དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱིས་རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་རིང་རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱིས་རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཚན་པའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ངོས་འཛིན་དང་མྱོང་ཚོར་གླེང་སྟེ་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་གྱི་ཆེས་གལ་ཆེའི་རང་བཞིན་དང་དངོས་ཡོད་ཀྱི་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་ཆེ་རུ་བཏང་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་བ་རེད།

        རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་དུས་ཐོག་ཏུ་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་འཕྲལ་མར་བརྒྱུད་བསྒྲགས་སློབ་སྦྱོང་དང་ལྗོངས་ཏང་ཨུད་རྒྱུན་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་ལས་དོན་ཁག་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་འབྲེལ་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཡག་པོ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་དང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

        བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་ཚད་མཐོའི་མཐོང་ཆེན་གྱིས་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཁར “དར་ཆ་མཐོན་པོར་བསྒྲེངས་བ་དང་། སྤྱི་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་ཞུ། སྒྱུར་བཅོས་གསར་གཏོད ”བཅས་ཀྱི་སྤྱིའི་བླང་བྱ་ལྟར་སླད་ཕྱིན་གྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་སྤེལ་རིང་ཚགས་པར་ལས་ཁུངས་ཀྱིས་བཏོན་པའི “ལྟེ་བ་དང་དེ་བས་ཉེ་བཅར་དང་། གཞི་རིམ་དང་དེ་བས་ཉེ་བཅར། དོ་གནད་དང་དེ་བས་ཉེ་བཅར། དམངས་འཚོ་དང་དེ་བས་ཉེ་བཅར ”བཅས་ཀྱི་ཞིབ་ཕྲའི་བླང་བྱ་སྔར་བས་དོན་འཁྱོལ་བྱས་ཏེ་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་དམིགས་སའི་རང་བཞིན་དང་། དུས་ཚོད་རང་བཞིན། བློ་ཡིད་འགུགས་ནུས་བཅས་ཆེ་རུ་བཏང་ཡོད་པ་རེད།

        ལྗོངས་རིག་གནས་ཐིང་གིས་རིག་གཞུང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་། ཐིང་ཏང་ཙུའི་རྒྱ་ཆེའི་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཚོགས་འདུའི་དགོངས་དོན་ཐིང་ཁོངས་གཏོགས་ཀྱི་སྡེ་ཚན་ཁག་ཏུ་བརྒྱུད་སྤྲོད་བྱས་ཏེ་ཐིང་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོས་ཁྲིད་སྟོན་ཡང་དག་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ལྗོངས་རིག་གནས་ཐིང་གིས་ད་དུང་ཆེད་མངགས་ཚན་ཁག་བཙུགས་ཏེ་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་དང་རིག་གནས་འཛུགས་སྐྱོང་ཐད་ལྷག་པའི་དཀའ་གནད་འཚོལ་ཞིབ་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཚན་རིག་དང་མཐུན་པའི་ངང་བཏོན་ནས་རིག་གནས་འཛུགས་སྐྱོང་དང་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་མེད་པ་བཟོས་ཏེ་རིག་གནས་སྟོབས་ཆེའི་ལྗོངས་བསྐྲུན་རྒྱུའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བསམ་ཕྱོགས་སྔར་བས་གསལ་བཟོ་བྱས་པ་རེད།

