡེ་ཚན་སྒྲིག་འཛུགས་ཀྱིས་ཉེན་བརྡ་སློབ་གསོའི་ཚོགས་འདུ་ཐེངས་150ལྷག་འཚོགས་པ་དང་སློབ་གསོ་ཐེབས་པའི་ལས་བྱེད་པ་མི་ཐེངས་4000ལྷག་ཟིན་པ་མ་ཟད། སྤྱི་བདེ་སྡེ་ཚན་དང་མཉམ་དུ “ཉེན་བརྡ་སློབ་གསོའི་རྟེན་གཞི ”བསྐྲུན་ཚར་ཡོད་པ་རེད།

        རུལ་རྒོལ་གཙང་སྤེལ་གྱི་དྲན་སྐུལ་སློབ་གསོའི་ལས་སྟེགས་བཏོད་པ། རིམ་ཁག་སྡེ་ཚན་ཁག་གིས་སེམས་གཏམ་དང་། གླེང་མོལ། རྟིང་སྐུལ་བཅས་ཀྱི་དྲན་སྐུལ་སློབ་གསོའི་ལམ་སྲོལ་བཟོས་པ་རེད།

        རུལ་རྒོལ་གཙང་སྤེལ་གྱི་དྲིལ་བསྒྲགས་སློབ་གསོའི་ལས་སྟེགས་བཏོད་པ། ལོ་རེའི་ཟླ་5པ་ནི་མངའ་རིས་ས་ཁུལ་གྱི “སྲིད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བར ”གཏན་འཁེལ་བྱས་པ་དང་། རིམ་ཁག་སྡེ་ཚན་ཁག་སྐུལ་སློང་གིས་སྲིད་གཙང་རིག་གནས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་དང་། 《ཁྱིམ་ཚང་རོགས་གཙང་ཡིག་གསུམ་མདོ 》སོགས་བཟོས་ཏེ་དཔེ་དེབ་ཁྲི་4.3དཔར་འགྲེམས་བྱས་ཤིང་། སྒྲིག་འཛུགས་བྱས་ནས་གཅིག་སྡུད་སྒྲོག་འགྲེལ་ཐེངས་75དང་སྐོར་སྐྱོད་སྒྲོག་འགྲེལ་ཐེངས་16བྱས་པ་མ་ཟད། དྲིལ་བསྒྲགས་དཔྱད་ཡིག་ཁྲི་1.1སྤྲད་པ། སྲིད་གཙང་པར་རིས་དང་། དྲིལ་བསྒྲགས་རི་མོ། སྦྱར་ཚིག་སོགས་སྣ་ཚོགས་ཁག་200ལྷག་སྦྱར་བའམ་བཀལ་བ་དང་། སྲིད་གཙང་གླུ་གཞས་ཁག་60ལྷག་འཚོལ་བསྡུ་དང་། གཏོང་བ། སྒྲིག་འཛུགས་སློབ་སྦྱོང་བཅས་བྱས་པ་དང་དུས་མཚུངས་གྲོང་ཚོར (ཡུལ་མི་ཨུ་ལྷན )བཅའ་སྡོད་ལས་དོན་རུ་ཁག་ཁག་ལ་སྐུལ་སློང་བྱས་ནས་སྲིད་གཙང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

        “ལས་སྟེགས་ཆེ་གྲས་དྲུག ”བཏོད་པ་བརྒྱུད། མངའ་རིས་ས་ཁུལ་གྱི་རུལ་རྒོལ་གཙང་སྤེལ་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་ཐབས་ལམ་དང་ནང་དོན་སྔར་བས་ཕུན་སུམ་ཚོགས་པོར་བཏང་ཞིང་། སློབ་གསོ་ཁྱབ་ཁྱོན་100%ཟིན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་གཅིག་རྗེས་གཉིས་མཐུད་ངང་བྱེད་སྒོ་སྣ་ཚོགས་ཁྲོད་ཞུགས་པ་དང་། ཏང་སྲོལ་ཏང་སྒྲིག་དང་ཏང་གཤིས་འདུ་ཤེས་ཟབ་ཏུ་ཏན་ཏིག་སོང་བ་དང་སྤྱོད་གཙང་སྲིད་སྐྱོང་འདུ་ཤེས་ཟབ་ཏུ་གང་ལེགས་ཕྱིན་ནས་ས་ཁུལ་གྱི་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།