དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་བསྡུ་བའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་ལས་རིགས་ལག་རྩལ་སློབ་གསོའི་འཕེལ་རྒྱས་ལ་ཆེས་མཐོའི་མཐོང་ཆེན་གནང་སྟེ། འདི་ལོའི་ཟླ་7པར་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཨང་དང་པོ་དེ་དབུ་བཪྙེས་ཤིང་། མིག་སྔར་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། 2012ལོར་ལྷ་ས་སློབ་གསོ་གྲོང་དུ་ཆེད་མངགས་མུའུ་300ལྷག་ཙམ་གྱི་སར་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཨང་གཉིས་པ་དེ་བཙུགས་པ་དང་སློབ་གྲྭ་དེ་ནི་གཞུང་གཉེར་ཉིན་ཧྲིལ་པོའི་ལམ་ལུགས་སློབ་སྡོད་སློབ་གྲྭ་ཞིག་ཡིན།

        གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གི་བླང་བྱ་ལྟར་ལྷ་ས་གྲོང་ཁྱེར་ འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཨང་དང་པོ་དེར་ལྷ་ས་གྲོང་ཁྱེར་གྱི་རྫོང་ཁག་བརྒྱད་པོའི་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་རྣམས་བསྡུས་ཤིང་། མིག་སྔར་སློབ་མ་མི་གྲངས་995ཡན་ཟིན་ཡོད། སློབ་མ་དེ་དག་ལ་རང་མི་རིགས་ཀྱི་རི་མོ་དང་། རྩིས་རྒྱག་འཕྲུལ་འཁོར་སྤྱོད་སྟངས། སྣེ་ཤན་ཞབས་ཞུ། གྱོན་ཆས་འཆར་འགོད་དང་ཐོན་སྐྱེད་བདག་གཉེར། ཁྱིམ་ཆས་འཆར་འགོད་དང་བཟོ་སྟངས། དམངས་ཁྲོད་སྲོལ་རྒྱུན་ལག་ཤེས། མི་རིགས་ཀྱི་རོལ་དབྱངས་དང་ཞབས་བྲོ། དེང་དུས་ཀྱི་ཞིང་ལས་ལག་རྩལ། ཡུལ་སྐོར་ཞབས་ཞུ་དང་དོ་དམ།

        ཁང་པའི་མཛེས་བཟོའི་འཆར་འགོད་བཅས་ལག་རྩལ་རྣམ་གྲངས་མི་འདྲ་བ་བཅུ་ཡི་སློབ་ཚན་གཉེར་ཡོད། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཨང་གཉིས་པར་འདི་ལོ་ནས་བཟུང་སློབ་མ་བསྡུ་རྒྱུ་ཡིན་པས། འཆར་གཞི་ལྟར་ན་སློབ་མ་མི་གྲངས་800ལྷག་ཙམ་བསྡུ་རྒྱུ་ཡིན་ཞིང་། དེར་མགྲོན་ཁང་ཞབས་ཞུ་དང་བདག་གཉེར། སྣེ་ཤན་ཞབས་ཞུ། རྩིས་རྒྱག་འཕྲུལ་འཁོར་གྱི་ངོས་སྙོམས་འཆར་འགོད། རྩིས་རྒྱག་འཕྲུལ་འཁོར་གྱི་དྲ་བའི་ལག་རྩལ། སྡེ་ལས་དོ་དམ། ཁྱིམ་ཚང་ཞབས་ཞུ། མཛེས་ལྗོངས་ཁུལ་དོ་དམ། རྒྱ་བཟས་བཟོ་སྟངས་བཅས་ཆེད་ལས་བརྒྱད་གཉེར་རྒྱུ་ཡིན།

        དང་པོ། ཐོ་བཀོད་ཆ་རྐྱེན།

        སློབ་གྲྭ་གཉིས་པོས་ད་ཆ་ལྗོངས་ཡོངས་ལ་ཁ་ཕྱོགས་ཏེ་གཤམ་གྱི་ཆ་རྐྱེན་ལྡན་པའི་སློབ་མ་བསྡུ་རྒྱུ་ཡིན།