        ལྗོངས་རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་ཅུས་ཀྱིས་ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་སློབ་སྦྱོང་བྱ་རྒྱུ་དེ་གོ་སྐབས་སུ་བྱས་ནས་དྲིལ་བསྒྲགས་ཆེ་མོའི་ལས་དོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་ལྗོངས་ཀྱི་རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་རབ་དང་རིམ་པར་ཞིབ་འཇུག་གཏིང་ཟབ་བྱེད་པ། རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་གྱི་གླེང་ཕྱོགས་ལ་ཁྲིད་སྟོན་དང་། གསར་འགྱུར་དྲིལ་བསྒྲགས། བདེ་འཇགས་ངང་སྟོན་པ། བྱ་གཞག་དང་ཐོན་ལས་འཛུགས་སྐྱོང་། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས། ལས་རིགས་དོ་དམ། ལས་བྱེད་དཔུང་ཁག་འཛུགས་སྐྱོང་། དྲ་རྒྱའི་སྨྱན་སྦྱོར་གསར་པའི་དོ་དམ་སོགས་ལས་དོན་ཁག་ལ་དམ་འཛིན་ལྷོད་མེད་བཅས་བྱས་ཏེ་བོད་ལྗོངས་རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་གྱི་འཐབ་ས་དེ་བརྟན་སྲུང་གིས་རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་གྱི་འགོ་ཁྲིད་བྱེད་དབང་དང་། དོ་དམ་བྱེད་དབང་། སྐད་ཆ་ཤོད་དབང་བཅས་སྟངས་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ལངས་ཏེ་བསམ་བློ་གཏིང་ཟབ་དང་། ཕུགས་ལ་དམིགས་པ། གསར་གཏོད་གསར་འབྱེད་བཅས་བྱས་ཡོད་ལ་བསམ་ཕྱོགས་གསར་པ་དང་། འདུ་ཤེས་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་པས་དུས་བབ་གསར་པའི་འོག་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པའི་ངོས་འཛིན་ཡོད། ཚང་མས་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་སྟེ་གསུང་བཤད་ཀྱི་དགོངས་དོན་དེ་མཛུབ་ཁྲིད་དུ་བྱས་ཐོག་རིག་རྩལ་གྱི་བརྩམས་ཆོས་རྩེ་གྲ་གཏོད་རྒྱུར་སྐུལ་འདེད་ཀྱིས་རིག་རྩལ་ལས་ཀའི་འགན་འཁྲི་ཁག་ནུས་ཤུགས་ཡོད་རྒུས་ལེགས་གྲུབ་བྱས་ཏེ་རིག་རྩལ་གྱིས་སྤྱི་ཡོངས་ལ་ཞབས་ཞུ་དང་གཞི་རིམ་ལ་ཞབས་ཞུ་བྱས་ཐོག་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

        རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་ཅུས་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོའི་ཚོགས་ཆེན་འཚོགས་ནས་རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ནས་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་གསར་འགྱུར་དཔེ་སྐྲུན་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་ཀའི་བསམ་ཕྱོགས་ཁ་གསལ་དུ་གཏོང་བ་དང་། ལས་ཀའི་བྱེད་ཐབས་གསར་གཏོད་བྱེད་པ། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། གསར་འགྱུར་དཔེ་སྐྲུན་དང་པར་དབང་དོ་དམ་དང “འཆལ་རྡུང་ལོག་སེལ ”གྱི་ལས་དོན་ཁག་ཏན་ཏིག་སྒྲུབ་པ། ཁྲིད་སྟོན་དང་གཡུལ་ས་དོ་དམ་ཡག་པོ་བྱེད་པ། གཡུལ་ས་ཡག་པོ་སྲུང་བ་བཅས་བྱས་ནས་གསར་འགྱུར་དཔེ་སྐྲུན་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

        རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ལས་བྱེད་ལས་བཟོས་སློབ་སྦྱོང་བྱེད་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་རང་རྟོགས་ངང་བསམ་བློའི་ཐད་རིགས་པ་དྭངས་གསལ་དང་། ངོས་འཛིན་ཐད་གཅིག་གྱུར། བྱ་སྤྱོད་ཐད་རང་འགུལ་བཅས་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས་སྲོལ་རྒྱུན་གྱི་བསམ་གཞིག་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བ་དང་། བྱེད་ཐབས་གསར་པ་གཏོད་པ། རིག་གཞུང་སྐད་ཡིག་གི་མ་ལག་སྤྱོད་པ། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། བོད་ཀྱི་འཕེལ་རྒྱས་དྲིལ་བསྒྲགས་བྱེད་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་རྒྱུ་དར་སྤེལ་གཏོང་བ། དྲང་ནུས་གཅིག་ཏུ་བསྡུས་པ་བཅས་བྱས་ནས་འདུ་ཤེས་འཛིན་སྟངས་ཐད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྲ་བརྟན་དུ་གཏོང་བ་དང་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

        

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།