བོད་རང་སྐྱོང་ལྗོངས་ཞིང་འབྲོག་མང་ཚོགས་ཀྱི་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་སྐོར།
གླེང་གཞི།
རང་ལྗོངས་སུ་2003ལོ་ནས་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་ལམ་ལུགས་ལག་ལེན་དང་ཁྱབ་སྤེལ་བྱས་པ་ནས་བཟུང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རིམ་བཞིན་ཚད་མཐུན་དང་འཐུས་ཚང་བྱུང་། ཞིང་འབྲོག་པའི་སྨན་བཅོས་ཞབས་ཞུའི་དགོས་མཁོ་ལ་འགན་སྲུང་སྨན་བཅོས་འགྲོ་སོང་གི་ཁུར་བུ་ཡང་དུ་གཏོང་རྒྱུར་དངོས་ཡོད་ཀྱི་ནུས་པ་ཐོན་ཡོད་པས། ཞིང་འབྲོག་མང་ཚོགས་ཀྱིས་རྒྱ་ཆེའི་དགའ་བསུ་ཐོབ་ཡོད། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཡང་དག་དང་འགན་སྲུང་ཆུ་ཚད་གོང་འཕེལ་སྔར་ལས་ལྷག་པ་གཏོང་ཆེད། 2011ལོའི་ཟླ་7པའི་ཚེས་1ནས་བཟུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མ་རྩ་བཏོན་ནས་ཞིང་འབྲོག་མང་ཚོགས་རྣམས་ལ་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་ཉོས་ཡོད།
རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་དང་ཀྲུང་གོ་མི་དམངས་འགན་བཅོལ་ཀུང་སི་བོད་ཡན་ལག་ཀུང་སི་གཉིས་དབར་མཉམ་ལས་ཐོག་ཞིང་འབྲོག་པའི་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་སྤེལ་ཡོད། འགན་བཅོལ་དེ་ལག་བསྟར་བྱས་ནས་ལོ་གཅིག་ལྷག་ཙམ་སོང་བའི་ཞིང་འབྲོག་པའི་སྨན་བཅོས། འགན་སྲུང་ཆུ་ཚད་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་ཡོད་པ་དང། ཞིང་འབྲོག་མང་ཚོགས་སྨན་བཅོས་ཀྱི་འགྲོ་སོང་མཐོ་བའི་རྐྱེན་གྱིས་དབུལ་པོར་འགྱུར་བའི་གནས་ཚུལ་བཀག་འགོག་ནུས་ལྡན་ཐུབ་པར་གལ་ཆེའི་ཕན་ནུས་ཐོན་ཡོད།
ཀྲུང་གོ་མི་དམངས་འགན་བཅོལ་ཀུང་སི་བོད་ཡན་ལག་ཀུང་སིས “དམངས་ཀྱི་ཆེད་དང་། དམངས་ལ་སྟབས་བདེ། དམངས་ལ་མཁོ་སྒྲུབ། དམངས་ལ་ཕན་སྐྲུན ”བཅས་ཀྱི་ཞབས་ཞུའི་རྩ་དོན་གཞིར་བཟུང་བློ་གཅིག་སེམས་གཅིག་གིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་ཞབས་འདེགས་ཞུ་རྒྱུ་ཡིན།
དང་པོ། ཞིང་འབྲོག་པའི་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་ཟེར་བ་དེ་ཅི་ཞིག་ཡིན། དེ་ནི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་ལམ་ལུགས་འགན་སྲུང་རྨང་གཞིའི་ཐོག་ནད་གཞི་ལྗིད་པོ་ཕོག་སྟེ་སྨན་རིན་ཕོན་ཆེན་ཐོབ་པའི་ཞིང་འབྲོག་པར་འགྲོ་སོང་ཁ་གསབ་བྱེད་པའི་ཚོང་ལས་རིགས་ཀྱི་སྨན་བཅོས་འགན་བཅོལ་ཞིག་ཡིན། དེ་ནི་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྨན་བཅོས་ལམ་ལུགས་ཁྱབ་རྒྱ་ཆེར་གཏོང་དང་མ་ཆད་རྒྱུན་མཐུད་ཅིག་རེད།
