དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ལོ་སྟོད་དུ་གཞིས་རྩེའི་གྲོང་ཚོར་བཅའ་སྡོད་ལས་དོན་གོ་རིམ་ལྡན་པ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལས་དོན་རུ་ཁག་ཁག་གཉིས་པའི་ལས་དོན་སྤེལ་ཚུན། གཞིས་རྩེ་ས་ཁུལ་གྱི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་བསྟར་རྒྱུ་གཙོ་རྐང་དུ་བྱས་ཏེ་སྔར་ལས་ལྷག་པའི་ངང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་མཐིལ་རྟོགས་བྱེད་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་སྟོན་བྱེད་པ། རྨང་གཞི་བརྟན་པོ་འདིང་བ། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྨང་གཞིའི་ལས་དོན་ལེགས་པར་སྒྲུབ་པ། ལས་ཀའི་བྱ་ཐབས་འཐུས་ཚང་དུ་གཏོང་བ། ཏན་ཏིག་དང་ཕན་འབྲས་ལྡན་པའི་ངང་ལས་དོན་ཁག་སྤེལ་བ་བཅས་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

        ཏང་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས་གཞི་རིམ་གྱི་རྩ་འཛུགས་རྨང་གཞི་དེ་བས་བརྟན་དུ་བཏང་ཞིང་། ལོ་སྟོད་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ (གྲོང་ལྷན )ལ་ཏང་ཞུགས་ཧུར་བརྩོན་ཅན་4468གསོ་སྦྱོང་བྱེད་རོགས་བྱས་པ་དང་ཏང་ཡོན་2333འཕེལ་རྒྱས་བཏང་བ་དང “གསོ་སྦྱོང་གསུམ ”བྱ་ཡུལ་མི་གྲངས་3857གཏན་འཁེལ་བྱས་པ་དང་། གྲོང་ཚོ (གྲོང་ལྷན )ལ་གྲོང་སྲོལ་དམངས་ཆིངས་7300བཟོ་རོགས་དང་འཐུས་ཚང་དུ་གཏོང་རོགས་བྱས་པ་དང་། ཏང་དོན་དང་གྲོང་དོན་ཡོངས་བསྒྲགས་ལམ་ལུགས་ཁག་4886བཟོས་པ་དང་འཐུས་ཚང་དུ་གཏོང་རོགས་བྱས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་6593བཟོ་རོགས་བྱས་པ། གཞི་རིམ་ལ་ཏང་ནང་ཁུལ་གྱི་སྐུལ་ལྕག་སེམས་ཁུར་རོགས་སྐྱོར་དངུལ་སྒོར་ཁྲི་225.1དོན་འཁྱོལ་ཐུབ་རོགས་བྱས་ཡོད་པ་རེད།

        བརྟན་ལྷིང་ལ་དམ་འཛིན་ནན་པོ་བྱས་ནས་སྤྱི་ཚོགས་དུས་བབ་དེ་བས་བརྟན་དུ་བཏང་ཞིང་། ལོ་སྟོད་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཁ་ཕྲལ་ལ་ངོ་རྒོལ་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཐེངས་9673སྤེལ་བར་མང་ཚོགས་མི་ཐེངས་ཁྲི་78.3ཞུགས་ཡོད་པ་དང་། སྤྱི་ཚོགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་2470གྲལ་བཤེར་བྱས་པ། ཤང་དང་གྲོང་ཚོ་དབར་གྱི་རྩྭ་ར་དང་། ཆུ་འགོ་སོགས་ཀྱི་འགལ་བ་དང་རྩོད་གཞི་522འདུམ་འགྲིག་ཐག་གཅོད་བྱས་པ། གྲོང་ཚོ (གྲོང་ལྷན )ལ་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ལམ་སྲོལ་ཁག་5636འཐུས་ཚང་དུ་གཏོང་རོགས་བྱས་ཡོད་པ་རེད།

        འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱས་ནས་ཕྱུག་འགྱུར་ལམ་བུ་དེ་བས་རྒྱ་ཆེར་བཏང་ཞིང་། ལོ་སྟོད་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོར (གྲོང་ལྷན )འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁག་6829བཟོ་རོགས་བྱས་པ་དང་། འཕེལ་རྒྱས་ཀྱི་ཐབས་ལམ་2628འཚོལ་ཞིབ་བྱེད་རོགས་བྱས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཁག་2723བཟོ་རོགས་དང་ལག་ལེན་བསྟར་རོགས་བྱས་པ། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དངོས་ཚན་804དང་མཉམ་ལས་རྩ་འཛུགས་དངོས་ཚན་483འཕེལ་རྒྱས་གཏོང་རོགས་བྱས་པ། ངལ་ནུས་ཕྱིར་གཏོང་མང་ཚོགས་ཁྲི་6.7བྱས་པ། དངུལ་སྨར་ཡོང་འབབ་སྒོར་ཁྲི་9151.8མང་དུ་གཏོང་རོགས་བྱས་ཡོད་པ་རེད།

