དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་དབྱང་ཕུང་ཉན་སྐུ་གཤེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡག་པོ་དང་པེ་ཅིང་དུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་མཐུན་དབྱང་ཕུང་ཉན (རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་རིམ་པའི་སྨན་བཅོས་ཐོབ་ཐང་ལོངས་སུ་སྤྱོད་པ )སྙུན་གཞི་ཕོག་པའི་རྐྱེན་གྱིས་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་2013ལོའི་ཟླ་9ཚེས་1ཉིན་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་87ལ་ཕེབས་ཡོད་པ་རེད།

        བློ་མཐུན་དབྱང་ཕུང་ཉན་1927ལོའི་ཟླ་8པར་ཧྲན་ཤིས་ཁྲང་ཀྲིར་འཁྲུངས་པ་དང་། 1945ལོའི་ཟླ་9པར་གསར་བརྗེར་ཞུགས་། 1946ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྔ་རྗེས་སུ་ཧུའུ་ནན་ཞིང་ཆེན་རུང་ཤའོ་དང་། དམངས་སྲིད་ཐིང་གོད་གསོས་གཟིགས་སྐྱོང་ཁྲུའུ། འགན་བཅོལ་ཀུང་སི་སོགས་སུ་ཕྱག་ལས་གནང་མྱོང་ཡོད། 1956ལོའི་ཟླ་5པར་བོད་དུ་ཕེབས་ནས་བོད་ལྗོངས་ལས་དོན་ཨུ་ལྷན་འཆར་འགོད་ཅུས་ཀྱི་ཁོའོ་ཀྲང་དང་། འགྲིམ་འགྲུལ་ཁྲུའུ་ནོར་སྲིད་ཁོའོ་ཡི་ཁོའོ་ཀྲང་། པེ་ཅིང་དུ་བཅའ་སྡོད་དོན་གཅོད་ཁྲུའུ་དངོས་རྫས་ཁོའོ་ཡི་ཁོའོ་ཀྲང་། དཔལ་འབྱོར་འཆར་འགོད་ཨུ་ལྷན་གྱི་དངོས་རྫས་ཅུས་ལིའུ་ཡོན་ཕྱོགས་བསྡུས་ཀུང་སིའི་ཅིང་ལི། དངོས་རྫས་ཅུས་ཀྱི་ཅུས་ཀྲང་གཞོན་པ། པེ་ཅིང་དུ་བཅའ་སྡོད་དོན་གཅོད་ཁྲུའུ་གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། པེ་ཅིང་དུ་བཅའ་སྡོད་དོན་གཅོད་ཁྲུའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཀྱི་འགན་བཞེས་མྱོང་ཡོད། 1991ལོའི་ཟླ་5བར་རྩ་འཛུགས་པུའི་ཆོག་མཆན་ཐོབ་པ་བརྒྱུད། ལས་འཁྱུར་ངལ་གསོ་བསྐྱོན་གནང་བ་རེད། 2009ལོའི་ཟླ་9པར་ཀྲུང་དབྱང་རྩ་འཛུགས་པུའི་ཆོག་མཆན་ཐོབ་པ་བརྒྱུད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རིམ་པའི་སྨན་བཅོས་ཐོབ་ཐང་ལོངས་སྤྱོད་ཐུབ་ཡོད་པ་རེད།

        ཁོང་སྐུ་གཤེགས་པ་དེས་ང་ཚོར་ཏང་ཡོན་ཡག་པོ་དང་བློ་མཐུན་ཡག་པོ་ཞིག་མེད་པར་གྱུར།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།