        1. མེས་རྒྱལ་ལ་དགའ་ཞེན་དང་། ཁ་ཕྲལ་ལ་ངོ་རྒོལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར། བསམ་བློ་ཀུན་སྤྱོད་ལེགས་པ།

        2. དམའ་རིམ་སློབ་འབྲིང་ཡན་གྱི་ཆུ་ཚད་ལྡན་པའི་སློབ་མ།

        3.ལོ་20ལས་མི་བརྒལ་ཞིང་། ལས་རིགས་ལག་རྩལ་སློབ་གྲྭར་སྐྱོད་འདོད་ཡོད་པའི་གཞོན་ནུ་བཅས་ཡིན།

        གཉིས་པ། ཐོ་འགོད་དུས་ཚོད།

        ཟླ་9པའི་ཚེས་23དང་24ཉིན་ཐོ་འགོད་བྱ་རྒྱུ་ཡིན་ཞིང་། ཚེས་25ཉིན་ནས་སློབ་ཚན་འཚོག་རྒྱུ་ཡིན།

        གསུམ་པ། ཐོ་འགོད་ས་གནས།

        ལྷ་ས་སྣེའུ་ཧུང་ཅུན་སློབ་ཆུང (སྣེའུ་མཐོ་རིམ་སློབ་གྲྭའི་འགྲམ )དང་། སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་ཁུལ་དུ་གནས་པའི་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཨང་དང་པོའི་སློབ་བསྡུ་ལས་ཞུགས་ཁོའོ། རྫོང (ཆུས )ཁག་གི་སློབ་གསོ་ཅུས་ལ་ཐོ་འགོད་ཀྱང་བྱས་ཆོག

        བཞི་པ། སློབ་མའི་ཐོབ་ཐང་།

        1.སློབ་སྡོད་སློབ་མའི་ཐོབ་ཐང་། ཉིན་ཧྲིལ་པོའི་སློབ་སྡོད་དང་། སློབ་ཡོན། འཚོ་བའི་འགྲོ་གྲོན་བཅས་གང་ཡང་མི་དགོས་ལ་གྲོང་ཁྱེར་ནོར་སྲིད་ནས་ཆེད་མངགས་མི་རེར་ཉིན་རེར་དངོས་སྦྱོང་ཁ་གསབ་སྒོར་5སྤྲོད་རྒྱུ་ཡིན།

        2.སློབ་ཐོན་སློབ་མའི་ཐོབ་ཐང་། གཏན་འབེབས་གཞིར་བཟུང་སློབ་ཚན་ཚང་མ་འཇུག་འགྲིལ་རྗེས་ཚད་གཞི་ལོན་རྗེས་འབྲིང་རིམ་ཆེད་ལས་ཐོན་པའི་སློབ་ཐོན་ལག་ཁྱེར་སྤྲོད་རྒྱུ་དང་། སློབ་གྲྭ་ཐོན་རྗེས་ག་སྦྱར་ལག་རྩལ་སློབ་གྲྭ་ཆེ་མོ་དང་། ཡང་ན་མཐོ་རིམ་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་ཆོག་ལ། ལས་ཀ་མཚམས་སྦྱོར་བྱེད་པ་དང་ཡང་ན་རང་གིས་ལས་ཀ་འཚོལ་ཡང་ཆོག

        ལྔ་པ། འབྲེལ་གཏུག་བྱེད་ཐབས།

        ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ལས་རིགས་ལག་རྩལ་ཁོའོ།

        སྒྲོལ་དཀར། ཁ་པར། 13989994090

        ཁ་པར། 08916339414

        ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཨང་དང་པོ།

        ཀྲང་བྱང་ཡིང་། ཁ་པར། 13989013401

        ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཨང་གཉིས་པ།

        ཡུས་ཁྲའོ། ཁ་པར། 13518908898

                                                    ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས།

                                                         2013ལོའི་ཟླ་9ཚེས་12ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།