        དམངས་འཚོར་དམ་འཛིན་ནན་པོ་བྱས་ནས་མང་ཚོགས་ལས་དོན་དེ་བས་གཏིང་ཟབ་སྤེལ་ཞིང་། ལོ་སྟོད་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོར (གྲོང་ལྷན )དམངས་འཚོའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཁག་8648ཐག་གཅོད་བྱེད་རོགས་བྱས་པ་དང་། མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་ཁྲི་43.9སྒྲུབ་རོགས་བྱས་པར་མ་དངུལ་སྒོར་ཁྲི་3255.7བཏང་བ། མང་ཚོགས་6850ལ་ལས་ཀ་འཚོལ་རོགས་བྱས་པ། ཚན་རྩལ་དང་རིག་གནས་གཤམ་སྤེལ་གྱི་བྱེད་སྒོ་ཐེངས་2907སྤེལ་བ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་8.9ལ་འཚམས་འདྲི་བྱས་པ་དང་། སྒོར་ཁྲི་970.5རི་བའི་འཚམས་འདྲིའི་དངུལ་དང་འཚམས་འདྲིའི་དངོས་རྫས་སྤྲད་ཡོད་པ་རེད།

        དྲིལ་བསྒྲགས་ལ་དམ་འཛིན་ནན་པོ་བྱས་ནས་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་བཏང་ཞིང་། ལོ་སྟོད་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས “ཕྱུག་པོ་ཆགས་ལུགས་དྲན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། བརྟན་ལྷིང་ཡོང་བ་བྱེད་པ། གོང་འཕེལ་གཏོང་ཐབས་བྱེད་པ ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཐེངས་7374རྒྱ་ཁྱབ་ངང་སྤེལ་བ་དང་། སྲིད་ཇུས་དྲིལ་བསྒྲགས་བྱེད་སྒོ་ཐེངས་7157སྤེལ་བར་མང་ཚོགས་ལ་སློབ་གསོ་ཐེབས་ཚད་100%ཟིན་པ། མང་ཚོགས་མི་ཐེངས་ཁྲི་73.1ཞུགས་པའི་སྤྱི་ཚོགས་གསར་ཪྙིང་བསྡུར་བའི་བྱེད་སྒོ་སྤེལ་བ། མང་ཚོགས་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་ཐེངས་8115བྱས་པ། དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་ཐེངས་ཁྲི་1.8བྱས་ཡོད་པ་རེད།

        རྣམ་གྲངས་ལ་དམ་འཛིན་ནན་པོ་བྱས་ནས་རྨང་གཞིའི་སྒྲིག་བཀོད་དེ་བས་འཐུས་ཚང་དུ་བཏང་ཞིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་ཚད་བརྒལ་ཡོང་གཞིར་བྱས་ནས་སྔར་ལས་ལྷག་པའི་ངང་གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་འཐུས་ཚང་དུ་བཏང་ཡོད། འདི་ལོ་རང་སྐྱོང་ལྗོངས་ཀྱིས་གཞིས་རྩེ་ས་ཁུལ་ལ “མ་དངུལ་གཏོང་ཉུང་ལ་དུས་ཡུན་ཐུང་བ་དང་ཕན་འབྲས་ཐོན་མྱུར་བའི ”རྣམ་གྲངས་ཀྱི་ཆེད་དོན་ཁ་གསབ་རོགས་དངུལ་སྒོར་ཁྲི་12632དང་ས་ཁུལ་གྱི་བསྡུ་སྒྲིལ་ལྷན་སྦྱར་མ་དངུལ་སྒོར་ཁྲི་2137སྤྲད་པ་དང་། མིག་སྔར “མ་དངུལ་གཏོང་ཉུང་ལ་དུས་ཡན་ཐུང་བ་དང་ཕན་འབྲས་ཐོན་མྱུར་བའི ”རྣམ་གྲངས་450ལ་ཞིབ་མཆན་ཐོབ་ནས་ལག་ལེན་བསྟར་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།