གཉིས་པ། ཞིང་འབྲོག་མང་ཚོགས་ཀྱི་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་འགན་བཅོལ་འགྲོ་གྲོན་སུས་འགན་ལེན་བྱས་ཡོད་དམ། 2011ལོ་ནས་བཟུང་། ཞིང་འབྲོག་མང་ཚོགས་ཀྱི་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་འགན་བཅོལ་འགྲོ་གྲོན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འགན་ལེན་བྱས་ཡོད་པས། ཞིང་འབྲོག་མང་ཚོགས་འགྲོ་གྲོན་འདོན་མི་དགོས།
གསུམ་པ། གནས་ཚུལ་གང་ཞིག་གི་འོག་ཏུ་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་སྨན་རིན་འགྲོ་སོང་གུན་གསབ་བྱེད་ཐུབ། བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནང་ཞུགས་ཡོད་པའི་ཞིང་འབྲོག་མང་ཚོགས་ཚང་མས་གཏན་འཁེལ་བྱས་པའི་སྨན་བཅོས་ཚན་པ་ནས་སྨན་བཅོས་བྱས་པའི་འགྲོ་སོང་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་མཉམ་བསྡུས་ཐེབས་རྩས་སྤྲོད་ངེས་པའི་ཁྱབ་ཁོངས་ཀྱི་སྨན་རིན་ཡིན་པ་དང་། ལོ་འཁོར་མའི་ཁ་གསབ་སྨན་བཅོས་འགན་བཅོལ་འགན་འཁུར་དངུལ་ཚད་ཀྱི་འགོ་འཛུགས་སའི་ཁ་གྲངས་ནས་བརྒལ་བའི་སྨན་ཁང་དུ་བསྡད་ནས་ཕྱིན་པའི་འགྲོ་སོང་ངམ་དམིགས་གསལ་སྒོ་བསྟེན་ན་ཚའི་སྨན་བཅོས་བྱས་པའི་འགྲོ་སོང་ཡིན་ན། སྨན་བཅོས་འགན་བཅོལ་གྱི་ཁ་གསབ་སྨན་རིན་ལོངས་སྤྱོད་བྱ་ཆོག
1 ཞིང་འབྲོག་མང་ཚོགས་ཀྱི་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་ནང་འགན་ཞུགས་པའི་མི་སྣའི་སྐོར། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནང་ཞུགས་ཡོད་པའི་ཞིང་འབྲོག་མང་ཚོགས་ཚང་མ་འགན་ཞུགས་མི་སྣ་ཡིན། དེ་བས་གསལ་བར་བཤད་ན། 《ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་སྨན་བཅོས་རྩིས་ཐོ 》ལག་དེབ་བམ་ཡང་ན་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་སྨན་བཅོས་ཀྱི་ཤོག་བྱང་ཡོད་པའི་ཞིང་འབྲོག་མང་ཚོགས་ཡིན།
2 སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་དང་དམིགས་གསལ་སྒོ་བསྟེན་སྨན་བཅོས་སྐོར་གྱི་གཏན་འབེབས།
(1)སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས།
