
བློ་མཐུན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་འདས་པོའི་སྐུ་པར།
ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་བློས་ཐུབ་དང་། ཏང་དང་ཡུན་རིང་བྱ་བ་མཉམ་ལས་གནང་མཁན་གྱི་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་རིང་ལུགས་པ། བོད་རང་སྐྱོང་ལྗོངས་སྐབས་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་བློ་མཐུན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་ནུས་མ་ཐོན་པར་2013ལོའི་ཟླ་8ཚེས་15ཉིན་གྱི་ཆུ་ཚོད་8དང་སྐར་མ་45ཐོག་ལྷ་སར་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་92ལ་ཕེབས་ཡོད།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།
2013ལོའི་ཟླ་8་ཚེས་15ཉིན།