སྨན་ཁང་དུ་མ་བསྡད་གོང་དང་ཡང་ན་སྨན་ཁང་ནས་དོན་རྗེས་ཉིན་བདུན་ཁུལ་ནང་སྒོ་བསྟེན་སྨན་བཅོས་བྱས་པའི་འགྲོ་སོང་ཞིང་འབྲོག་མང་ཚོགས་ཀྱི་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་འགན་འཁྲིའི་ཁོངས་སུ་ཚུད་ཡོད།
(2)དམིགས་གསལ་སྒོ་བསྟེན་སྨན་བཅོས།
དམིགས་གསལ་སྒོ་བསྟེན་སྨན་བཅོས་ནད་གཞི་རིགས་20ལ་གཏོགས་པའི་ནད་གཞིའི་སྒོ་བསྟེན་སྨན་བཅོས་འགྲོ་སོང་གི་བསྡོམས་འབོར་དེ་ལོ་རེའི་འགན་བཅོལ་འགན་འཁུར་དངུལ་ཚད་འགོ་འཛུགས་སའི་ཁ་གྲངས་ནས་བརྒལ་ཚེ། ཁ་གསབ་སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་གཏན་འཁེལ་ལྟར་གུན་གསབ་བྱ་ཆོག
བཞི་པ། ཞིང་འབྲོག་མང་ཚོགས་ཀྱི་སྨན་རིན་མཐོ་བའི་གསབ་སྣོན་སྨན་བཅོས་འགན་བཅོལ་གྱི་འགན་བཅོལ་དུས་ཡུན་དང་ཆེས་མཐོའི་འགན་བཅོལ་གྱི་དངུལ་རྩ། འགན་བཅོལ་དུས་ཡུན། 2011ལོའི་ཟླ་7པའི་ཚེས་1ནས་2012ལོའི་ཟླ་6པའི་ཚེས་30 2012ལོའི་ཟླ་7པའི་ཚེས་1ནས་2012ལོའི་ཟླ་12པའི་ཚེས་31 2013ལོའི་ཟླ་1པོའི་ཚེས་1ནས་2013ལོའི་ཟླ་12པའི་ཚེས་31ཁ་གསབ་དངུལ་ཚད་འགོ་ཚུགས་ས། སྒོར་50000 སྒོར་50000 སྒོར་60000གསབ་སྤྲོད་དངུལ་གྲངས་ཀྱི་བསྡུར་ཚད། 100% 100% 100%གུན་གསབ་དངུལ་འབོར་མཐོ་ཤོས། ནད་གཞི་ཚང་མར་སྒོར་70000 ཚབས་ཆེན་ནད་རིགས་20ནང་ཚུད་ལ་སྒོར་140000 གཞན་གྱི་ནད་ལ་སྒོར་70000 ནད་གཞི་ཚང་མར་སྒོར་70000
ལྔ་པ། ཞིང་འབྲོག་པའི་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་གསབ་དངུལ་ཇི་ལྟར་རྩིས་རྒྱག་གི་ཡོད་དམ།
ཁ་གསབ་སྨན་བཅོས་འགན་བཅོལ་གྱི་གསབ་དངུལ། =ཁྱོན་ཡོངས་ཀྱི་སྨན་རིན་འགྲོ་སོང་། -ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་གསབ་སྤྲོད་ཁྱབ་ཁོངས་དང་མི་མཐུན་པའི་འགྲོ་སོང། -ཁ་གསབ་སྨན་བཅོས་འགན་བཅོལ་གྱི་འགན་ཁུར་དངུལ་ཚད་འགོ་འཛུགས་སའི་དངུལ་གྲངས།
དཔེར་ན།
ཞིང་འབྲོག་པ་སྒྲོལ་མ་ཕོ་བའི་འབྲས་སྐྲན་ནད་ཀྱི་རྐྱེན་2012ལོའི་ཟླ་7པའི་ཚེས་5ནས་2012ལོའི་ཟླ་12པའི་ཚེས་4བར་སྨན་ཁང་ལ་སྨན་བཅོས་བྱས་ནས་བསྡད་པས་སྨན་རིན་ཁྱོན་བསྡོམས་སྒོར་ཁྲི་12ཕྱིན་པའི་ནང་ཞིང་འབྲོག་ཁུལ་གྱི་ལམ་ལུགས་གཏན་འཁེལ་གསབ་སྤྲོད་བྱེད་པའི་ཁྱབ་ཁོངས་ཀྱི་གནས་ཚུལ་དང་མི་མཐུན་པའི་འགྲོ་སོང་སྒོར་5000ཡོད། ད་ལྟ་འགན་བཅོལ་ཀུང་སིས་ཁོ་མོ་ལ་ཁ་གསབ་འགྲོ་སོང་རྩིས་ཞུ་ག་ཚོད་བྱེད་དམ།
རྩིས་རྒྱག་སྤྱི་འགྲོས།
120000(ཁྱོན་ཡོངས་ཀྱི་སྨན་རིན་)-5000(གསབ་སྤྲོད་ཁྱབ་ཁོངས་དང་མི་མཐུན་པའི་འགྲོ་སོང་)-50000(འགན་ཁུར་དངུལ་ཚད་འགོ་འཛུགས་ས་)120000-5000-50000=65000
ང་ཚོའི་ཀུང་སི་ནས་ཞིང་འབྲོག་པ་སྒྲོལ་མ་ལ་གུན་གསབ་དངུལ་འབོར་སྒོར་65000སྤྲད་རྒྱུ།
དྲུག་པ། འགྲོ་སོང་རྩིས་ཞུ་བྱེད་པའི་གོ་རིམ།
རིམ་པ་དང་པོ། ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྨན་བཅོས་ལམ་ལུགས་ཀྱི་མཉམ་བསྡུས་མ་རྩ་ནས་རྩིས་ཞུ་བྱ་རྒྱུ། ནད་སྡོད་དང་དམིགས་གསལ་སྒོ་བསྟེན་སྨན་བཅོས་བྱས་ཚེ་འགྲོ་སོང་གི་སྨན་འཛིན་དང་ཞིབ་ཕྲའི་འགྲོ་སོང་ཐོ། སྨན་ཁང་དུ་ཞུགས་པ་དང་དོན་པའི་བདེན་དཔང་ཡི་གེ ནད་གཞི་ངོས་འཛིན་བྱས་པའི་བདེན་དཔང་ཡི་གེ་སོགས་རྩིས་ཞུའི་རྒྱུ་ཆ་རྣམས་ཁྱེར་ཏེ་རྫོང་འཕྲོད་བསྟེན་ཅུས་ལ་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྨན་བཅོས་ལམ་ལུགས་ཀྱི་མཉམ་བསྡུས་མ་རྩ་ནས་རྩིས་ཞུ་བྱ་རྒྱུ།
རིམ་པ་གཉིས་པ། ཞིང་འབྲོག་པའི་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་ནས་རྩིས་ཞུ་བྱ་རྒྱུ། གལ་སྲིད་ཞིང་འབྲོག་པའི་སྨན་རིན་རྫོང་ཁག་གི་གཞི་རྩའི་སྨན་བཅོས་ལམ་ལུགས་ཀྱི་ཚད་དང་མཐུན་པའི་སྨན་རིན་འགྲོ་སོང་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་དངུལ་འབོར་ཁ་གྲངས་ནས་བརྒལ་ཚེ། རྫོང་འཕྲོད་བསྟེན་ཅུས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་ལམ་ལུགས་ཀྱི་ལས་གཉེར་པའི་རོགས་སྐྱོར་འོག་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་རྒྱུ་ཆ་རྣམས་མི་དམངས་རྒྱུ་ནོར་འགན་བཅོལ་བོད་ཡན་ལག་ཀུང་སིའི་བདེ་ཐང་འགན་བཅོལ་ལས་སྒོ་པུའུ་ལ་སྤྲད་རྒྱུ། མི་དམངས་རྒྱུ་ནོར་འགན་བཅོལ་ཀུང་སིའི་ལས་གཉེར་པས་རྩིས་བཤེར་བྱས་ནས་སྤྲོད་ངེས་པའི་གུན་གསབ་དངུལ་འབོར་ནད་པའི་དངུལ་འཛིན་ལ་རྒྱག་རྒྱུ། གལ་སྲིད་ང་ཚོའི་ཀུང་སིའི་ལས་གཉེར་པས་རྩིས་བཤེར་བྱེད་པའི་སྐབས། རྒྱུ་ཆ་མ་ཚང་བ་སོགས་བྱུང་ཚེ། ནད་པ་རང་ཉིད་ལ་འབྲེལ་བ་བྱས་ནས་གནས་ཚུལ་གསལ་བཤད་བྱ་རྒྱུ།
བདུན་པ། ཞིང་འབྲོག་པའི་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་བྱེད་པར་དཔྱད་ཡིག་གང་དགོས་སམ།
1 སྨན་ཁང་དུ་སྨན་བཅོས་སམ་ཡང་ན་དམིགས་བསལ་སྒོ་བསྟེན་སྨན་བཅོས་བྱས་པའི་འགྲོ་སོང་གི་སྨན་འཛིན་དང་ཞིབ་ཕྲའི་འགྲོ་སོང་ཐོ། སྨན་ཁང་དུ་ཞུགས་པ་དང་དོན་པའི་བདེན་དཔང་ཡི་གེ ནད་གཞི་ངོས་འཛིན་བྱས་པའི་དཔང་ཡིག་དམིགས་བསལ་སྒོ་བསྟེན་ངོས་འཛིན་གྱི་རེའུ་མིག སྨན་བཅོས་བྱེད་ས་བརྗེས་པའམ་སྨན་ཁང་བརྗེ་སྤོས་བྱས་པའི་བདེན་དཔང་ཡི་གེ ཤི་རྐྱེན་ཐེབས་པའི་བདེན་དཔང་ཡི་གེ་ཚང་མ་ཡོད་དགོས། བསྐྱར་དཔར་བྱས་པའི་རྒྱུ་ཆ་ལ་རྫོང་ཞིང་འབྲོག་ཁུལ་སྨན་བཅོས་ལས་གཉེར་སྡེ་ཁག་གི་སྤྱི་བསྒྲགས་ཐམ་ཀ་རྒྱག་དགོས།
2 ཞིང་འབྲོག་ཁུལ་གྱི་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་སྙན་ཞུའི་རེའུ་མིག་ནང་དོན་གསལ་པོར་བྲིས་ནས་རྫོང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལས་གཉེར་སྡེ་ཁག་གིས་སྤྱི་བསྒྲགས་ཐམ་ཀ་རྒྱག་དགོས།
3 ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འགྲོ་སོང་རྩིས་ཞུ་བྱེད་པའི་རྩིས་འགོད་ཤོག་ལྷེ། དེའི་བསྐྱར་དཔར་ལ་རྫོང་ཞིང་འབྲོག་ཁུལ་སྨན་བཅོས་ལས་གཉེར་སྡེ་ཁག་གི་སྤྱི་བསྒྲགས་ཐམ་ཀ་བཀོད་ནས་ཡར་སྤྲོད་དགོས།
4《ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་སྨན་བཅོས་རྩིས་ཐོ 》ནང་གི “ཁྱིམ་བདག་གི་སྤྱིར་བཏང་གནས་ཚུལ ”ཤོག་ལྷེ་དང་། ཁ་བསབ་བྱེད་ཡུལ་གྱི ”ཁྱིམ་ཚང་གི་གྲུབ་ཆའི་མིང་ཐོ ”ཡི་ཤོག་ལྷེ་བསྐྱར་དཔར་བྱས་ནས་སྤྲོད་དགོས།
5 རང་ཉིད་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་ཡང་ན་ཐེམ་ཐོའི་བསྐྱར་དཔར།
6 ནད་པ་རང་ཉིད་ཀྱི་དངུལ་ཁང་གི་གསོག་དངུལ་ལག་དེབ་ཀྱི་ཨང་གྲངས་ཡང་ན་དངུལ་ཁང་ཤོག་བྱང་གི་ཨང་གྲངས་དང་། ལག་དེབ། ཡང་ན་ཤོག་བྱང་ལེན་སའི་དངུལ་ཁང་གི་མིང་གསལ་པོ་འགོད་དགོས། གལ་ཏེ་ཁ་གསབ་བྱ་རྒྱུ་སྨན་བཅོས་འགྲོ་སོང་འགན་བཅོལ་བྱེད་ཡུལ་གྱི་མིའམ་ཁྲིམས་བཀོད་ཤུལ་འཛིན་བྱེད་མཁན་མིན་པར་མི་གཞན་ཡིན་ན། འགན་བཅོལ་བྱེད་ཡུལ་གྱི་མིའམ་ཁྲིམས་བཀོད་ཤུལ་འཛིན་བྱེད་མཁན་གྱི་མངགས་བཅོལ་ཞུ་ཡིག་འབྲི་དགོས་པ་མ་ཟད་མཛུབ་ཐེལ་རྒྱག་དགོས། འབྲེལ་བའི་ངོ་སྤྲོད་ཡི་གེ་ནི་སྤྱི་བདེ་ལས་ཁུངས་སམ་ཡང་ན་ཤང་སྲིད་གཞུང་གིས་འབྲི་དགོས།
7 ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་གསབ་སྤྲོད་ཁྱབ་ཁོངས་སུ་ཚུད་པའི་ལུས་ཕྱིའི་སྨན་སྐྱོན་བྱུང་ཚེ། སྨན་སྐྱོན་བྱུང་བའི་རྒྱུ་རྐྱེན་དཔང་ཡིག་དགོས་པ་དང་།
8 གལ་སྲིད་ནད་པ་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་བྱུང་བའི་རྐྱེན་གྱིས་ཤི་ཚེ། མི་དེའི་ཐེམ་ཐོ་བསུབ་པའི་དཔང་ཡིག་གམ། ཡང་ན་ཤི་བའི་བརྡ་ཐོ་བསྐྱར་དཔར་བརྒྱབ་སྟེ་སྤྲོད་དགོས།
བརྒྱད་པ། ཤི་སྐྱོན་ཕོག་པའི་མི་སྣའི་ཐེམ་ཐོ་བསུབ་པའི་དཔང་ཡིག ཤི་བའི་བརྡ་ཐོ། བློ་ཡུལ་ལས་འདས་པའི་རྨས་སྐྱོན་གནས་ཚུལ་གསལ་བཤད་དཔང་ཡིག
དང་པོ། སྨན་ཁང་ནས་ཕྱིར་ཐོན་བྱས་ནས་ཤི་སྐྱོན་ཕོག་ན་ཐེམ་ཐོ་ཞུགས་སའི་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ནས་ཤི་སྐྱོན་ཕོག་པའི་མི་སྣའི་ཐེམ་ཐོ་བསུབ་པའི་དཔང་ཡིག་འབྲི་དགོས། སྨན་ཁང་དུ་སྨན་བཅོས་བྱེད་སྐབས་ཤི་སྐྱོན་ཕོག་ན་སྨན་ཁང་ནས་བྲིས་པའི་ཤི་བའི་བརྡ་ཐོ་དགོས།
གཉིས་པ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་རྩིས་ཞུའི་ནང་ཚུད་པའི་ལུས་ཕྱིའི་རྨས་སྐྱོན་ཕོག་ཚེ་ཤང་སྲིད་གཞུང་ནས་བྲིས་པའི་གནས་ཚུལ་གསལ་བཤད་དཔང་ཡིག་དགོས།
དགུ་པ། དེ་མིན་གཟབ་ནན་བྱེད་དགོས་པའི་གནད་དོན།
དང་པོ། འགན་བཅོལ་བྱེད་ཡུལ་གྱི་མི་ཡི་འགན་བཅོལ་ཁ་གསབ་འགྲོ་སོང་རྩིས་ཞུའི་རེ་འདུན་ཞུ་སྐབས་ངེས་པར་དུ་སྨན་ཁང་ནས་དོན་པའམ་ཡང་ན་དམིགས་བསལ་སྒོ་བསྟེན་སྨན་བཅོས་རྫོགས་པའི་ཉིན་དེ་ནས་བཟུང་ལོ་ཧྲིལ་པོ་གཉིས་ནང་རྩིས་ཞུའི་རེ་འདུན་ཞུ་དགོས། གལ་སྲིད་དུས་ཚོད་དེ་ནས་ཡོལ་བ་ཡིན་ན་འགན་བཅོལ་ཀུང་སིས་ཁ་གསབ་འགན་མི་འཁུར།
གཉིས་པ། ཞིང་འབྲོག་ཁུལ་གྱི་སྨན་གྲོན་ཆེ་རིགས་ཁ་གསབ་སྨན་བཅོས་འགན་བཅོལ་སྙན་ཞུའི་རེའུ་མིག་ནང་ནད་པ་རང་ཉིད་ཡང་ན་ཁྱིམ་ཚང་གི་ཁ་པར་ཨང་གྲངས་གསལ་པོ་འབྲི་དགོས་པ་དང་། རྩིས་ཞུའི་དངུལ་མི་འབྱོར་གོང་ཁ་པར་ཤར་གཏོང་ཐུབ་པ་བྱ་དགོས།
གསུམ་པ། འགན་བཅོལ་འགྲོ་སོང་རྩིས་ཞུ་བྱེད་པའི་རྒྱུ་ཆ་དང་འབྲེལ་ཡོད་དཔང་ཡིག་ཚང་མ་སྤྲོད་སའི་ལས་ཁུངས་མིང་ལ “མི་དམངས་རྒྱུ་ནོར་འགན་བཅོལ་བོད་ཡན་ལག་ཀུང་སི ”ཟེར་བཀོད་དགོས།
བཞི་པ། སྨན་ཁང་ལ་སྨན་བཅོས་དང་ཡང་ན་དམིགས་བསལ་སྒོ་བསྟེན་སྨན་བཅོས་བྱེད་སྐབས། ནད་པའི་མིང་དེ་རང་ཉིད་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ཐེམ་ཐོའི་ནང་གི་མིང་དང་གཅིག་མཚུངས་དགོས།
གལ་ཏེ་ཁྱེད་ལ་ད་དུང་དོགས་འདྲི་བྱེད་དགོས་པའི་གནད་དོན་ཡོད་ན། ང་ཚོར་འབྲེལ་བ་གནང་རོགས།
ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་བོད་ཡན་ལག་ཀུང་སི་བདེ་ཐང་འགན་བཅོལ་ལས་སྒོ་པུའུ།
(ལྷ་ས་གྲོང་ཁྱེར་པེ་ཅིང་ནུབ་ལམ་ཨང་22)
འབྲེལ་གཏུག་ཁ་པར་ 0891-6838039
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